Saturday, April 11, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཡིད་སྐྱོའི་གནས་ཚུལ།

October 16, 2023
in གསར་གནས།
0

ཡིད་སྐྱོའི་གནས་ཚུལ།

རྩོམ་པ་པོ་་ཆབ་མདོ་ཤེས་རབ་ནས།

དྲ་གྲོགས་དང་སྨྱུག་གྲོགས་དམ་པ་བྱ་ཁྲ་བསོད་ནམས་ལགས་འདས་གྲོངས་སོང་བར་ཐོས་པ་ཧ་ཅང་བློ་ཕམ་ཆེ། དངོས་སུ་མཐོང་མ་མྱོང་ཡང་དྲ་ཐོག་ནས་བགྲོ་གླེང་མང་པོ་བྱེད་མྱོང་ལ། སེམས་ཚོར་ཆེན་པོས་རྩོད་གླེང་ཡང་མང་པོ་བྱེད་མྱོང་། ཉེ་ཆར། ཕག་གྲུ་བཀའ་བརྒྱུད་དང་ཕག་གྲུའི་སྲིད་དབང་བར་གྱི་འབྲེལ་བའི་སྐོར་ལ་འདྲི་བ་འགའ་བཏང་འདུག་པ་ནི། ང་གཉིས་ཀྱི་བར་གྱི་འབྲེལ་བ་མཐའ་མ་དེ་ཡིན་པ་སུ་ཡིས་ཤེས། གང་ལྟར་བརྒྱུད་རིམ་རིང་པོའི་ནང་ཁོང་ལ་རྒྱུས་མངའ་གང་འཚམ་ཡོད་ཟེར་ནའང་ཆོག་ལ། གང་ལྟར་ང་ལ་ངོས་འཛིན་འདི་འདྲ་ཞིག་ཐོབ་པ་སྟེ། བོད་མི་རིགས་ལ་ལ་རྒྱ་ཆེ་ཞིང་བོད་སྐད་ཡིག་ལ་དུང་བ་ཟབ་པ། ཁ་གསང་ལ་ཁོག་དྲང་པ། སྤྱི་སེམས་དང་ལྷག་བསམ་ཆེ་བ། ངོ་སྲུང་སྤྲེལ་ལད་ལ་མི་དགའ་བ། ཕྱི་ནང་གི་ཆབ་སྲིད་མགོ་འཚོས་པ། བོད་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་པ། རང་གི་ནོར་འཁྲུལ་དང་བཤད་ཉེས་བྱས་པ་མཐོང་ན་ངོས་ལེན་གྱིས་གཙང་མ་སྡོད་མཁན་ཞིག་ཏུ་ཚོར་གྱིན་ཡོད།

ཟླ་ཤས་སྔོན་ཁོང་གི་ངོ་དེབ་ཏུ། “གལ་ཏེ་འཇིག་རྟེན་འདི་ནས་ཁ་འབྲལ་དགོས་བྱུང་ན་ཡང་། རྨོངས་གཉིད་ལས་སད་དེ་འགྲོ་ཐུབ་པ་འདི་ནི་འཇིག་རྟེན་ལ་ཡོང་བའི་དགོས་པ་ཡོངས་སུ་བསྒྲུབས་ཐུབ་སོང་སྙམ་པའི་སྤོབས་པ་ཆེ་ཤོས་དེ་ཡིན། ཡིན་ན་ཡང་། དགོས་པའི་དབང་གིས་སྤྱི་ཚོགས་ཀྱི་བཀག་རྒྱ་ལས་བརྒལ་མ་ཕོད་པ་ནི་འགྱོད་པ་ཆེ་ཤོས་དེ་ཡིན།” ཞེས་བྲིས་འདུག །ད་དུང་དྲ་ཐོག་ན་སྡོམ་ཚིག་འགའ་བཞག་འདུག་པ་ནི། “གཞན་ཡུལ་དུ་རང་ཉིད་ཀྱི་འཚོ་གོས་རྐྱང་ཡག་རྒྱུ་མེད་ན་ཡང་། མི་རིགས་ཀྱི་བླ་སྲོག་བཙོང་ནས་འཚོ་གོས་འཚོལ་མེད་པ་དེ་སྤོབས་པ་གཅིག་ཡིན།” ཞེས་དང་། “ང་ཁམས་རིགས་སུ་སྐྱེས་པར་མི་འགྱོད་ཀྱང་། ང་གཉིད་སད་སྔ་དྲགས་པར་འགྱོད་བྱུང་།” ཞེས་དང་། “དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པའི་འགྱུར་བ་མི་དགོས་པར་དྭངས་གཙང་ལྷད་མེད་ཀྱི་སྲོལ་རྒྱུན་ཞིག་དགོས་ཟེར་གྱི་ཡོད་ན། རིག་གཞུང་མི་དགོས་ཟེར་བ་ཡིན།” ཞེས་དང་། “ཤེས་ཡོན་ཅན་ལ་སྡང་ཟུག་བྱེད་པའི་མི་རིགས་དེའི་མགོ་འཕང་ནམ་ཡང་གྱེན་དུ་འདེགས་མི་ཐུབ།” ཅེས་དང་། “གུང་མིན་ཏང་འགོ་ཁྲིད་ཅང་ཅི་ཧྲིས་དམག་ཤོར་ནས་བྲོས་པའི་ལྷན་དུ་གལ་ཆེར་བརྩིས་ནས་གདན་འདྲེན་ཞུས་པ་གཉིས་ནི། རིན་ཐང་བྲལ་བའི་གནའ་ཤུལ་དངོས་རྫས། ཆབ་དཔལ་རིག་གསུམ་ལ་མཁས་པའི་ཤེས་ཡོན་ཅན།” ཞེས་བཙན་བྱོལ་བས་འདི་ལ་མིག་དཔེ་ལྟ་དགོས་པ་དོན་གྱིས་བསྟན་འདུག

