Monday, June 23, 2025
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

འགྲོ་མགོན་བཀའ་བརྒྱུད་པའི་བྱུང་བ་རགས་ཙམ་གླེང་བ།

April 21, 2022
in དགོན་སྡེ།
0
khampa writers

དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ།

བཀའ་བརྒྱུད་པའི་གྲུབ་མཐའི་མིང་བྱུང་ཚུལ། 
དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ།

ཤངས་པ་བཀའ་བརྒྱུད། 
དེ་ལས་ཤངས་པ་བཀའ་བརྒྱུད་ནི་མཁས་གྲུབ་ཁྱུང་པོ་ལས་བརྒྱུད་དེ་སངས་རྒྱས་སྟོན་པའི་བར་བརྒྱུད་པ་རིན་ཆེན་བདུན་བརྒྱུད་ཟེར་ལ་དེ་ནས་བརྒྱུད་པའི་ཤངས་སྟོན་གྱི་བརྒྱུད་ལ་ཤངས་པ་བཀའ་བརྒྱུད་ཅས་བྱ་ཞིང་། བཞུགས་ཡུལ་ཤངས་ཕྱོགས་ཡིན་པས་ཤངས་པ་བཀའ་བརྒྱུད་ཀྱང་ཟེར། ཕྱིས་ཀྱི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡང་ཤངས་པའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་པས་ལྕགས་ཟམ་ཕྱོགས་སུའང་ཤངས་ཆོས་དར་བར་སྣང་ངོ་ཞེས་གྲགས།

དྭགས་པོ་བཀའ་བརྒྱུད།
དྭགས་པོ་བཀའ་བརྒྱུད་ནི་མར་པ་ལོ་ཙྰ་བ་ཆོས་ཀྱི་བློ་གྲོས་ལས་བརྒྱུད་པ་ཡིན་ཏེ། དེ་ཡང་མར་པ་ལོ་ཙྭ་བའི་སློབ་མ་ཀ་ཆེན་བཞི་ལ་གྲགས་པའི་ནང་ཚན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ཡི་ཐུགས་སྲས་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས་དགུང་ལོ་ཞེ་གསུམ་པ་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ་༡༡༢༡ལོར་དྭགས་ལྷ་སྒམ་པོ་བཏབ་ནས་གནས་གཞི་བཟུང་སྟེ་ཆོས་བརྒྱུད་སྤཻལ། དེ་ཁྲིས་བཟུང་དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས། དེ་ལས་གྱེས་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་ཡོད་དེ།

