ང་ཚོའི་སྐོར།

ཁམས་པའི་སྨྱུག་ཚོགས་ཀྱི་བྱུང་རིམ་མདོར་བསྡུས།

༧ འཕགས་མཆོག་འཇིག་རྟེན་དབང་ཕྱུག་༧ གོང་ས་ལྷ་མིའི་རྣམ་འདྲེན་ ༧ སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེར་དམིགས་ཏེ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢ པའི་སྐབས་དང་བསྟུན། ངེད་ཁམས་པའི་སྨྱུག་འཛིན་པ་དགེ་བཤེས་ཕུར་བུས་བརྩམས་གནང་བའི་<< ས་ནག་གི་ང་རོ།>> དང་འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བརྩམས་གནང་བའི་<<བྲང་གཞུང་གི་ང་རོ། >> སློབ་དཔོན་འཆར་ར་དྲི་མེད་རྒྱལ་མཚན་གྱིས་བརྩམས་གནང་བའི << ས་མཐའི་ང་རོ། >> བཅས་དེབ་གསུམ་སྤྱི་ལོ་ ༢༠༡༢།༡༢།༡༥ ཉིན་ཁམས་པའི་སྨྱུག་འཛིན་པ་དང་ཆེད་བཅར་མི་སྣ་སུམ་ཅུ་ཙམ་མཉམ་ཞུགས་ཀྱིས་དབུ་འབྱེད་མཛད་སྒོ་གནང་། དགེ་བཤེས་ཕུར་བུ་དང་འཇིགས་བྲལ་བསྟན་འཛིན་གཉིས་ཀྱིས་ཞལ་ལག་སྦྱིན་བདག་གནང་། ཉིན་དེར་ཁམས་པའི་སྨྱུག་འཛིན་གྱི་ཚོགས་སྡེ ཞིག་དགོས་གལ་ཡོད་པར་དགོངས་ཚུལ་དམིགས་ཡུལ་གཅིག་མཚུངས་བྱུང་སྟེ་གང་མགྱོགས་ཁམས་རིགས་ཀྱི་སྨྱུག་ཐོགས་པ་བསྡུ་རུབ་བྱེད་འཆར་དང་ཁམས་པའི་སྨྱུག་ཚོགས་ཞེས་པའི་སྨྱུག་འཛིན་པའི་ཚོགས་སྡེ་གསར་དུ་འཛུགས་དགོས་ཚུལ་གྱི་གྲོས་མཐུན་གྱི་སྒྲོམ་གཞི་ཆེས་ཐོག་མ་བྱུང་། སླར་ཡང་། སྤྱི་ལོ ༢༠༡༣ ། ༣། ༡༦ ཉིན་ཁམས་པའི་སྨྱུག་འཛིན་པ་གང་མང་ལྷན་འཛོམས་དང་སྦྲགས་འབྱུང་འགྱུར་སྨྱུག་ཐོགས་པའི་ལམ་ཕྱོགས་དང་མདུན་སྐྱོད་ཇི་ལྟར་དགོས་མིན་གྱིས་གྲོས་མོལ་བྱས་མཐར།<<ཁམས་པའི་སྨྱུག་ཚོགས>>གསར་བཙུགས་གནང་ཡོད་པ་དང་སྨྱུག་ཚོགས་ཀྱི་སྒྲིག་གཞིའི་གྲོས་འཆར་བཏོན་པ་དང་སྒྲིག་གཞིའི་རྩ་འཛིན་ཡིག་ཆ་གཏན་འབེབས་བྱས་པ་མ་ཟད། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་ཚོས་འོས་ཤོག་འཕེན་ནས། <<ཁམས་པའི་སྨྱུག་ཚོགས་>>ཀྱི་སྐབས་དང་པོའི་རྒྱུན་ལས་ཀྱི་ཚོགས་གཙོ་ཆོས་ཉིད་འོད་ཟེར་དང་ཚོགས་གཞོན་འཆར་ར་དྲི་མེད་རྒྱལ་མཚན། དྲུང་ཆེ་བཀྲ་ཤིས་བདེ་ལེགས་བཅས་གདམ་སྒྲུག་བྱས། དུས་དེ་ནས་བཟུང་<<ཁམས་པའི་སྨྱུག་ཚོགས་>>དབུ་བརྙེས་པའི་དུས་གཏན་རྒྱས་བཅད་ཀྱིས་ད་ལྟའི་བར་དུ་རྒྱུན་ལས་སྐབས་ ༡༣ པ་བར་དུ་ཟམ་མི་ཆད་པར་འགྲོ་མུས་ཡིན། ཟླ་རེེར་བརྗོད་གཞི་ཅི་རིགས་ཐོག་ནས་བགྲོ་གླེང་། ཁྱད་པར་དུ་ཟླ་རེར་མཁས་དབང་གདན་ཞུ་ཐོག་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་གསར་བཙུགས་བྱས་ནས་བཟུང་ད་ལྟའི་བར་དུ་འགྲོ་མུས། སྤྱི་ལོ ༢༠༡༣། ༣། ༢༠ ཉིན་<<ཁམས་པའི་སྨྱུག་ཚོགས།>>ཞེས་པའི་སྐད་འཕྲིན་ཚོགས་པ་གསར་བཙུགས་བྱས། སྤྱི་ལོ ༢༠༡༣། ༨། ༢༥ ཉིན་སྐབས་ ༢ པའི་རྒྱུན་ལས་ཚོགས་གཙོ་ཆབ་མདོ་ཤེས་རབ། ཚོགས་གཞོན་མདོ་སྟོད་སྤྱི་འཐུས་བློ་བཟང་གྲགས་པ། དྲུང་ཆེ་འཇིགས་བྲལ་བསྟན་འཛིན་སྐབས་སུ་ཁམས་པའི་སྨྱུག་ཚོགས་ཀྱི་སྒྲིག་གཞིའི་ཚིག་བརྗོད་རྙིང་པ་དང་ཚིག་བརྗོད་གསར་པའི་བསྐྱར་ཞིབ་ཀྱིས་ཁྲིམས་འཆར་གསར་བཅོས་བྱས། སྤྱི་ལོ ༢༠༡༣། ༡༢། ༢༤ ཚོགས་མི་བཅུ་དྲུག་ལྷན་འཛོམས་ཀྱིས་འབྱུར་འགྱུར་ཁམས་པའི་སྨྱུག་ཚོགས་ཀྱི་ལམ་ཕྱོགས་དང་འབྲེལ་བའི་ཐོག་གོ་བསྡུར་བྱས། སྤྱི་ལོ་ ༢༠༡༦ ལོར་སྐབས ༧ པའི་རྒྱུན་ལས་ཚོགས་གཙོ་བྱ་ཁྲ་བསོད་ནམས་ཚེ་རིང་། ཚོགས་གཞོན་རག་ཤུལ་ཐུབ་བསྟན་དངོས་གྲུབ། དྲུང་ཆེ་ཧོར་བྷ་དཀོན་མཆོག་དར་རྒྱས་བཅས་ཀྱི་སྐབས་སུ་ཁམས་པའི་སྨྱུག་ཚོགས་ཀྱི་ལས་རྟགས་ཤིག་དགོས་གལ་མཐོང་ནས། ཚོགས་མི་ཚོས་ལས་རྟགས་ཇི་ལྟར་དགོས་མིན་ཐད་ལ་སོ་སོས་སྒྱུ་རྩལ་དང་མཐུན་པའི་སྒོ་ནས་རི་མོའི་མཛེས་ཆོས་དང་ཁམས་པའི་ཡུལ་ལུང་མཚོན་དོན་ཚང་མིན་ཐད་ལ་ཞིབ་བཤེེར་སྐབས་སུ་དགེ་བཤེས་ཕུར་བུས་བྲིས་པའི་རི་མོ་དེ་སྤྱི་མོས་ཀྱིས་གདམ་སྒྲུག་གནང་ནས་ཁམས་པའི་སྨྱུག་ཚོགས་ཀྱི་ལས་རྟགས་སུ་གཏན་འབེབས་བྱས། སྤྱི་ལོ ༢༠༡༧ ལོར་རྒྱུན་ལས་སྐབས ༨ པའི་ཚོགས་གཙོ་རིན་ཆེན་དབང་ཕྱུག་གམ་སྙིང་མིག ཚོགས་གཞོན་སྟག་ལྗོངས་འཆི་མེད། དྲུང་ཆེ་བསོད་ནམས་ནོར་བུའམ་འཛུམ་བཅས་ཀྱི་སྐབས་སུ་<<འབྲི་ཆུ>>དུས་དེབ་ཐེངས་དང་པོའི་རྩོམ་ཡིག་བསྡུ་རུབ་དང་པར་སྐྲུན་བྱས། སྐབས་ ༩ པའི་རྒྱུན་ལས་གསར་པ་ཚོགས་གཙོ་དགེ་བཤེས་ཕུར་བུ་དང་། ཚོགས་གཞོན་ཚངས་ཐིག དྲུང་ཆེ་གསེར་རྟ་ཐུབ་བསྟན་བཀྲ་ཤིས་(དབུས་མདོ་ཁསམ་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་དྲུང་ཆེ།)བཅས་ཀྱི་སྐབས་སུ་ཁམས་པའི་སྨྱུག་ཚོགས་ཀྱི་<<འབྲི་ཆུ།>>ཞེས་པའི་དུས་དེབ་ཐེངས་དང་པོ་སྤྱི་ལོ ༢༠༡༧ ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ པ་གནང་སྐབས་དང་སྟབས་བསྟུན་ནས་འགྲེམས་སྤེལ་བྱས། སྤྱི་ལོ ༢༠༡༩ །༧།༡ ཉིན་སྔར་ཡོད་སྒྲིག་གཞིར་བསྐྱར་བཅོས་ཕྲན་བུ་དང་ཁ་སྣོན་ཁ་ཤས་བྱས། སྤྱི་ལོ ༢༠༢༠། ༤ ། ༣༠ སྐབས་ ༡༢ པའི་རྒྱུན་ལས་ཚོགས་གཙོ་ཆོས་ཉིད་ཟེར། ཚོགས་གཞོན་འབྲི་ས་འཛིན། དྲུང་ཆེ་སྒང་ནེ་ཡེ་ཤེས་འཇིགས་མེད་བཅས་ཀྱི་སྐབས་སུ་སྨྱུག་ཚོགས་ཀྱི་སྐད་འཕྲིན་ཚོགས་པ་དེ་ཝ་ཚབ་ <whatsApp> ནང་དུ་གནས་སྤོ་བྱས། རྒྱུན་ལས་སྐབས ༡༣ པའི་ཚོགས་གཙོ་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས། ཚོགས་གཞོན་མི་ཉག་ཀུན་དགའ་བཀྲ་ཤིས། དྲུང་ཆེ་ཐུབ་བསྟན་རབ་བརྟན་བཅས་ཀྱི་སྐབས་སུ་ཚོགས་དངུལ་བསྡུ་ལེན་མགོ་འཛུགས་པ་དང་། རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དེབ་དམིགས་བཀར་བཏོན་པ་དང་། ཚོགས་མིའི་ཐོ་གཞུང་གསར་དུ་བསྐྱར་སྒྲིག་དང་། ཁམས་པའི་སྨྱུག་ཚོགས་ཀྱི་བྱུང་རིམ་ལོ་རྒྱུས་འཚོལ་ཞིབ་བྱས། ད་ལྟའི་ཆར་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་ཚོས་འགན་བསྐུར་ཐེག་པ་ཁུར་ལེན་གྱིས་འཐུས་སྒོ་ཚང་བའི་སྒོ་ནས་རྩོམ་རིག་ཡར་རྒྱས་གོང་འཕེལ་གཏང་ཕྱིར་<<འབྲི་ཆུ།>> ཞེས་པའི་དུས་དེབ་འདོན་ཐེངས་བཞི་ཙམ་བཏོན་པ་དང་འདོན་མུས་ཡིན། དེ་བཞིན་དུ་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་བར་དུ་འགལ་འཛོལ་མི་འགྱུར་བའི་ཕྱིར་དུ་སྤྱི་ཚོགས་སུ་བདེ་འཇགས་འགན་སྲུང་བྱས་མུས་དང་། དེ་བཞིན་དུ་ངེད་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་པ་འདི་ནི་ཤེས་ཡོན་གྱི་དཔུང་སྡེ་ལས་ཆབ་སྲིད་ཕྱོགས་ལྷུང་གིས་འགལ་འཛོལ་གྱུར་པའི་དྲི་ཙམ་ཡང་མེད་པའི་སྨྱུག་སྡེའི་ཚོགས་པ་ཞིག་ཡིན། ཁམས་རིགས་ཀྱི་སྨྱུག་འཛིན་པ་གསར་རྙིང་ཡོངས་གོང་བུ་གཅིག་ཏུ་སྒྲིལ་ཐབས་ལ་རྣམ་ཀུན་བདག་གཅེས་དམ་ལྷོད་མེད་པར་གཅེས་སྤྲས་བྱེད་མུས་ཡིན། ད་ལྟའི་བར་དུ་ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་སྐབས་བཅུ་གསུམ་བར་དུ་འགྲོ་བཞིན་པ་དང་ཚོགས་མི་སྔ་རྗེས་སུ་མང་པོ་བྱུང་ཡོད་རུང་། ད་ཡོད་ཚོགས་མི་ལྔ་བཅུ་ཙམ་ཡོད། དེ་ཡང་རྒྱུན་ལས་བྱུང་རིམ་དང་ཚོགས་མིའི་མཚན་ཐོ་ཟུར་དུ་ངོ་སྤྲོད་བྱས་ཡོད།

