The Purpose of Learning.
- Jiddu Krishnamurti.
ལས༌༌༌ ཐུ༌བྷོད༌ཚང༌༌༌ ཐུ༌བྷོད༌མེ༌ལྕེ༌༌༌ ནས༌༌༌ བོད༌བསྒྱུར་བགྱིས།
ཤེས༌ཡོན༌སློབ༌གཉེར༌གྱི༌དགོས༌དམིགས།
ཁྱེད༌རང༌ཤེས༌ཡོན༌སློབ༌གཉེར༌ཟེར༌བ༌དེ༌ཡང༌སྙིང༌ཅི༌ཞིག༌ཡིན༌མིན༌ཐད༌འདྲི༌རྩད༌བགྱིད༌རྒྱུ༌ལ༌དང༌ཞེན༌དགའ༌མོས༌ཡོད༌དམ?
འདྲི༌གཞི༌དེ༌འདྲའི༌ཐོག༌ཁྱེད༌ཀྱིས༌བསམ༌བློ༌བཏང༌ཨེ༌མྱོང༌?
ཁྱེད༌རང༌ཉིད༌ཀྱིས༌གང༌འདྲ༌བགྱིད༌ནས༌ཤེས༌ཡོན༌སློབ༌གཉེར༌བྱེད༌ཀྱི༌ཡོད༌མེད༌དང༌།
ཅིའི༌ཕྱིར༌ཤེས༌ཡོན༌སློབ༌གཉེར༌བྱེད༌ཀྱི༌ཡོད༌མེད།
དེ༌བཞིན༌རང༌གིས༌ཤེས༌ཡོན༌སློབ༌གཉེར༌བྱེད༌བཞིན༌པ༌དེ༌
སྐབས༌དོན༌གང༌ཞིག༌གི༌ཆེད༌དུ༌ཡིན༌མིན༌སོགས༌ལ༌བསམ༌གཞིག༌ནན༌པོ༌བྱེད༌ཀྱི༌ཨེ༌ཡོད?
ཡང༌སྙིང༌ཤེས༌ཡོན༌སློབ༌གཉེར༌གྱི༌དགེ༌མཚན༌དང༌དེའི༌ནང༌དོན༌ངོ༌མ༌ཅི༌ཞིག༌རེད༌དམ?
ཁྱེད༌རང༌གིས༌འབྲི༌ཀློག༌ལ༌སྦྱང༌བརྩོན༌བྱེད༌པ༌དང༌། སློབ༌ཚན༌སྣ༌མང༌ལ༌སློབ༌གཉེར༌བྱེད༌པ། མན༌ངག༌གམ༌ཐུན༌མིན༌གྱི༌ཐབས༌ཚུལ༌ཞིག༌རང༌བདག༌ཏུ༌སྒྲུབ༌པ༌ལ༌འབད༌པ། ཡིག༌ཚད༌ངེས༌ཅན༌ཞིག༌རྒྱུགས༌འཕྲོད༌པ། ལས༌གནས༌ཙག༌ཙིག༌ཅིག༌རྙེད༌པ། དེ༌བཞིན༌རང༌ཉིད༌ཀྱི༌འཚོ༌ཐབས༌ལས༌རིགས༌ག༌གེ༌མོར༌ཞིག༌གི༌ཆེད༌དུ༌གྲབས༌ཤོམ༌བྱེད༌པ༌རྣམས༌ནི༌ཤེས༌ཡོན༌སློབ༌གཉེར༌གྱི༌དམིགས༌ཡུལ༌དང༌དགོས༌པ༌རྒྱུ༌མཚན༌ཅན༌དུ༌བསམས༌ཚེ།
ད༌གཟོད༌ཤེས༌ཡོན༌སློབ༌གཉེར༌བྱེད༌དགོས༌པའི༌རྩ༌བའི༌རང༌བཞིན༌དེ༌ཡོངས༌སུ༌བརྗེད༌དུ༌བཅུག༌སོང༌ནི༌རེད།
དོན༌དངོས༌ཐོག། ཤེས༌ཡོན༌སློབ༌གཉེར༌བྱེད༌རྒྱུ༌ལ༌རྫོགས༌མཚམས༌ཤིག༌ཡོད༌ཨེ༌རེད༌ཟེར༌ན༌གཏན༌ནས༌ཡོད༌པ༌མ༌རེད། དེ༌ནི༌ནམ༌ཡང༌རྫོགས༌མཐའ༌དབེན༌པའི༌ཤེས༌བྱ༌ཀུན༌འདུས༌ཀྱི༌རྒྱུད༌རིམ༌རིང༌ལུགས༌ཆེ༌མོ༌ཞིག༌རེད།
