Month: October 2023

མཐོ་སྒང་ནས་ཤོར་བའི་རྫི་གླུ

མཐོ་སྒང་ནས་ཤོར་བའི་རྫི་གླུ

རྩོམ་པ་པོ། གསེར་རྟ་བསོད་ཕུན། མི་རྐྱང་རི་ལ་ཡན་ཤོར། །ལུས་སེམས་དེ་རུ་བདེ་བྱུང་།། ཉི་འོད་མཚོ་ལ་ཕོག་བྱུང་། །ཟླ་འོད་སེམས་ལ་ཞིམ་པ།། སིལ་ཏོག་རི་ལ་འཁྲུངས་བཞག བྲོ་བ་ལྕེ་ལ་མྱང་པ།།  ཉི་འོད་ལུང་པ་མཛེས་བྱུང་།། འབྲོག་པའི་གླུ་ཆུང་ལེན་སྙིང་། ། སྨག་རུམ་འདི་ན་མི་གདའ།། སེམས་པ་གཏིང་ནས་སྐྱིད་པ།། འདམ་རྫབ་འདི་ན་མི་འདུག ནགས་ཚལ་མཚམས་སྤྲིན་བསྡེབས་པ།། གནམ་མཐའི་སྤྲིན་དཀར་མཛེས་པ།། དགུང་སྔོན་གཡུ་ཡི་བརྒྱན་བྱུང་།།  མེ་ཏོག་འཁྲི་ཤིང་བརྩེགས་པ།།  སྲིབ་རིའི་ལྕང་ལོ་ཡག་བྱུང་།། ཀུན་རྟོག་རླུང་གི་ཁམས་ན།།  ཕྱི་སྣོད་ལྷིང་འཇགས་ལྡན་པ།། དངོས་གྲུབ་བགོ་སྐལ་དབེན་ཀྱང་།། སྣང་སྲིད་ཟློས་གར་འཛོམས་བཞག གྲང་རེག་མེད་པའི་ཡུལ་འདི།། བོད་ཡུལ་ལས་ཀྱང་སྐྱིད་པ།། མོན་ཡུལ་ཁུ་བྱུག་ལས་ཀྱང་།། ལྕང་ལོའི་བྱ་སྐད་སྙན་བྱུང་།། རི་འདི་གཡུ་ལུང་སྔོན་མོ། །རླུང་འདི་བསིལ་བ་བདེ་བ།། ཆུ་འདི་རྟ་མཆོག་ཁ་འབབ།། སེམས་འདི་ལྷོ་སྤྲིན་ཕྱུག་མོ།། ང་ནི་མི་ཡུལ་འདི་ན།། སེམས་པ་རི་ཆུ་དུང་བ།། རི་གཟར་བྲག་ཅ་བརྒྱུད་ནས།། གླུ་འདི་བོད་ལ་བསྐུར་ཡོད།། འཆལ་པོ་གསེར་སྨྱོན་མིང་གིས་ཁ་ཐུག་ཏུ་ནགས་ཚལ་སྟུག་པོ་ཞིག་གི་འོག་ནས་བགྱིས་པའོ།།