ཆེ་བཞི་ཆུང་བརྒྱུད།

༡ ཕག་གྲུ་བཀའ་རྒྱུད། བཀའ་བརྒྱུད་ཆེ་བཞི་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོས་སྤྱི་ལོ་༡༡༥༨བོད་རབ་བྱུང་གསུམ་པའི་ས་སྟག་ལོར་གདན་ས་མཐིལ་ཕག་མོ་གྲུའི་དགོན་པ་བཏབ་སྟེ་དེ་ནས་དར་སྤེལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཟེར། ༢ ཀཾ་ཚང་བཀའ་རྒྱུད། སྒམ་པོ་བའི་སློབ་མ་རྗེ་དུས་གསུམ་མཁྱེད་པས་སྤྱི་ལོ་༡༡༨༠བོད་རབ་བྱུང་གསུམ་པའི་ས་བྱའི་ལོར་སྟོད་ལུང་མཚུར་ཕུའི་དགོན་པ་བཏབ་སྟེ་དེ་ནས་དར་སྤེལ་བྱུང་བ་ལ་མཚུར་ཕུ་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་ཟེར། ༣ འབའ་རོམ་བཀའ་རྒྱུད། སྒམ་པོ་བའི་སློབ་མ་འབའ་རོམ་པ་དར་མ་དབང་ཕྱུག་གིས་སྤྱི་ལོ་༡༡༥༣བོད་ཆུ་བྱའི་ལོར་བྱང་དུ་འབའ་རོམ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབའ་རོམ་བཀའ་བརྒྱུད་ཟེར། ༤ ཚལ་པ་བཀའ་རྒྱུད། དྭགས་པོ་ལྷ་རྗེའི་དབོན་པོ་སྒམ་པ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་འགྲོ་བའི་མགོན་པོས་སྤྱི་ལོ་༡༡༧༥བོད་རབ་བྱུང་གསུམ་པའི་ཤིང་ལུག་ལོར་ཚལ་གྱི་དགོན་པ་བཏབ་སྟེ་དར་སྤེལ་ བྱུང་བ་ལ་ཚལ་པ་བཀའ་བརྒྱུད་ཟེར་རོ། བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པ་ལས་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོས་སྤྱི་ལོ་༡༡༧༩བོད་རབ་བྱུང་གསུམཔའི་ས་ཕག་ལོར་འབྲི་གུང་མཐིལ་གྱི་དགོནཔ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབྲི་གུང་བཀའ་བརྒྱུད་ཟེར། འགྲོ་མགོན་ཕག་མོ་གྲུབ་པའི་སློབ་མ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་སྤྱི་ལོ་༡༡༨༠བོད་རབ་བྱུང་གསུམ་པའི་ལྕགས་བྱི་ལོར་སྟག་ལུང་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་སྟག་ལུང་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་དེའི་སློབ་མ་གཡའ་བཟང་ཆོས་རྗེས་སྤྱི་ལོ་༡༢༠༦བོད་རབ་བྱུང་གསུམ་པའི་མེ་སྟག་ལོར་གཡའ་བཟང་གི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་གཡའ་བཟང་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་རྒྱལ་ཚ་རིན་ཆེན་མགོན་གྱིས་སྤྱི་ལོ་༡༡༧༡བོད་རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁྲོ་ཕུ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཁྲོ་ཕུའི་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་གླིང་རས་པ་པདྨ་རྡོ་རྗེ་དེའི་སློབ་མ་འགྲོ་འགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་སྤྱི་ལོ་༡༡༩༣བོད་རབ་བྱུང་གསུམ་པའི་ཆུ་གླང་ལོར་འབྲུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབྲུག་པ་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་འགྲོ་འགོན་རྨར་བ་ཤེས་རབ་ཡེ་ཤེས་ཀྱིས་སྤྱི་ལོ་༡༡༦༧བོད་རབ་བྱུང་གསུམ་པའི་མེ་ཕག་ལོར་ཁམས་སུ་ཤོ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་རྨར་བ་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱི་སྤྱི་ལོ་༡༡༧༡བོད་རབ་བྱུང་གསུམ་པའི་ལྕགས་ཡོས་ལོར་ཁམས་སུ་ཡེལ་ཕུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཡེལ་ཕུག་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་སྙི་ཕུ་གྱེར་སྒམ་ཆེན་པོས་སྙི་ཕུ་ཤུག་གསེབ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཤུག་གསེབ་བཀའ་བརྒྱུད་ཟེར། མདོར་ན་ཤངས་པ་བཀའ་བརྒྱུད་མ་གཏོགས་བཀའ་བརྒྱུད་པ་ཐམས་ཅད་དྭགས་པོ་བཀའ་བརྒྱུད་ནས་གྱེས་པའོ། དྭགས་པོ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་པ་འདི་གཉིས་ནི་རྩ་བ་ནྰ་རོ་མེེ་ཏྲི་གཉིས་ལས་བྱུང་བ་འདྲའོ་ཞེས་ཀྱང་གྲགས་སོ།

Share199Tweet124

Related Posts

khampa writers

གཡུང་དྲུང་བོན་གྱི་གྲུབ་མཐའ་བྱུང་ཚུལ་གྱི་རྣམ་བཞག

April 22, 2022
0

དང་པོ། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་གྱི་སྐོར།   དང་པོ། དེ་ལ་འདིར་གཡུང་དྲུང་གི་བོན་རིན་པོ་ཆེའི་བྱུང་བ་མདོ་ཙམ་བརྗོད་ཅིང་། ཤིན་ཏུ་བསྡུས་ཏེ་ཞལ་ཐང་བཅུ་ཕྲག་བཞི་ལྷག་གི་ཁོངས་སུ་དངོས་བསྟན་གྱི་རིམ་པ་དཀར་ཆག་ཐོ་འགོད་ཙམ་དུ་བྲི་བ་ལ།

khampa writers

རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
0

རི་བོ་དགེ་ལྡན་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་བྱུང་བ་ཡིན་ལ། འདི་ཉིད་ནི་རྣམ་འདྲེན་ཤཱཀྱ་སེངྒེས། འཇམ་དཔལ་རྩ་རྒྱུད་སོགས་མདོ་དང་རྒྱུད་སྡེ་རྣམས་ནས་ལན་གཅིག་མིན་པར་ལུང་བསྟན་པ་ལྟར།

གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ངོ་སྤྲོད།

གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ངོ་སྤྲོད།

April 20, 2022
0

གསེར་རྟ་ལྔ་རིག་ནང་བསྟན་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་དབལ་ཤུལ་གསེར་རྟའི་ས་ཁོངས་གསེར་ཁོག་བླ་མ་རུང་ཞེས་པ་དང་། འཛམ་གླིང་སྤྱིའི་ས་ཁྲའི་དབང་དུ་བྱས་ན་འཕྲེད་ཐིག་བྱང་མ་

khampa writers

༄༅།། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
0

མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

June 2025
M T W T F S S
 1
2345678
9101112131415
16171819202122
23242526272829
30  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།