སྤྱིའི༌ཆ༌ནས༌བཤད༌ན། རྒྱུན༌དུ༌ང༌ཚོས༌བརྗོད༌བཞིན༌པ༌དེ༌ནི༌ཤེས༌ཡོན༌སློབ༌གཉེར༌གྱི༌འབྱུང༌ཁུངས༌ཏེ་དབྱེ༌བ༌གཉིས༌སུ༌འདོད།
༡)བསྟན༌ཆོས༌དཔེ༌དེབ༌རྣམས༌ལས༌ཤེས༌ཡོན༌སློབ༌གཉེར༌བྱེད༌རྒྱུ༌དེ༌རེད།
ང༌ཚོས༌བསྟན༌ཆོས༌དཔེ༌དེབ༌རྣམས༌ལས༌ཤེས༌ཡོན༌སློབ༌གཉེར༌བྱེད༌ཀྱི༌ཡོད༌པ༌དེ༌ནི།
མི༌གཞན༌ཞིག༌གིས༌ཤེས༌བྱ༌ཁྱད༌པར༌ཅན༌ཞིག༌ལ༌སྦྱང༌བརྩོན༌དང༌དོན༌གཉེར༌བྱས༌ཏེ༌དེ༌ཉིད༌ཕྱོགས༌བསྡོམས༌གཏན༌ལ༌ཕབ༌པའི༌རྣམ༌བཞག༌གམ༌གཞུང༌ལུགས༌ཤིག༌ལ༌སློབ༌སྦྱོང༌བགྱིས༌ནས༌དེའི༌རྗེས༌འབྲང༌དང༌ལད༌ཟློས༌བྱེད༌རྒྱུའི༌རྒྱུད༌རིམ༌ཞིག༌རེད།
དཔེར༌ན།
ཚན༌རིག༌ནང༌གི༌“དུས༌འཁོར༌ཁམས༌རྫས༌རེའུ༌མིག” (The Periodic Table of Elements in Science.) ལྟ༌བུ༌རེད།
༢)ཅིག༌ཤོས༌དེ༌ནི༌ཉམས༌མྱོང༌རྣལ༌མ༌ལས༌ཤེས༌ཡོན༌སློབ༌གཉེར༌བྱེད༌རྒྱུ༌དེ༌རེད།
རང༌ཉིད༌ཀྱི༌རྣམ༌དཔྱོད༌དང༌བློ༌རྩལ༌ནུས༌པ༌རྣམས༌ལས༌ཕྱི༌རོལ༌ཡུལ༌གྱི༌རང༌བྱུང༌ཆོས༌དངོས༌དང༌ནང༌རོལ༌སེམས༌ཁམས༌གྱི༌འཁོར༌འགྲོས༌གཉིས༌ལ༌སློབ༌གཉེར༌ཟབ༌མོ༌བགྱིས༌ཏེ།
དྲང༌བདེན༌ཟེར༌བ༌དང༌དཀོན༌མཆོག༌ཟེར༌བ༌མདོར༌ན༌ཐམས༌ཅད༌ཡང༌སྙིང༌ཅི༌ཞིག༌ཡིན༌མིན༌ལ༌བསམ༌གཞིག༌ནན༌པོ༌དང༌། དོགས༌སློང༌། དགག༌སྒྲུབ། ཞིབ༌དཔྱོད། འདྲི༌རྩད༌སོགས༌ཀྱི༌འགན༌འཁྲིའི༌འདུ༌ཤེས༌གསོན༌པོ༌ཞིག༌བརྟས༌ཐུབ༌ཚེ།
ད༌གཟོད།
རང༌ཉིད༌སྨྲ༌ཤེས༌དོན༌གོ༌བའི༌ངའོ༌སྙམ༌པའི༌མྱི༌བུ༌གང༌ཟག༌ཅིག༌ཆགས༌ཐུབ༌སོང༌བ༌མ༌ཟད།
རང༌དབང༌གི༌རིང༌ལུགས༌བླ༌མེད༌གཅིག༌ཀྱང༌རང༌གི༌འཇིག༌རྟེན༌ནང༌འཁྲུང༌འོང༌།
རྒྱུ༌མཚན༌ནི།
རང༌གི༌ཉམས༌མྱོང༌རྣལ༌མ༌ལས༌བྱུང༌བའི༌ཤེས༌ཡོན༌སློབ༌གཉེར༌དེ༌ནི༌ཆེས༌ཕུལ༌དུ༌བྱུང༌བའི༌རིག༌གནས༌ཤིག༌དང༌གོང༌དུ༌མེད༌པའི༌ཡོན༌ཏན༌ཞིག༌ཡིན༌པས༌སོ༎ ༎