སློབ་གཉེར་པའི་བསླབ་བྱ། 

སློབ་གཉེར་པའི་བསླབ་བྱ། 

རྩོམ་པ་པོ།   ལྡོང་བཙན་རླུང་། དཔེ་ཁུག་རྒྱབ་ཏུ་ཁུར་ནས་བག་ལེ་རིམ་དུ་བཅུག་པའི་ལོ་ཆུང་གི་བྱིས་པ་ཚོས་ནི། གཞི་ནས་མི་ཚེའི་ཕྱེད་ཀ་ཡི་དུས་ཚོད་བེད་སྤྱད་དེ་སོ་སོའི་མདུན་གྱི་ལམ་བུ་ལ་འོད་ཟེར་སྤྲོ་དགོས་པས། ད་ནས་བཟུང་སློབ་གླིང་གི་ར་བ་རེ་ནས་ཤེས་རིག་གི་མེ་ཏོག་རྒུམ་བཞིན་ཡོད།  སྤྱིར་བཏང་སློབ་གྲྭར་འགྲིམ་པ་དེ་ནི། མིའི་ལུས་ངག་ཡིད་གསུམ་གྱི་དཔལ་ཡོན་གོང་འཕེལ་གཏོང་བའི་འགྲོ་ཕྱོགས་དམིགས་གསལ་ཞིག་ཡིན་ནའང་། ཡང་དཔེ་དེབ་ཁྲོད་ཀྱི་ཤེས་བྱ་འབྲི་ཀློག་བྱས་ཙམ་རྐྱང་པ་ཞིག་གིས་ཁྱོད་ཀྱི་བློ་མིག་གི་སྒོ་མོ་ཡོངས་རྫོགས་འབྱེད་མི་ནུས་པས། རྒྱུན་པར་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་ལེགས་ཉེས་ཀྱི་སྤང་བླང་ཀུན་ལ་དབྱེ་ཞིབ་གནང་སྟེ་བླང་དོར་འཇུག་ལྡོག་གི་ཐབས་ལ་བསླབ་པ་ནི་ཆེས་གལ་གནད་ཆེ་བ་ཞིག་ཡིན།   དེས་ན་ནམ་རྒྱུན་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཚུན་ཆད་བཟང་ངན་བརྟགས་ནས་འཇུག་ལྡོག་ལ་མཁས་པ་ཞིག་ཡིན་དགོས་ཏེ། ཕུལ་བྱུང་གི་གྲོགས་པོ་ཞིག་དང་རྒྱུན་དུ་འགྲོགས་པ་ནི་དགེ་རྒན་བཟང་པོ་ཞིག་བསྟེན་པ་དང་ཀུན་ནས་མཚུངས་ལ།དེ་བཞིན་གྲོགས་ངན་ཞིག་དང་འཕྲད་པ་ནི་སྲོག་གཅོད་ཀྱི་གཤེད་མ་ཞིག་ཐུག་པ་དང་གཉིས་སུ་མེད།     སློབ་གཉེར་པ་སུ་ཞིག་ཡིན་ཡང་། རང་ཉིད་ཀྱིས་མཁས་པའི་གོ་འཕང་ཐོབ་རྗེས་ཅིས་ཀྱང་ཚེ་རིང་ནད་མེད་ཅིག་ཡིན་དགོས་པའི་འདུན་པ་ད་ནས་རྒྱུན་འཁྱོང་གནང་དགོས་ཏེ། ཁྱོད་ཀྱི་ལས་སྐལ་དུ་བབས་པའི་དོན་བྱ་གང་མང་ཞིག་བདག་མེད་དུ་ལུས་ནས་ཡོད་པས་ཡུན་ཐུང་གི་དུས་ཚོད་ཅིག་ལ་གཏན་ནས་རྫོགས་མཐའ་མེད།      དེས་ན་སློབ་སྦྱོང་གི་འཚོ་བའི་བར་གསེང་དག་ལ་སྤྲོ་སྣང་དང་སེམས་གསོ་ཡི་དྲོད་ཁོལ་འཛོམས་དགོས་ལ་ལེ་ལོ་མ་ཡིན་པའི་ངལ་གསོས་འདང་བ་ཞིག་ཀྱང་ཡིན་དགོས།   སློབ་སྦྱོང་གི་ཁྲོད་ནས་རྙེད་པའི་ཤེས་རབ་ཡོད་ཚད་རེ་རེ་བཞིན་མིའི་འཇིག་རྟེན་གྱི་ཕན་བདེའི་ས་བོན་ཞིག་ཏུ་བསྒོམས་ནས་ནམ་ཡང་ཉམས་མེད་དུ་གནས་པ་ཞིག་ཡོང་ཆེད་དེ་ཉིད་ཉར་ཚགས་ཀྱིས་འདང་བ་ཡིན་དགོས་ཀྱི། ཆུ་ལ་རི་མོ་བཞིན་དུ་ཡིད་ཙམ་ཞིག་གིས་ཐམས་ཅད་བརྗེད་པར་བྱ་མི་རུང་། ཁྱོད་ཀྱིས་སྦྱོང་བརྩོན་ལ་ལྷོད་གཡེང་ཐེངས་གཅིག་ཤོར་ན། གཞན་པ་ནི་སྐབས་དེ་དུས་ཀྱང་མདུན་དུ་མཆོང་སྐྱོད་བྱེད་ཀྱིན་ཡོད་པས་ཁྱོད་རང་གི་སྔོན་དུ་གཤེགས་པའི་མི་གྲངས་སྔར་བས་ཇེ་མང་འགྲོ་ངེས་ཏེ། དཔེར་ན་ལུས་རྩལ་འགྲན་ཚོགས་ཀྱི་རྒྱུག་གཤིབ་སྐབས་སུ་ཡིད་ཙམ་འཐེན་ལྷོད་བྱས་པ་ཞིག་དང་ཁྱད་པར་གང་ཡང་མེད། ཁྱོད་ཀྱི་མི་ཚེའི་ནང་གི་སློབ་སྦྱོང་དེ་ཉིད། གལ་སྲིད་རྒྱུགས་དམིགས་སློབ་སྦྱོང་ཞིག་གི་གྲས་སུ་ལྷུང་ཤོར་རུང་དེས་ཀྱང་ཁྱོད་ལ་རྒྱལ་ཁ་ཞིག་སྟེར་བར་ངེས་ཏེ། དཔེར་ན་ནོར་བུའི་འོད་ཟེར་ལ་ནོར་བུ་རུ་འཁྲུལ་ནས་སོང་ན་ནོར་བུ་དངོས་དང་འཕྲད་དུ་ཡོད་པ་བཞིན་རེད།   