སྐབས་༡༣ པའི་ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་ཐུན་མོང་ནས།

སྐབས་དང་པོ།

ཚོགས་གཙོ། ཆོས་ཉིད་འོད་ཟེར།

ཚོགས་གཞོན། འཆམ་ར་དྲི་མེད་རྒྱལ་མཚན།

དྲུང་ཆེ། བཀྲ་ཤིས་བདེ་ལེགས།

སྐབས་གཉིས་པ།

ཚོགས་གཙོ། ཆབ་མདོ་བློ་བཟང་ཤེས་རབ།

ཚོགས་གཞོན། བློ་བཟང་གྲགས་པ།

དྲུང་ཆེ། འཇིགས་བྲལ་བསྟན་འཛིན།

སྐབས་གསུམ་པ།

ཚོགས་གཙོ། སྐལ་བཟང་འཕྲིན་ལས།

ཚོགས་གཞོན། ལྷ་ཐོག་བཀྲ་ཤིས་འགྱུར་མེད།

དྲུང་ཆེ། སེར་ཤུལ་རིན་ཆེན་དོན་གྲུབ།

སྐབས་བཞི་པ།

ཚོགས་གཙོ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

ཚོགས་གཞོན། བློ་བཟང་གྲགས་པ།

དྲུང་ཆེ། རིན་ཆེན་དབང་ཕྱུག

སྐབས་ལྔ་པ།

ཚོགས་གཙོ། མཁན་པོ་རྫ་ཚེ་རིང་བཀྲ་ཤིས།

ཚོགས་གཞོན། མཁན་པོ་འཇམ་དཔལ་བསྟན་འཛིན།

དྲུང་ཆེ། དོན་གྲུབ་བཀྲ་ཤིས།

སྐབས་དྲུག་པ།

ཚོགས་གཙོ། ཚེ་དབང་བདེ་ཆེན།

ཚོགས་གཞོན། དགེ་བཤེས་ངག་དབང་སྟོབས་ལྡན།

དྲུང་ཆེ། ཨ་ཀ་སྤེན་པ།

སྐབས་བདུན་པ།

ཚོགས་གཙོ། བྱ་ཁྲ་བསོད་ནམས།

ཚོགས་གཞོན། རག་ཤུལ་གསང་མིག

དྲུང་ཆེ། ཧོར་བྷ་དཀོན་མཆོག་དར་རྒྱས།

སྐབས་བརྒྱད་པ།

ཚོགས་གཙོ། སྙིང་མིག

ཚོགས་གཞོན། སྨར་འཐོར་རླུང་།

དྲུང་ཆེ། འཛུམ།

སྐབས་དགུ་པ།

ཚོགས་གཙོ། དགེ་བཤེས་འོད་ཀྱི་ལག་པ།

ཚོགས་གཞོན། ཚངས་ཐིག

དྲུང་ཆེ། གསེར་རྟ་ཐུབ་བསྟན་བཀྲ་ཤིས།

སྐབས་བཅུ་པ།

ཚོགས་གཙོ། དར་ལྕེ་ཟད་པོ།

ཚོགས་གཞོན། བསོད་ནམས་དབང་ལྡན།

དྲུང་ཆེ། ལི་ཐང་བློ་བསྟན།

སྐབས་བཅུ་གཅིག་པ།

ཚོགས་གཙོ། དགེ་བཤེས་བསོད་ནམས་རྡོ་རྗེ།

ཚོགས་གཞོན། ཨ་ཀ་སྤེན་པ།

དྲུང་ཆེ། བཅོ་ལྔ་ཚེ་རིང།

སྐབས་བཅུ་གཉིས་པ།

ཚོགས་གཙོ། ཆོས་ཉིད་འོད་ཟེར།

ཚོགས་གཞོན། འབྲི་ས་འཛིན།

དྲུང་ཆེ། སྒ་ནེ་ཡེ་ཤེས་འཇིགས་མེད།

སྐབས་བཅུ་གསུམ་པ།

ཚོགས་གཙོ། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

ཚོགས་གཞོན། མི་ཉག་ཀུན་དགའ།

དྲུང་ཆེ། ཐུབ་བསྟན་རབ་བརྟན།

སྐབས་བཅུ་བཞི་པ།

ཚོགས་གཙོ། གསེར་རྟ་ཐུབ་བསྟན་བཀྲིས།

ཚོགས་གཞོན། འཇམ་དབྱངས་ཕུན་ཚོགས།

དྲུང་ཆེ། འཇིག་བཟང་སྐྱིད།

 སྐབས་བཅོ་ལྔ་པ།

ཚོགས་གཙོ། སྒང་ནེ་ཡེ་ཤེས་འཇིགས་མེད།

ཚོགས་གཞོན། སྡེ་དགེ་སྐལ་བཟང་།

དྲུང་ཆེ། པདྨ་འབྲུག་གྲགས།

དངུལ་གཉེར། དོན་འགྲུབ་ལྷ་མོ།

རྩིས་པ། བྱང་ཆུབ་སྒྲོལ་མ།

སྐབས་བཅུ་དྲུག་པ།

ཚོགས་གཙོ། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

ཚོགས་གཞོན། ཚུལ་ཁྲིམས་འབྱུང་གནས།

དྲུང་ཆེ། བློ་བཟང་རིན་ཆེན།

དངུལ་གཉེར། དགེ་བཤེས་མ་ཕུན་ཚོགས་ཚུལ་འཛིན།

རྩིས་པ། དོན་འགྲུབ་ལྷ་མོ།