དེ་རིང་ཕྱི་ལོ་༢༠༢༡ ཟླ་༨ ཚེས་༨ ཉིན་ཁམས་པའི་སྨྱུག་ཚོགས་སྐབས་༡༣ དང་༡༤ བར་རྩིས་ལེན་རྩིས་སྤྲོད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བཞུགས་སྒར་དྷ་རམ་ས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྷ་ས་ཀཻ་ལ་ཤ་གསོལ་མགྲོན་ཁང་གི་ནང་དུ་འཚོགས་གནང་ཡོད་དང་། མཛད་སྒོའི་ཐོག་རྒྱུན་ལས་གསར་རྙིང་གཉིས་དང་དྷ་སའི་ཉེ་འཁོར་གྱི་ཚོགས་མི་ཁག་གཅིག་བཅས་མཉམ་ཞུགས་བྱས་ཡོད། དེ་ཡང་སྐབས་༡༣ པའི་རྒྱུན་ཟུར་རྣམ་པས་སྐབས་༡༤ པའི་རྒྱུན་གསར་རྣམ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཀྱི་མཇལ་དར་བསྒྲོན་འབུལ་དང་སྤོས་སྒམ་རེར་ཕྱག་རྟགས་ཏུ་ཕུལ་ཡོད། དེ་བཞིན་རྒྱུན་ལས་རྙིང་པས་རྒྱུན་ལས་གསར་པ་གསུམ་ལ་ཁམས་པའི་སྨྱུག་ཚོགས་ཀྱི་མ་དངུལ་ཧིན་སྒོར་༧༠༩༦༥ རྩིས་སྤྲོད་གནང་ཡོད། གཞན་ཡང་རྒྱུན་གསར་རྣམ་པ་ཚོས་འབྱུང་འགྱུར་ལས་འཆར་བཀོད་སྒྲིག་དང་ཁམས་པའི་སྨྱུག་ཚོགས་ཀྱི་མདུན་བསྐྱོད་ཐད་ལ་གོ་བསྡུར་ཞིབ་ལྷུག་བྱས་ཡོད་པ་བཅས་ལྷན་འཛོམས་རྒྱལ་ཁའི་ངང་གྲོལ་ཡོད།
ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཐུན་མོང་གིས་༢༠༢༡/༨/༨ ཉིན་ལ།