ད་ལོ་སློབ་སྦྱོང་གི་ཆེད་དུ་བསགས་པའི་ངལ་བ་ཡོད་ཚད་སང་ལོ་ཤེས་རིག་དང་རྣམ་དཔྱོད་ཀྱི་ངོ་བོར་གྱུར་ནས་ཡོད་པས།འབྲས་བུའི་དགེ་མཚན་ལ་དམིགས་ནས་སློབ་སྦྱོང་གནང་ན་ལུས་སེམས་ཀྱི་སྐྱོ་དུབ་ཡོད་ཚད་ངང་གིས་སངས་ཐུབ་པ་ཆོས་ཉིད་ཅིག་རེད། རྒྱུགས་སྤྲོད་ཀྱི་བྱེད་སྒོའི་ཉིན་མོར་ལྷ་ལ་སྐྱབས་འཇུག་དང་གསོལ་འདེབས་བྱས་རྗེས་རྒྱུགས་ཞུགས་ཀྱི་སློབ་མ་ཡོངས་ལ་བསྔོ་བར་བྱས་ཏེ་ཡོད་ཚད་རླུང་རྟ་རྒྱས་པའི་སྨོན་ལམ་ཞུ་དགོས་ཀྱི། རང་ཉིད་གཅིག་པུ་ལས་གཞན་ལ་ལམ་འགྲོ་མེད་པའི་སེམས་ངན་གྱི་རེ་བ་གཏན་ནས་འཆང་མི་རུང་།   ན་ནིང་འབད་པས་མ་འདང་བའི་རྐྱེན་གྱིས་ད་ལོ་རྒྱུགས་འབྲས་ཀྱི་ཐོབ་སྐར་ཇི་ཙམ་ཉུང་རུང་། དྲང་བདེན་གྱི་ལམ་ནས་ད་ལོའི་ཕམ་ཁ་དང་ལེན་བྱས་ཤིང་སང་ལོ་མདུད་སྐྱོད་ཀྱི་གོམ་པ་སྔོན་དུ་སྤོ་བའི་དམ་བཅའ་བསྐྱེད་པ་ལས། གཡོ་སྒྱུའི་ལམ་ནས་སྐར་མ་མཐོ་ཐབས་སོགས་མ་རབ་ཀྱི་སྤྱོད་པ་དག་ནི་གཞི་ནས་སྤོང་བར་བྱེད་དགོས། ད་སྔོན་རྒྱུགས་འབྲས་ཀྱི་ཡིག་ཚད་བཏང་སྐབས་སྐར་གྲངས་ཇི་ཙམ་མཐོ་ཡང་། དེ་ནི་ལོ་སྔོན་མའི་འབད་འབུང་མཚོན་པའི་འབྲས་རྟགས་ཙམ་ལས་དེས་ནི་ཡོད་ཚད་ཀྱི་ཚབ་མཚོན་མི་ཡོང་བས་ད་དུང་ཧུར་བརྩོན་གྱིས་རྒྱུན་སྐྱོང་གནང་བ་ཤིན་ཏུ་གལ།  མཐོ་འབྲིང་ནས་སློབ་ཆེན་དུ་འཕར་རྗེས་རང་དབང་ཆེ་བའི་ར་བ་ཞིག་ལ་སོན་པ་ཡིན་ཡང་། ནམ་རྒྱུན་བག་མེད་ཀྱི་ངང་ནས་དགའ་རོགས་དང་དུད་ཆང་གི་ཕྱོགས་སུ་དུས་ཚོད་མི་བརླག་པར་སློབ་སྦྱོང་གི་འགན་འཁྲི་ཇེ་ལྕིར་སོང་ཡོད་པའི་གོ་རྟོགས་སད་དགོས་ལ། དཔལ་འབྱོར་གྱི་འདུ་ཤེས་དང་། མི་ཚེའི་འདུ་ཤེས། ཚེ་སྲོག་གི་འདུ་ཤེས་སོགས་ཀྱང་སྔར་བས་ལྷག་པ་ཞིག་ཡོད་དགོས། ཕ་མས་ནི་མཚམས་འཇོག་མེད་པར་དཀའ་སྡུག་གི་ཁྲག་དང་དངུལ་ཆུའི་ཐིག་པ་རྣམས་རེ་རེ་བཞིན་ཤོག་སྒོར་དང་བརྗེས་ནས་ཡོད་ཚད་གསོག་ཉར་བྱས་ཏེ་ཁྱེད་ཕྱོགས་སུ་གཏོང་བཞིན་ཡོད་ན། དེ་ཉིད་ཤེས་ཡོན་གྱི་རྐང་རྩར་སྨིན་པར་ཞིག་ཡོང་མིན་ཁྱོད་ཁོ་ན་ལ་རག་ལས་ཡོད་པས། ནམ་རྒྱུན་ཕངས་མེད་དུ་རླག་པ་ནི་ཆེས་མི་འོས་པ་དང་མི་འཚམ་པ་ཞིག་ཡིན།  འོན་ཀྱང་རང་རྒྱུ་ལ་ཞིབ་ཚགས་ཕྲ་ཞིང་གཞན་རྒྱུ་ལ་གཏོང་ཕོད་ཆེ་བ་ཞིག་ཀྱང་ཡིན་མི་རིགས་ཏེ། དེ་ནི་མིའི་ཡི་གར་མི་འོང་བའི་མ་རབ་ཁྲེལ་མེད་ཀྱི་གཤིས་སྤྱོད་ངན་པ་ཞིག་ཡིན། དེས་ན་རང་འདོད་ཚ་བོ་དེ་རང་ཉིད་རླག་སྤྱད་ཅིག་དང་གཞན་ཕན་སེམས་བཟང་དེ་དོན་གཉིས་འགྲུབ་བྱེད་ཡིན་པའི་གནས་ལུགས་ལ་ངེས་ཤེས་ཐོབ་དགོས། ནམ་ཞིག་ཁྱོད་རང་གིས་མཐར་ཕྱིན་ལག་ཁྱེར་བཟུང་ནས་སློབ་ཆེན་གྱི་ར་བ་དེ་ནས་སྒོ་རུ་འབུད་དུས། རང་ཡུལ་ལུང་པ་ལ་ཕན་བདེའི་ས་བོན་ཞིག་སྐྲུན་པ་ནི་འགན་འཁྲི་དང་པོ་དང་། མི་རིགས་ཤིག་གི་རྒྱུད་འཛིན་ཡོང་ཆེད་ཁྱིམ་གཞིས་དྲོན་མོ་ཞིག་འཛུགས་རྒྱུ་དེ་འགན་འཁྲི་གཉིས་པ་ཡིན་པའི་འདུ་ཤེས་འཆང་བ་ལས་གང་འདོད་དུ་འཁྱམས་ནས་རྐྱལ་སྟོང་གི་སར་ལྷུང་མི་འོས།   