ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་༡༣ གྱི་ཉིན་གུང་གྷི་རན་(green hotel) གསོལ་མགྲོན་ཁང་གི་ནང་ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ངོས་ནས་དྷ་སར་ཡོད་པའི་ཚོགས་མི་ཚོར་གསོལ་ཚིགས་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།
གསོལ་སྟོན་ཐོག་དྷ་སའི་ཉེ་འཁོར་དུ་བཞུགས་ཡོད་པའི་ཚོགས་མི་༡༣ ཙམ་འཛོམས་གནང་ཡོད། སྐབས་དེར་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་བཀྲ་ཤིས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་དོན། ད་བར་ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་རིམ་བྱུང་གིས་ཧུར་ཐག་གནང་ཡོད་པ་དང་། སྐབས་བབ་རྒྱུན་ལས་སྐབས་༡༤ པའི་ངོས་ནས་ཀྱང་ཁམས་པའི་སྨྱུག་ཚོགས་ཀྱིས་གྲོས་ཆོད་རིམ་པས་དགོངས་དོན་བཞིན་ཁམས་པའི་སྨྱུག་ཚོགས་ཀྱི་ངོ་དེབ་གསར་བཟོ་དང་། ཚོགས་པ་དེབ་སྐྱེལ། དྲ་རྒྱ་གསར་བཟོ་བཅས་ཀྱི་ལས་དོན་ཁག་གང་ནུས་བྱེད་བཞིན་ཡོད། དེ་བཞིན་བསམ་བློའི་ནང་ལས་གཞི་གཞན་ཁག་གཅིག་ཀྱང་བང་རིམ་སྒྲིག་བཞིན་ཡོད་ལ། ཚོགས་མི་ཚང་མས་ད་བར་ལས་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞེས་སོགས་གསུང་སོང་།
ཐེངས་འདིའི་གསོལ་སྟོན་ཐོག་དྷ་སའི་ཉེ་འཁོར་དུ་བཞུགས་ཡོད་པའི་ཚོགས་མི་༡༽ སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན། ༢༽ སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས། ༣༽ སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། ༤༽ སྤྱི་ཟུར་གེ་བ་ཚང་ངག་དབང་ཐར་པ། ༥༽ སྤྱི་ཟུར་བློ་བཟང་གྲགས་པ། ༦༽་དགེ་བཤེས་ལི་ཐང་བློ་བསྟན། ༧༽ ཨ་ཀ་སྤེན་པ། ༨༽དགེ་བཤེས་ཅོག་རི་ཕུར་བུ། ༩༽ ཆོས་ཉིད་འོད་ཟེར། ༡༠༽ སུམ་པ་ཕུན་ཚོགས། ༡༡༽ བྱང་ཆུབ་སྒྲོལ་མ། ༡༢༽ དྲུང་ཆེ་མཇུག་བཟང་སྐྱིད། ༡༣༽ ཚོགས་གཙོ་ཐུབ་བསྟན་བཀྲ་ཤིས་བཅས་འཛོམས་གནང་ཡོད། སྨྱུག་ཚོགས་ཀྱི་ཚོགས་མི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ཐེངས་འདིའི་ཞལ་ལག་གི་སྦྱིན་བདག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བཅས།
ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ནས།