གཞན་ཡང་། ཉེ་ཆར་ནས་སེམས་འཚབ་ཆེ་ཤོས་བྱེད་ས་ནི་ད་ལྟའི་བོད་པ་ནང་ཁུལ་གྱི་རྩོད་རྙོག་འདི་དག་ཡིན་སྐོར་དང་། འདུམ་སྒྲིག་ཡོང་ཐབས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར། འདུམ་ཐབས་ཀྱི་མན་ངག་ཁོང་ལ་ཡོད་སྐོར། མན་ངག་རྣམས་རིམ་བཞིན་བསྟན་འདོད་ཡོད་སྐོར་ཡང་བྲིས་འདུག་ལ། བཤད་འདོད་པ་མང་པོ་ཞིག་ཡོད་ཀྱང་བཤད་པའི་དུས་ཚོད་ཀྱིས་མ་འདང་བའི་བྲེལ་འཚུབ་དང་། སྤྱི་ཚོགས་ཀྱི་བཀག་རྒྱ་མང་པོའི་གནོན་ཤུགས་གཉིས་ཀྱི་བར་ན་བཙིར་བཞིན་ཡོད་པ་ལྟ་བུ་བྲིས་པ་ཡང་མང་པོ་མཐོང་བྱུང་།

ཉིན་ཤས་སྔོན་ངོ་དེབ་ནང་། སྨར་ཁམས་ཀྱི་ལོ་རྒྱུས་རྩོམ་སྒྲིག་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་འདུག་ལ། དེ་རྗེས་ངོ་དེབ་ཚང་གི་མོ་པ་AHA ལ་ཐུགས་རྟགས་ཞུས་པའི་ལན་དུ་ཚེ་ཚད་སོགས་འཁོད་པའི་ཤོག་བྱང་གཉིས་ལས་གཞན་གང་ཡང་མི་འདུག །གསལ་བསྒྲགས་དེའི་ནང་། སྨར་ཁམས་ཀྱི་ལོ་རྒྱུས་བརྒྱ་ཆ་བརྒྱད་ཅུ་ཙམ་གྲུབ་ཟིན་སྐོར་འགོད་འདུག་ལ། དགོན་པ་ཁ་ཤས་ཀྱི་ལོ་རྒྱུས་བྲིས་པ་དེ་འདྲ་ཡང་དྲ་ཐོག་ན་མཐོང་རྒྱུ་འདུག་པས་དགའ་བཞིན་ཡོད། གཞན་ཡང་། ངས་ཧ་གོ་བ་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་ལོ་ཉི་ཤུ་ཙམ་རིང་དགེ་རྒན་གནང་བ་དང་། ཁམས་པའི་སྨྱུག་ཚོགས་སྐབས་བདུན་པའི་ཚོགས་གཙོ་ཡང་གནང་ཡོད།

མདོར་ན། བོད་ཀྱི་སྐད་ཡིག་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས་བཅས་ལ་ཕྱག་ལས་རླབས་ཆེན་གནང་བཞིན་པའི་བོད་པ་སྤུས་དག་ཅིག་མི་ཡུལ་དང་བྲལ་བར་སེམས་ཕམ་ཆེན་པོ་བྱུང་ཡང་བྱ་ཐབས་བྲལ། སླད་དལ་རྟེན་རིམ་བརྒྱུད་ཀྱིས་བོད་བསྟན་སྲིད་ལ་ཕན་པའི་བྱ་བ་རླབས་ཆེན་སྒྲུབ་མཁན་ཞིག་ཏུ་བར་མ་ཆད་དུ་སྐྱེ་བར་སྨོན།།