ཁྱོད་ཀྱིས་ཐོབ་པའི་མཐར་ཕྱིན་གྱི་ལག་ཁྱེར་དེ་ནི་སློབ་གླེང་གི་འཁོར་ཡུག་དེ་ནས་མཐར་ཕྱིན་ཡོད་པའི་མཚོན་རྟགས་ཤིག་ལས། སྤྱི་ཚོགས་ཀྱི་ཤེས་བྱ་ཡོད་ཚད་རྟོགས་པའི་ཐམས་ཅད་མཁྱེན་པའི་དཔུང་ཡིག་ཅིག་གཏན་ནས་མིན། དེས་ན་གཞི་ནས་སྤྱི་ཚོགས་དང་གདོང་གཏུགས་བྱས་ནས་ཉམས་མྱོང་གི་ཤེས་བྱ་གང་མང་ཞིག་ད་གདོད་གསར་དུ་གསག་དགོས་ཏེ། དཔེར་ན་རླངས་འཁོར་སྐོར་ཆོག་ཅིག་ལག་ཏུ་སོན་ཀྱང་དེས་ནི་ཁ་ལོ་བའི་ཤེས་བྱ་ཡོད་ཚད་ཀྱི་ཚབ་མཚོན་མི་ཡོང་བས། ད་གདོད་མྱུར་ལམ་དང་སྲང་ལམ་བརྒྱུད་ནས་ཉམས་མྱོང་གི་ཤེས་བྱ་དེ་གཞི་ནས་ཐོབ་དགོས་པ་བཞིན་རེད། མ་འོང་བོད་ཕྲུག་གཞོན་ནུའི་ཡབ་ཡུམ་གྱི་འགན་འཁྲི་དེ་ཉིད་ཁྱེད་ཚོའི་ཕྲག་ལ་ལས་བཀོས་རང་བབས་ཅིག་ཡིན་པས།   ཕ་མ་བཟང་པོ་ཞིག་གི་ངོ་བོར་གྲུབ་པ་ལ་ཆ་རྐྱེན་ག་ཚོད་ཅིག་ཚོགས་དགོས་ནམ་རྒྱུན་གླེང་སློང་དང་རྒྱུས་ལོན་བར་ནས་གོ་རྟོགས་འཚོལ་དགོས་ཀྱི། ཕྲུ་གུ་ཞིག་གསོ་སྐྱོང་གནང་བ་ཙམ་ལ་ཕ་མའི་བྱེད་ལས་རྫོགས་པའི་ངེས་པ་ག་ལ་ཡོད།  ད་དུང་ཕ་མའི་བརྩེ་བ་ཞེས་པའི་གཟུགས་མེད་པའི་དངོས་པོ་དེ་ཡིས་བུ་ཕྲུག་གི་གཉོམ་ལག་རྒྱས་པར་མ་ཟད་སྙིང་ཁམས་དང་ཀླད་རྩ་སོགས་ཀྱང་གསོ་བ་བྱེད་ཐུབ་པས། ཕྲུ་གུ་བརྩེ་བས་སྐྱོང་ཚུལ་གྱི་ཐབས་ལམ་སློབ་སྦྱོང་མེད་ན་དེ་ནི་ཕ་མའི་མཐུས་ཤོར་ཆེན་པོ་ཞིག་རེད། གཞན་ཡང་བདེ་ཐང་མེད་པའི་མི་ཚེ་ནི་ཤི་གསོན་ཕྱེད་མ་ཞིག་ལས་ཅི་ཡང་མེད་པས། རང་ཉིད་ཀྱི་ཆེད་དུ་དང་མི་རིགས་ཀྱི་ཆེད་དུ་བདེ་ཐང་གི་ཤེས་བྱ་ཀུན་ལ་མཁས་པ་ཞིག་དང་། དེའང་སྙིང་སྟོབས་ཀྱི་ལམ་ནས་བཤད་སྤོབས་པ་དང་སྒྲུབ་སྤོབས་པ་ཞིག་ཀྱང་ཡིན་དགོས། ནམ་རྒྱུན་དྲྭ་ལམ་ནས་འཛེམ་དོགས་མེད་པ་ཆགས་གཏམ་རྗེན་གཅེར་དུ་སྨྲ་བ་ལ་ངོ་ཚ་མེད་ཀྱང་། བདེ་ཐང་གི་སྐོར་ནས་རང་གི་ལུས་ཀྱི་ཆ་ཤས་རེ་དང་། ཡང་ན་གྲུབ་ཆ་དམིགས་གསལ་རེའི་ན་ཟུག་སོགས་ལ་ངོ་ཚ་ཆེན་པོར་བརྩིས་ནས་ལབ་གླེང་གང་ཡང་མ་སྤོབས་པར་ཡུན་རིང་སྦས་གསང་བྱས་ཏེ་རང་ཉིད་ཀྱིས་རང་ཉིད་ནད་པར་སྒྱུར་མཁན་མང་པོ་ཡོད་པས། དེ་རིགས་ཀྱི་བླུན་ལས་ཡོད་ཚད་རྩེ་རྟིང་སློག་པའི་བློ་སྤོབས་སྲ་བརྟན་ཡོད་པར་གྱིས།  དེ་མིན་ད་རུང་། གཞན་སྐྱོན་ལ་མཛུབ་མོ་བཙུགས་ནས་ཁ་སྣ་གཉེར་བཞིན་རང་སྐྱོན་ལ་འགྲེལ་བཤད་ཀྱིས་མཛེས་བཟོ་བྱེད་པ་དེ་ནི། ངོ་ཚ་བོར་བའི་མི་དྲག་བླ་དྲག་དག་གི་གཤིས་ཀ་ཡིན་པས། དྲང་བདེན་ལ་དད་མོས་བྱེད་མཁན་ཚོས་གཏན་དུ་སྤོང་དགོས་པ་ཞིག་ཡིན། དྲན་ཤེས་ཀྱིས་མ་ཟིན་པའི་སྐད་ཆ་དང་རྣམ་འགྱུར་གྱིས་རང་ཕང་གཞན་རླག་འགྲོ་སྲིད་པས། ཕོ་མོ་སུ་ཞིག་ཡིན་ཡང་ནམ་རྒྱུན་དཔྱོད་ཤེས་འཛོམས་པོ་ཞིག་ཡིན་དགོས་པ་ལས་ཚུལ་མིན་རྣམ་རྟོག་གི་རྗེས་འདེད་བྱེད་མི་རུང་། དོན་མེད་དུ་གཞན་ལ་ཕོག་ཐུག་བཏང་བ་ནི་མིའི་སེམས་ཀྱི་འཚོ་བ་རྙོག་མར་བཟོས་པའི་ཉེས་ཅན་ཞིག་ཡིན་པས། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ཅེས་པའི་ཞལ་གདམ་ཡིད་ལ་བཅངས་ན་ལུགས་གཉིས་ཀྱི་ར་བ་ལས་ཕྱི་རོལ་མི་འདའ་བའི་དགེ་མཚན་ངང་གིས་ལྡན་ངེས།ད་དུང་ཕྲ་མ་ནི་མཛའ་མཐུན་ཡོད་ཚད་གཏོར་རླག་བྱེད་པའི་འགད་རྫས་ཤིག་ཡིན་པས། ཕོ་མོ་སུ་ཞིག་ཡིན་ཡང་རང་ཉིད་ནམ་ཡང་དབྱེན་སྦྱོར་མཁན་པོ་ཞིག་མི་རེད་པའི་སྨོན་ལམ་སྙིང་ལ་བཅང་དགོས།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                                              རྩོམ་པ་པོ། ནགས་ཤོད་ཅོང་བརྡ།  རྩོམ་འདིའི་ནང་གཏམ་དཔེ་ཞིག་དང་འབྲེལ་ནས་བུད་མེད་ཀྱི་ནུས་སྟོབས་བཤད་འཆར་ཡིན། གཏམ་དཔེ་ཟེར་བ་ནི།གཏམ་བཤད་དུས་ཁ་གསལ་གོ་བདེ་ཡོང་བའི་ཆེད་དུ་དེ་དང་འདྲ་བའི་དཔེ་ཞིག་འཇོག་དར་བ་དེའི་སྡུས་མིང་ཡིན། དེས་ན་ངས་སྔོན་འགྲོའི་ཚུལ་དུ་བཤད་རྒྱུར། ངས་སྔོན་མ་ཞིག་ལ་<<བུད་མེད་གནམ་གྱི་ཕྱེད་ཀ་ཡིན་>>ཞེས་པའི་ཆེད་རྩོམ་ཞིག་འབྲི་མྱོང་།  རྩོམ་དེ་<<གདང་ལ་རི་བོ>>འི་རྩོམ་སྒྲིག་ཁང་དུ་ཕུལ་བ་དང་། ལོ་དེའི་དུས་དེབ་ཏུ་ཡང་འཁོད་ཡོད།   དུས་དེབ་དེ་མཁས་པའི་དྭངས་རྩེ་ཨ་མྱེ་རྨ་ཆེན་བཀྲ་ཤིས་ཚེ་རིང་ལ་དཔར་ཕུད་དུ་ཕུལ་ཡོད་ས་རེད།  ཁོང་གིས་རྒྱས་གཟིགས་ཀྱང་གནང་ཡོད་པ་འདྲ།  གདང་ལ་རི་བོའི་རྩོམ་སྒྲིག་པར་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཞེས་པ་དེ་འབྲི་མཁན་ནགས་ཤོད་ཅོང་བརྡ་ཟེར་བ་དེ་སུ་རེད་ཅེས་བཀའ་འདྲི་གནང་བ་དང་།  དེས་རྩོམ་ཡག་པོ་བྲིས་འདུག་ཅེས་བསྟོད་པའི་མེ་ཏོག་འཐོར་བ།  དེའི་ནང་གི་ཐ་སྙད་རེ་འགའ་བཅོས་ཐུབ་ན་རྩོམ་དེ་ཧ་ཅང་ཡག་པོ་འདུག་ཅེས་གསུངས་སྐོར་གདང་ལ་རི་བོའི་རྩོམ་སྒྲིག་པས་སྔ་རྗེས་སུ་ཐེངས་གཉིས་ཕྲན་ལ་བཤད་བྱུང་། དེ་ལྟ་བུའི་མཁས་པའི་དྭངས་རྩེ་ཞིག་གིས་ངའི་རྩོམ་ལ་ཆེ་བསྟོད་གནང་བ་ནི། ངའི་རྩོམ་ཆུང་གི་གོམས་སྟབས་དལ་བ་ནས་མགྱོགས་པ་དང་།  མེད་པ་ནས་ཡོད་པར་གྱུར་བ་སོགས་ཀྱི་སྐུལ་མ་ཐེབས་ཡོད་ཁོ་ཐག་ཡིན།  ཕྲན་ཆུང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ཟབ་སྦྱོང་ཞིག་ལ་བཞུགས་མྱོང་།  ཟབ་སྦྱོང་དེ་ནས་ངས་བུད་མེད་ཚོར་ང་ཚོ་སྐྱེས་པ་ཚོས་མི་ཤེས་མི་ཚོར་བའི་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་ཤེས་བྱུང་།  དཔེ་ཆུང་ཆུང་ནང་གི་ཡང་ཆུང་ཞིག་བཞག་ན། ཚོགས་ཐོག་དེར་བུ་མོ་ཞིག་གིས་བཤད་རྒྱུར་”སྐྱེས་པ་ཚོས་བུ་མོ་ཞིག་ལ་དགའ་ན་ང་ཁྱོད་ལ་དགའ་ཞེས་བཤད་ཐུབ་ཀྱི་འདུག།  ང་ཚོས་སྐྱེས་པ་ཞིག་ལ་ཕར་དགའ་ན་ཟུར་ནས་རྣམ་འགྱུར་གཏོང་བ་མ་གཏོགས་དངོས་སུ་ལབ་མི་ཐུབ་པའི་དཀའ་ངལ་འདི་ག་འདྲ་བྱེད་ནས་སེལ་ཐུབ་བམ་”ཞེས་པ་སོགས་རེད།  ང་ཚོས་རྒྱུན་དུ་དོན་དག་འདིའི་རིགས་སྣང་མེད་ཡིན་པ་མ་ཟད།  