Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་འབུམ་སྐོར། 

April 22, 2022
in གསུང་འབུམ།
0
khampa writers

མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་གི་གསུང་འབུམ་བོད་སྡེ་དགེ་རྫོང་གསར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་ཕྱོགས་བསྒྲིགས་དང་ཁྱབ་སྤེལ་བྱས། 
 མཛད་པ་པོ་ངོ་སྤྲོད་མདོར་བསྡུས།
མཁན་ཆེན་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་ནི། སྤྱི་ལོ་༡༩༢༡རབ་བྱུང་བཅོ་ལྔའི་རབ་གནས་ལྕགས་བྱ་ལོར་ཁམས་སྡེ་དགེ་མདོ་སྨད་ལྷུན་གྲུབ་སྟེང་དུ་སྐུ་བལྟམས། ༡༩༣༩རབ་བྱུང་བཅུ་བདུན་ས་ཡོས་ལོར། མཁན་པོ་བཟོད་པ་ལེགས་བཤད་ཀྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་དང་། ༡༩༤༠ལོར་ངོར་ཨེ་ཝཾ་ཆོས་ལྡན་དུ་ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་བསྙེན་རྫོགས་དང་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཟབ་མོ་མནོས། ༡༩༤༣ལོར་ཁམས་བྱེའི་རྫོང་སར་བཤད་གྲྭར་མཁན་རིན་པོ་ཆེ་མདོ་སྲིབ་ཐུབ་བསྟན་རྒྱ་མཚོའི་ཉེ་གནས་དང་། གསན་སྦྱོང་ཆེད་དུ་ཕེབས། ༡༩༤༢ནས་༡༩༥༠ཐམ་པའི་བར་མཁན་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚོ་དང་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། འཆད་ཉན་ཉམས་ལེན་གྱི་རྒྱུན་གཟིགས་སོ་ཅོག་གསན་སྦྱོང་མཛད། ༡༩༤༥ལ་རྫོང་སར་བཤད་གྲྭའི་སྐྱོར་དཔོན་དུ་འདེམས་བསྐོས་བྱུང་ནས་སྐྱོར་དཔོན་ལོ་ལྔ་ལ་གནང་། ༡༩༥༠མཁན་རིན་པོ་ཆེ་ཐུབ་བསྟན་རྒྱ་མཚོའི་བཀའ་བཞིན་མདོ་སྲིབ་དགོན་གྱི་འགན་འཛིན་དང་མཁན་པོ་ལོ་བཞི་དང་། ༡༩༥༥ལོར་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་ཝ་རྭ་དགོན་གི་བཤད་གྲྭའི་མཁན་པོ་ལོ་གསུམ་མཛད། ཕྱིས་སུ་འཇམ་དབྱངས་མཁེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་བཀའ་ལྟར། སྤྱི་ལོ༡༩༨༣རབ་བྱུང་༡༦ཆུ་ཕག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་རྫོང་སར་བཤད་གྲྭའི་དབུ་བཙུགས། རྗེ་དགུང་གྲངས་གྱ་བརྒྱད་བཞེས་པ་༢༠༠༨སྤྱི་ཟླ་༥པའི་ཚེས་༢༥ཉིན་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ།

