༄༅།།ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་སྐབས་ ༡༦ མཚན་གཞུང་།
གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པ་ཚོ་ལ་སྙིང་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། འབྱུང་འགྱུར་ཁམས་པའི་སྨྱུག་ཚོགས་ཀྱི་ལས་དོན་ཡོངས་ལམ་ལྷོངས་ལེགས་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་བཞིན་ཡོད། དེ་བཞིན་ཐེངས་འདིའི་ཁམས་པའི་སྨྱུག་ཚོགས་སྐབས་༡༦ པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ལམ་ལྷོང་ལེགས་འགྲུབ་བྱུང་བར་སོང་འོས་བསྡུའི་ཆ་ཤས་ལེན་མཁན་ཚོགས་མི་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། བོད་རྒྱལ་ལོ།
ཁམས་པའི་སྨྱུག་ཚོགས་སྐབས་༡༥ པའི་རྒྱུན་ལས་ཀྱིས་ཕྱི་ལོ་༢༠༢༣ ཟླ་༨ ཚེས་༢༩ ཉིན་ཕུལ།