བུ་མོ་ཞིག་ལ་མ་དགའ་ནའང་ཤ་སྐྱིའི་ཟ་ཕྲུག་འཇོམས་ཆེད་དུ་ང་ཁྱོད་ལ་དགའ་ཞེས་རྫུན་གྱི་གཏམ་རིང་ཞིག་འཐེན་རྒྱུར་ངོ་མདོག་ཙམ་ཡང་མི་འགྱུར། གང་ལྟར་ངས་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཞེས་པའི་རྩོམ་དེ་ཟབ་སྦྱོང་དེའི་ནང་གི་མྱོང་ཚོར་གནད་དུ་བཟུང་ནས་བྲིས་པ་ཡིན།  ངས་རྩོམ་དེའི་ནང་དུ་འབྲི་མ་ཐུབ་པའི་བུད་མེད་ཀྱི་འཇོན་ནུས་མང་པོ་ཞིག་གཏམ་དཔེ་འདིའི་ནང་དུ་བསྡུས་འདུག་པས།  ད་ནི་གཏམ་དཔེ་འདིའི་ཁྱབ་ཁོངས་ནས་ཅུང་ཟད་བཤད་རྒྱུ་ཡིན། གཏམ་དཔེ་དངོས་ནི་”རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།  དམའ་རྒྱ་གྲོང་རྩེད་ར་གོང་མ་ལ། ཕོ་མི་ཐར་མཛེས་མའི་འགག་སྒོ་ཞིག།”ཅེས་པ་འདི་ཡིན། འདིའི་ཚིག་རྐང་དང་པོ་གཉིས་དཔེ་དང་། གཉིས་པ་གཉིས་དཔེ་ཅན་ཡིན།  སྤྱིར་བཏང་འབྲོང་མི་ཐར་བའི་ལམ་ཞིག་ཧ་ལམ་མེད་ཀྱང་།  རྫ་ཁྲ་ཡག་གི་རྫ་ལམ་གོང་མའམ་ཆེས་མཐོ་བའི་རྫ་ལམ་དེར་འབྲོང་དར་མ་ཡང་མི་ཐར་བའི་ཁ་བ་འབབ་རྒྱུ་ཡོད་པ་བཞིན།   དམའ་རྒྱ་གྲོང་རྩེད་ར་གོང་མ་ལ་སྐྱེ་པ་ཕོ་མི་ཐར་བའི་མཛེས་མའི་འགག་སྒོ་ཞིག་ཡོད་པར་བཤད་པ་རེད། སྐབས་འདིར་”མཛེས་མའི་འགག་སྒོ་”ཞེས་པའི་མཛེས་མ་ལ་རིགས་གཉིས་ཡོད་ཆོག་སྟེ། ནང་གི་སེམས་མཛེས་པའི་མཛེས་མ་དང་།  ཕྱིའི་གཟུགས་མཛེས་པའི་མཛེས་མ་གཉིས་ཡིན།  ནང་གི་སེམས་མཛེས་ན་འདྲ། ཕྱིའི་སྐྱེས་གཟུགས་མཛེས་ན་འདྲ།  ཐམས་ཅད་ཀྱིས་ཁས་ལེན་ཐུབ་པའི་མཛེས་མ་ཞིག་སྲིད་ལ་མེད་པས།  “མཛེས་མ་ཐམས་ཅད་མཛེས་མ་མིན། རང་སེམས་ཤོར་ན་མཛེས་ན་ཡིན་”ཞེས་པའི་གཏམ་དཔེ་འདི་བྱུང་བ་ཡིན། དཔེ་དེའི་གོ་བ་གཞན་པ་ཞིག་བླངས་ན། བུད་མེད་ཡོད་ཚད་མཛེས་མ་ཡིན་པ་སྒྲུབ་མི་འདུག་གམ། གང་ལགས་ཞེས་ན། བུད་མེད་སོ་སོ་ལ་མཛེས་པར་མཐོང་མཁན་རེ་རེ་ཡོད་ཁོ་ཐག་ཡིན་པས་སོ། དེར་བརྟེན་དགེ་ཆོས་ཀྱིས་གཟུགས་ཀྱི་ནང་ནས་མཆོག་གྱུར་པ། སྐྱེས་པའི་མིག་ལ་བུད་མེད་གཟུགས་ཀྱང་མཛེས་གསུང་པ་མིན་ནམ།  འདིར་ད་དུང་དཔེ་གཞན་ཞིག་དྲངས་ན་”ཁ་ཤོའི་ཁའི་སྤམ་ཆ་”ཞེས་པའི་དམངས་ཁྲོད་ཀྱི་དགོད་གཏམ་ཞིག་ཀྱང་ཡོད། དེ་ནི་ཕོ་གསར་ཞིག་གིས་མནའ་མ་ཁ་ཤོ་ཞིག་བླངས་པ་དང་། ཕོ་གསར་དེའི་ཨ་མས་འདི་ཁ་ཤོ་འདུག་ཅེས་མི་འདོད་པའི་རྣམ་འགྱུར་བསྟན་པས། ཕོ་གསར་དེས་ཨ་མ་ཁྱོད་ཀྱིས་ངས་བལྟ་ས་ནས་ལྟོས་དང་ཁ་ཤོའི་ཁའི་སྤམ་ཆ་ག་འདྲ་མི་འདུག་ཅེས་བཤད་སྐད།  དེར་བརྟེན། ནང་གི་སེམས་མཛེས་པར་མཐོང་ན་འདྲ། ཕྱིའི་གཟུགས་མཛེས་པར་མཐོང་ན་འདྲ། ཡོད་ཚད་སྐྱེས་པ་སོ་སོའི་སེམས་ཀྱི་འཛིན་སྟངས་ཡིན་པ་དེའོ།།དེས་ན། ང་ཚོས་འདང་ཞིབ་མོ་བརྒྱབ་ན་དངོས་གནས་གཏམ་དཔེ་འདི་ཧ་ཅང་གོ་རྒྱུ་ཅན་ཞིག་ཡིན་ཏེ།  བདག་ཅག་གི་སྟོན་པས་ཀྱང་བྲག་འཛིན་མའི་དོན་དུ་ཤ་རུས་གདུང་རྒྱུད་གཅིག་པའི་ཕུ་བོ་ལྷས་བྱིན་ལ་དགྲ་བསགས་པ་དང་།  མཛེས་མའི་འགག་སྒོ་ནས་ཐར་མི་ཐར་བྱུང་བའི་ཚུལ་བསྟན་མི་འདུག་གམ། ...

