མདོ་ཁམས་ཆུ་བཞི་སྒང་དྲུག
ལོ་རྒྱུས་ཐོག་བོད་ཀྱི་ས་ཁམས་ཆགས་ཚུལ་གྱི་སྒོ་ནས་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། ལྷོ་མོན་ཁ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་འབོད་སྲོལ་ཡོད་པ་རེད། སྐབས་འདིར་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་པ་དེ་ངོ་སྤྲོད་ཞུ་རྒྱུ་ཡིན། ཆུ་བཞི་སྒང་དྲུག་ཅེས་པ་དེ་བོད་ཀྱི་ས་གཤིས་ཆགས་ཚུལ་གྱི་སྒོ་ནས་དབྱེ་བ་ཞིག་རེད།