གསུང་འབུམ་ངོ་སྤྲོད་མདོར་བསྡུས།

ཉེ་ཆར། རྫོང་སར་ཁམས་བྱེའི་ལྔ་རིག་ཐུབ་བསྟན་སློབ་གླིང་གིས་བསྒྲིགས་ཤིང་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་འབུམ་པོད་བཅུ་གསུམ་གྱི་བདག་ཉིད་ཅན་འདི་ཉིད་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཕུལ་ཡོད། གསུང་འབུམ་འདིར་བདག་ཅག་གི་སྟོན་པས་ཐུགས་བསྐྱེད་ཚུལ་གྱི་སྐྱེས་རབས་མདོར་བསྡུས་དང་། མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་ཐར་བའི་སྒོ་འབྱེད། རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར། སྤྱོད་འཇུག་གི་འགྲེལ་པ། ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་པར་རྫོགས་པའི་རྒྱན་འགྲེལ། སོ་སོར་ཐར་པའི་མདོའི་ཚིག་དོན་ཅུང་ཟད་འགྲེལ་པ། མངོན་པ་མཛོད་ཀྱི་ཚིག་དོན་ཉུང་གསལ་བསྡུས་ཏེ་འགྲེལ་པ་དབྱིག་གཉེན་དགོངས་རྒྱན། ཚད་མ་རྣམ་འགྲེལ་དང་ཀུན་བཏུས་སོགས་ཀྱི་མཆན་འགྲེལ། ད་དུང་གཞུང་འགྲེལ་གྱི་ཚོམས་དང་། ཉམས་ལེན་གྱི་ཚོམས། ཟིན་བྱིས་ཀྱི་ཚོམས་སོགས་ཀྱིས་མཚོན་ལེགས་པར་བཤད་པའི་ཚོགས་ཇི་སྙེད་ཅིག་བཞུགས་པ་འདི་དག་ནི་མཁས་དང་གྲུབ་པ་འདོད་པ་རྣམས་ལ་རིགས་པ་དང་མན་ངག་གི་གཏེར་མཛོད་དུ་ངེས་ཤིང་། ལྷག་པར་དགག་བཞག་དང་མཁས་ཁྱད་ཀྱི་སྤྲོས་པ་བསྐྱུངས་ཤིང་གདུལ་བྱའི་བློ་གྲོས་དང་འཚམས་པར་བརྩམས་པ་ཤ་སྟག་ཏུ་སོང་བས་ཁ་གསལ་ལ་གོ་བདེ་བ། མཁས་བླུན་སུས་བལྟས་ཀྱང་རིན་ཐང་བྲལ་བའི་གཞུང་ལུགས་དང་མན་ངག་གི་གཏེར་མཛོད་འབའ་ཞིག་ཏུ་མཆིས་སོ། །

Share202Tweet126

Related Posts

khampa writers

ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གི་རྣམ་ཐར་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

April 21, 2022
0

་ཚོགས་འབྱུང་གནས་མཆོག་གི་རྣམ་ཐར་ཆེན་མོའི་ངོ་སྤྲོད་མདོར་བསྡུས།མཁན་པོ་ཚུལ་ཁྲིམས་བློ་གྲོས། འཇིགས་མེད་སྟོབས་བཅུའི་མངའ་བདག་ཆོས་ཀྱི་རྗེ། ། ཚོགས་ཕྲིན་ལས་སྙིགས་དུས་འགྲོ་བའི་མགོན། །

khampa writers

འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་བཀའ་འབུམ།

April 22, 2022
0

ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོའི་མཁན་བསོད་ནམས་བསྟན་པ་མཆོག་དང་མཁན་བྱང་ཆུབ་རྒྱ་མཚོ་སོགས་ཀྱིས་ལྷག་བསམ་དག་པས་སྒྲིག་སྦྱོར་དང་དག་ཞུས་མཛད་པའི་འཇམ་མགོན་མི་ཕམ་

Tibetan Literature

བོད་བརྒྱུད་ནང་བསྟན་གྱི་གསུང་འབུམ་ཁག

April 22, 2022
0

བོད་བརྒྱུད་ནང་བསྟན་གྱི་གསུང་འབུམ་ཁག་དྲ་རྒྱའི་འབྲེལ་ཐག་འདི་ནས་གཟིགས་ཐུབ།

Tibetan Literature

དབང་ཐང་དང་ནུས་པ།

April 2, 2022
0

དེ་ཡང་ཉེ་བའི་དུས་ནས་༧གོང་ས་མཆོག་གིས་ལོ་རེ་བཞིན་སྐུ་ན་ཅུ་ཟད་སྨིན་པའི་ཚུལ་སྟོན་བཞིན་ཡོད་མིན་ལ་མ་ལྟོས་པར། རྒྱལ་སྲས་སེམས་དཔའ་ཆེན་པོའི་ངང་ཚུལ་བདག་གིར་བཞེས་ཏེ།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།