ཡིད་སྐྱོའི་གནས་ཚུལ།

ཡིད་སྐྱོའི་གནས་ཚུལ།

དྲ་གྲོགས་དང་སྨྱུག་གྲོགས་དམ་པ་བྱ་ཁྲ་བསོད་ནམས་ལགས་འདས་གྲོངས་སོང་བར་ཐོས་པ་ཧ་ཅང་བློ་ཕམ་ཆེ། དངོས་སུ་མཐོང་མ་མྱོང་ཡང་དྲ་ཐོག་ནས་བགྲོ་གླེང་མང་པོ་བྱེད་མྱོང་ལ། སེམས་ཚོར་ཆེན་པོས་རྩོད་གླེང་ཡང་མང་པོ་བྱེད་མྱོང་། ཉེ་ཆར། ཕག་གྲུ་བཀའ་བརྒྱུད་དང་ཕག་གྲུའི་སྲིད་དབང་བར་གྱི་འབྲེལ་བའི་སྐོར་ལ་འདྲི་བ་འགའ་བཏང་འདུག་པ་ནི།

མྱ་ངན་ཞུ་འཕྲིན།

མྱ་ངན་ཞུ་འཕྲིན།

བློ་ཕམ་པ་ཞིག་ལ་ཁམས་པའི་སྨྱུག་ཚོགས་སྐབས་བདུན་པའི་ཚོགས་གཙོ་ཟུར་པ་རྒན་བྱ་ཁྲ་བསོད་ནམས་ལགས་ཉེ་ཆར་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག དམ་པ་ཁོང་ནི་མི་ཚེ་ཧྲིལ་བོར་བོད་མི་རིགས་ཀྱི་རིག་གནས་ལ་དུང་བ་ཟབ་པ་མ་ཟད།  ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་མྱོང་ཡོད།  ཁོང་གློ་བུར་དུ་དགོངས་པ་རྫོགས་པ་དེ་ནི་མི་རིགས་དང་ཤེས་ཡོན་གྱི་དཔུང་སྡེ་ལ་གྱོང་གུད་ཆེན་པོ་ཞིག་ཕོག་པར་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་དམ་པ་ཁོང་ནི་ཁམས་པའི་སྨྱུག་ཚོགས་འདིར་ལྷག་བསམ་ཞེན་པ་དཀར་བའི་ཚོགས་མི་རྒན་གྲས་ཤིག་དང་། ལྷག་པར་དུ་ཁམས་པའི་སྨྱུག་ཚོགས་སྐབས་༡༦ པའི་རྒྱུན་ལ་ཁྱེད་ཚོའི་ངོས་ནས་མདོ་ཁམས་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་ལས་དོན་ཐོག་དམིགས་གསལ་ཤུགས་རྒྱག་དགོས་པའི་གཞེན་སྐུལ་དང་།  འགྲོ་གྲོན་སོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་ལ། གཞན་ཡང་སྨར་ཁམས་ཡུལ་ཕྱོགས་ཀྱི་ལོ་རྒྱུས་མཁོ་སྒྲུབ་དང་ལོ་རྒྱུས་རྒྱུ་ཆ་སོགས་མཁོ་སྤྲོད་བྱེད་རྒྱུའི་འགན་ཁུར་བྱེད་ཀྱི་ཡིན་ཞེས་ཞལ་བཞེས་བཟང་པོ་ཞིག་ཀྱང་ཐོབ་ཡོད། ད་ལན་ཧ་ཅང་གི་བློ་ཕམ་པ་ཞིག་ལ། དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན་ངེད་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་ཡོངས་དང་རྒྱུན་ལས་སྐབས་ ༡༦  པའི་ངོས་ནས་བློ་ཕམ་ཚད་མེད་དང་བཅས། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ཞིང་། རྟེན་བཟང་རྣམ་དག་འཐོབ་པའི་སྨོན་ལམ་ཤུགས་དྲག་དང་བཅས་ཤུལ་ལུས་ནང་མི་ཡོངས་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ། ༢༠༢༣/༡༠/༡༦ ཉིན་ཁམས་པའི་སྨྱུག་ཚོགས་སྐབས་༡༦ པའི་རྒྱུན་ལས་ཐུན་མོང་ནས།