Share232Tweet145

Related Posts

ཁམས་པའི་སྨྱུག་ཚོགས་སྐབས་༧ པའི་ཚོགས་གཙོ་ཟུར་པ་བྱ་ཁྲ་བསོད་ནམས་ལགས་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་འདུད་ཞུས།

October 17, 2023
0

སྲུང་འཁོར་རྣམ་བཤད།

སྲུང་འཁོར་རྣམ་བཤད།

October 5, 2023
0

སྲུང་ཞེས་ལེགས་སྦྱར་ལྷའི་སྐད་དུ་རཀྵ་དང་འཁོར་ལོ་ཞེས་ཙཀྲ་དོན་དུ་འཇིག་པ་ལས་སྲུང་བའི་འཁོར་ལོ་ཞེས། སྲུང་འཁོར་གྱི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་དེ་ལས་ནད་གསོ་བ། སྲུང་བ། བཀྲ་ཤིས་པ། འབྱུང་བའི་འཕེལ་ཟད་འཁྲུགས་པ་རྣམས་སྙོམས་པའི་ནུས་པ་དང་ལྡན་ཡོད། འདི་ག་སྡེ་ཚན་གྱི་སྲུང་འཁོར་རྣམས་རབ་གནས་དང་ཕྱིན་རླབས་ཀྱི་ཕྱུག་ཅིང་གཙུག་ལག་འབྱུང་རྩིས་རིག་པའི་དགོངས་དོན་བཞིན་བཟོ་སྐྲུན་ཞུས་ཡོད།

ལོ་རྟགས་བཅུ་གཉིས་ལས་རང་གི་མི་གཤིས་ལེགས་ཉེས་བརྟག་ཐབས།

ལོ་རྟགས་བཅུ་གཉིས་ལས་རང་གི་མི་གཤིས་ལེགས་ཉེས་བརྟག་ཐབས།

October 4, 2023
0

རྩོམ་པ་པོ། སྒྱུ་རྩལ་བ། སྨན་པ། དགེ་རྒན་བཅས་བཟང་། དང་པོ་བྱི་བ། རང་གཤིས་འཇམ་ལ་དྲང་མོ་ཡིན།རིག་པ་གསལ་བས་བྱ་བ་ཐམས་ཅད་ཚོར་སྣང་གིས་ཐག་གཅོད་བྱེད། ནུས་པ་ལྡན། བྲེལ་མྱུར་ཆེ། བློ་རྩེ་གཉིས་ཡོད་པས་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཕམ་ཁ་ཡོད།བརྩེ་བ་ཡོད། ཡིད་དུ་འོང་། རང་བཞིན་འཇམ་པོ་ཡིན་པས་རང་ལ་དགའ་བའི་མི་ཧ་ཅང་མང་། གྲོགས་ཀྱི་བརྩེ་བར་ཧ་ཅང་མཐོང་ཆེན་བྱེད་པས་གྲོགས་ལ་མི་འོས་པའི་བྱ་བ་མི་སྒྲུབ།དོན་མེད་ཀྱི་སྐད་ཆ་ཉུང། རླུང་རྟ་ཚེ་གང་པོར་ཅུང་བཟང་། བྱ་གཞག་ཕྱོགས་ནས་བར་སྐབས་སུ་མི་བཟང་། འོན་ཀྱང་རྒྱུ་ནོར་གསོག་འཇོག་བྱེད་པས་སྐྱོན་མེད། སྤྱིར་བཏང་གི་འཚོ་བའི་མི་ཚེ་མཇུག་རྫོགས།...

བོད་ཡིག་ཏམ་བཱོ་ལ།

བོད་ཡིག་ཏམ་བཱོ་ལ།

October 4, 2023
0

ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་བོད་དགེན་དཔལ་ལྡན་རྣམ་རྒྱལ་ལམ་བེ་རི་སྲས་རྒྱལ་མཆོག་གིས་གསར་གཏོད་གནང་བའི་བོད་ཡིག་ཏམ་བཱོ་ལ་ཞེས་པའི་བོད་ཡིག་སྦྱོང་དྲ་ཐོག་སློབ་གྲྭའི་སློབ་མ་རྣམས་དང་དགེ་རྒན་རྣམ་པ་ལྷན་དུ་བོད་ཡིག་

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།