Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དབང་ཐང་དང་ནུས་པ།

April 2, 2022
in གསུང་འབུམ།
0

དེ་ཡང་ཉེ་བའི་དུས་ནས་༧གོང་ས་མཆོག་གིས་ལོ་རེ་བཞིན་སྐུ་ན་ཅུ་ཟད་སྨིན་པའི་ཚུལ་སྟོན་བཞིན་ཡོད་མིན་ལ་མ་ལྟོས་པར། རྒྱལ་སྲས་སེམས་དཔའ་ཆེན་པོའི་ངང་ཚུལ་བདག་གིར་བཞེས་ཏེ། རྒྱ་གར་གྱི་སློབ་གྲྭ་ཆེན་པོ་མང་པོ་ཞིག་ཏུ་གདན་ཞུས་གསོལ་བ་བཏབ་པ་བཞིན་ཞབས་ཀྱིས་བཅགས་ཤིང་རླབས་ཆེན་གྱི་དགོངས་གཞི་འདི་ཉིད་ངོ་སྤྲོད་གནང་བར་མ་ཟད། ནཱ་ལེན་དྲའི་རིག་གཞུང་དང་འབྲེལ་བའི་ལྟེ་གནས་ཁང་དེ་འདྲའང་ཆེད་དུ་དབུ་འཛུགས་གནང་བའི་ཐོག་ནས་གལ་ཆེན་གྱི་ཕྱག་ལས་ཧ་ཅང་མང་པོ་ཞིག་ད་ལྟའང་འགྲོ་བཞིན་པར་མ་ཟད། འདི་ལ་རྒྱ་གར་གཞུང་དམངས་སྤྱི་དང་འབྲེལ་ཡོད་མངའ་སྡེ་ཁག་གི་བློན་ཆེན་དང་སྲིད་གཞུང་རིམ་པ་སོགས་ཀྱིས་ཚད་མཐོ་བའི་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱང་ཞུ་བཞིན་ཡོད། 

༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་བཞི་པ་འདི་ཉིད་མགོ་བོ་ཤིན་ཏུ་འཁྲེགས་པའི་རྒྱ་གར་སྤྱི་ཚོགས་ཀྱིས་ཀྱང་དེ་ཙམ་དུ་ཚད་མཐོའི་དང་ལེན་ཞུས་པ་དང་། གཞི་རྒྱ་ཆེན་པོའི་སྒོ་ནས་ལག་ལེན་དུ་བསྟར་ཐུབ་པ་འདི་འདྲ་ཞིག་རྒྱ་གར་བ་ཞིག་གིས་སྒྲུབ་མི་ཐུབ་པ་ཞིག་ཡིན་ན། རྒྱ་གར་གནའ་བོའི་རིག་གཞུང་གི་རྗེས་འབྲངས་སུ་ཁས་ལེན་བྱེད་པའི་ནང་པའི་རྗེས་འཇུག་གཞན་སུ་ཞིག་གིས་ཀྱང་སྒྲུབ་མི་ཐུབ་པ་ཞིག་ཡིན་པ་ནི་གོང་དུའང་སྨོས་ཟིན་ཏེ། དེ་ནི་༧གོང་ས་མཆོག་འབའ་ཞིག་ལ་མངའ་བའི་དབང་ཐང་དང་ནུས་པ་ཡིན་པ་འདི་ངེས་པར་དུ་ངོས་ཟིན་དགོས་པ་ཞིག་ཡིན།

ད་ཆར་དབུ་འཛུགས་ཟིན་པའི་ནཱ་ལེན་དྲའི་རིག་གཞུང་བསྟི་གནས་ཁང་ལྟ་བུ་གནའ་བོའི་རྒྱ་གར་རིག་གནས་ཀྱི་ཉིང་བཅུད་སླར་གསོ་བྱ་ཡུལ་གྱི་ལྟེ་བའི་སྒྲོམ་གཞིའི་མ་ལག་འདི་དག་བརྒྱུད་ནས་རྩ་བ་བརྟན་པོའི་སྒོ་ནས་མུ་མཐུད་འདིས་རྒྱ་གར་གྱི་གནའ་བོའི་དཔལ་ཡོན་སླར་གསོར་སྣེ་ཁྲིད་ཀྱི་ནུས་པ་གཏིང་ཟབ་ཐོན་ངེས་རེད།

Share200Tweet125

Related Posts

khampa writers

ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གི་རྣམ་ཐར་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

April 21, 2022
0

་ཚོགས་འབྱུང་གནས་མཆོག་གི་རྣམ་ཐར་ཆེན་མོའི་ངོ་སྤྲོད་མདོར་བསྡུས།མཁན་པོ་ཚུལ་ཁྲིམས་བློ་གྲོས། འཇིགས་མེད་སྟོབས་བཅུའི་མངའ་བདག་ཆོས་ཀྱི་རྗེ། ། ཚོགས་ཕྲིན་ལས་སྙིགས་དུས་འགྲོ་བའི་མགོན། །

khampa writers

མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་འབུམ་སྐོར། 

April 22, 2022
0

མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་གི་གསུང་འབུམ་བོད་སྡེ་དགེ་རྫོང་གསར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་ཕྱོགས་བསྒྲིགས་དང་ཁྱབ་སྤེལ་བྱས།   མཛད་པ་པོ་ངོ་སྤྲོད་མདོར་བསྡུས།

khampa writers

འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་བཀའ་འབུམ།

April 22, 2022
0

ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོའི་མཁན་བསོད་ནམས་བསྟན་པ་མཆོག་དང་མཁན་བྱང་ཆུབ་རྒྱ་མཚོ་སོགས་ཀྱིས་ལྷག་བསམ་དག་པས་སྒྲིག་སྦྱོར་དང་དག་ཞུས་མཛད་པའི་འཇམ་མགོན་མི་ཕམ་

Tibetan Literature

བོད་བརྒྱུད་ནང་བསྟན་གྱི་གསུང་འབུམ་ཁག

April 22, 2022
0

བོད་བརྒྱུད་ནང་བསྟན་གྱི་གསུང་འབུམ་ཁག་དྲ་རྒྱའི་འབྲེལ་ཐག་འདི་ནས་གཟིགས་ཐུབ།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།