༄༅།། འཇམ་མགོན་བླ་མའི་རྟོགས་པ་བརྗོད་པ་རྗེས་དྲན་དད་པའི་རོལ་མཚོ།

༄༅།། འཇམ་མགོན་བླ་མའི་རྟོགས་པ་བརྗོད་པ་རྗེས་དྲན་དད་པའི་རོལ་མཚོ།

རྩོམ་འབྲི་པ། གངས་རིན་ཆེན། བློ༵་གྲོས་འདབ་སྟོང་མཁས་པའི་འོ་མཚོ་བསྲུབས་པ་ལས།། བཟ༵ང་གསུམ་ཡོན་ཏན་དགོས་དོན་ནོར་གྱི་ང་བར་ལྕི།། གྲག༵ས་པའི་རླབས་ཕྲེང་སྲིད་གསུམ་འགྲོ་བར་རབ་འཁྱིལ་པས།། པ༵་སངས་ལྟར་དཀར་དཔལ་ལྡན་བླ་མར་སྙིང་ནས་འདུད།། 1 ཕྱི་ནང་མཆོག་དམན་ལྟ་གྲུབ་བདུད་ཀྱིས་རླུང་འཚུབ་ལྡང་།། མདོ་སྔགས་ཆོས་ཚན་ཚ་གྲང་བཞིན་དུ་འགལ་འདུ་འཛིན།། ཆོས་མིན་རྣམ་བཅད་གཟུ་གནས་བློ་ཡི་མ་བསྙེས་སྐབས།། གང་གིས་ཐུགས་བསྐྱེད་གཡོ་མེད་གངས་ཅན་ཞིང་དུ་བཏབ།། 2 མདོ་སྨད་ས་ལའི་གངས་ཅན་ཙོང་ཁ་དག་པའི་ཡུལ།། ཤིང་མོའི་སྲས་སུ་འཇིག་རྟེན་ཕལ་པའི་བརྗོད་ལས་འདས།། མཚན་བཟང་དཔལ་གྱིས་དུང་གི་ཟླ་གཞོན་ཚེས་བ་བཞིན།། ཤར་བའི་མཁའ་ལ་འགྲོ་ཀུན་མིག་ལམ་མཛེས་པ་ཡིན།། 3 གདོད་ནས་དག་པའི་རྒྱལ་བས་ལུང་གིས་ཟིན་པ་ཡིན།། སྙིགས་མའི་དུས་འདིར་བསྟན་པའི་མེ་རོ་ཆེད་དུ་གསོ།། ཟླ་མེད་སྟོན་པའི་གཟུགས་སྐུར་དབུ་རྒྱན་གསོལ་བ་བཅས།། བསྟན་འགྲོ་དོན་ཕྱིར་བསམ་བཞིན་སྲིད་པར་འདི་ན་བཟུང་།། 4 བྱིས་པའི་དུས་ནས་ཆོས་རྗེ་དོན་རིན་ཞབས་དྲུང་ནས།། བསྙེན་པར་རྫོགས་ཤིང་ས་སྔགས་ཆོས་སྒོར་སྨིན་མཛད་དེ།། བག་མེད་ལས་ཀྱིས་འཇིག་རྟེན་བྱ་བཞག་ཀུན་ནས་སྤངས།། བློ་བཟང་གྲགས་ཞེས་བླ་མའི་བརྒྱུད་པའི་མཚན་སྙན་གསོལ།། 5 བླ་མའི་དྲུང་ནས་མདོ་སྔགས་ཆོས་ཚུལ་བདུད་རྩིའི་རྒྱུན།། ཐོས་བསམ་སྒོམས་ཀྱིས་བློ་གྲོས་བུམ་བཟང་ཐུགས་ལ་སིམ།། ཕྱོགས་རིས་ཙམ་གྱིས་གཞུང་དོན་ཚིམ་པ་མ་མཆིས་པར།། ...

ཀཿ  བྲག་མགར་གྱི་རུས་མཛོད་ཅེས་པའི་དེབ་གསར་ཐོན།

ཀཿ བྲག་མགར་གྱི་རུས་མཛོད་ཅེས་པའི་དེབ་གསར་ཐོན།

”ཀཿ བྲག་མགར་གྱི་རུས་མཛོད་”ཅེས་པའི་ཕྱག་དེབ་འདི་ནི། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བཀུར་འོས་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་བརྩམས་གནང་བ་ཞིག་རེད། སྤྱི་ཚེས ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༧༦ མིང་བྱང་འོག་ནས་དབུ་འབྱེད་མཛད་སྒོ་གནང་འདུག

Page 1 of 2 1 2

ལོ་ཐོ།

October 2023
M T W T F S S
 1
2345678
9101112131415
16171819202122
23242526272829
3031