འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།
༡༽ སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་(Introduced)དེ་ནི་ད་ལྟ་འཛམ་གླིང་ཡོངས་ལ་ས་གྲགས་གནམ་གྲགས་དང་ཆེ་མཐོང་དང་གོང་བཀུར་བླ་མེད་གནང་བཞིན་པའི་ཐད་ཀར་དམངས་གཙོ་(Direct Demokratia)དེ་ཡིན། དེའི་དོན་ནི་(Demokratia) (Direct Democracy)(Demo-people)མི་དམངས་དང་(Kratos-power)དབང་ཆའམ་སྟོབས་ཤུགས་ལ་གོ མདོར་ན། མི་དམངས་ཀྱི་སྟོབས་ཤུགས་(People’s Power)ཞེས་པ་དེ་རེད། ད་ལྟ་ནུབ་Greece(Western Greece)རྒྱལ་ཁབ་དེ་ནི་རྩ་ཁྲིམས་སྤྱི་མཐུན་རྒྱལ་ཁབ་(Constitutional Republic)དང་གྲོས་ཚོགས་ལམ་ལུགས་(Parliamentary System)ཡིན་པ་ད་ལྟའི་ཆར་མི་འབོར་ནི་བྱེ་བ་གཅིག་ལྷག་༡.༠༤ Crores (༢༠༢༠)ཡོད་པ་བཤད།
སྤྱི་ལོ་སྔོན་གྱི་ལོ་(༣༠༠BC)ལོར་ནུབ་Greeceརྒྱལ་ཁབ་དེ་ཉིད་ཀྱི་རང་དབང་གཙང་མའི་བདག་དབང་གི་གྲོང་ཁྱེར་(City-states)རྣམས་རྒྱལ་པོ་གཅིག་གི་འོག་ཏུ་གཅིག་སྒྲིལ་གནང་སྟེ་(United under one ruler)ནུབ་Greeceརྒྱལ་ཁབ་ཅེས་པ་དེ་གསར་འཛུགས་གནང་མཁན་ནི་ཡོངས་གྲགས་སུ་གནའ་བོ་ནུབ་Greeceཡི་གོང་མའི་རྒྱལ་ཁམས་(Ancient Greek Empire)སྲོལ་གཏོད་གནང་མཁན་རླབས་ཆེན་གྱི་Alexander(Alexander the great)ཡིན་པ་རེད། རྒྱལ་ཁབ་དེ་ནི་ལྷོ་(Europe)(South Europe)ཕྱོགས་ངོས་སུ་ཆགས་ཡོད་པ་དང་དེ་ནི་(Europe)རྒྱལ་ཁབ་ནང་གི་ཆེས་རིང་ཤོས་ཀྱི་རྒྱ་མཚོའི་ངོགས་མཚམས་(Coastline)ཤིག་ཡིན། རྒྱལ་ཁབ་དེ་ནི་གཙོ་བོ་གླིང་འཕྲན་(Peninsula)གྱི་ས་བབས་ཐོག་ལ་ཆགས་ཡོད་པ་དང་རི་དང་ནགས་ཚལ་དེ་བཞིན་མཚེའུ་མང་པོས་གྲུབ་པའི་ཡུལ་ལུང་ཞིག་ཀྱང་རེད། རྒྱ་མཚོ་ངོས་ནས་བརྩིས་ན་༤༩༨m(༡༦༤༣ft)སྟེང་ལ་ཆགས་ཡོད་པ་བཤད། གླིང་འཕྲན་སྟོང་ཕྲག་མང་པོ་འདུས་པའི་Aegeanམཚོ་གླིང་སྔོན་པོ་(Blue Aegean Sea)དེ་ཤར་ངོས་དང་Mediterraneanམཚོ་གླིང་དེ་(Mediterranean Sea)ལྷོ་ངོས་དེ་བཞིན་Ionianམཚོ་གླིང་(Ionian Sea)དེ་ནུབ་ངོས་སོགས་ཀྱི་བར་ན་ཆགས་པའི་རྒྱལ་ཁབ་ངོ་མཚར་བ་ཞིག་ཡིན། ཆེས་རླབས་ཆེ་ཤོས་ཀྱི་ནུབ་Greeceཡི་མཚན་ཉིད་རིག་པ་བ་(The Greatest Three Pioneer Philosophers)གཙོ་བོ་གསུམ་བྱུང་ཡོད་པ་རྣམས་ནི།
༡༽ Socrates
ཁོང་ནི་ནུབ་Greeceརྒྱལ་ཁབ་ཀྱི་ཆེས་རླབས་ཆེ་ཤོས་ཀྱི་མཚན་ཉིད་རིགས་པ་སྨྲ་བ་ཞིག་ཡིན་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཟང་སྤྱོད་སྲོལ་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་མཚན་ཉིད་སྨྲ་བ་(The first moral philosopher of the Western ethical tradition of thought)ཐོག་མ་དེ་ཡིན་པ་མ་ཟད་འཛམ་གླིང་ཀུན་གྱི་གནའ་བོའི་མཚན་ཉིད་སྨྲ་བའི་རྒྱལ་པོ་(Ancient philosopher king of the world)ཞེས་ཡོངས་གྲགས་སུ་ངོན་འཛིན་གནང་གི་ཡོད། ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་(༤༧༠BC)ལོར་Anthensཡི་ཡུལ་(Deme Alopece)རུ་ཁྱིམ་ཚང་འབྱོར་ཕྱུག་དེ་ཙམ་མིན་པའི་(Not wealthy family)རྡོ་བཟོ་གནང་མཁན་(Stonemason)ཡབ་དམ་པ་(Sophronicaniscus)དང་འཕྲུ་གུ་བཙས་རོགས་མ(Midwife)ཡུམ་དམ་པ་(Phaenarete)གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་རེད། ཁོང་ནི་ཁོང་གི་ཕ་མ་གཉིས་ཀྱི་གཅེས་ཕྲུག་གཅིག་ཁོ་ན་དེ་ཡིན། ཁོང་ལ་སྤུན་ཕྱེད་(Half-sibling)གཅིག་ཡོད་པ་ནི་Patroclesཟེར་བ་དེ་རེད།
Socrates ཡིས་འཛམ་གླིང་ཀུན་ལ་ཕུལ་བའི་ལེགས་སྐྱེས་གཙོ་བོ་རྣམས་ནི། སྤྱིར་སྐྱེས་མཆོག་ཁོང་གི་དགེ་ཕྲུག་གཙོ་བོ་Platoདང་Xenophonགཙོས་པའི་གཞན་དགེ་ཕྲུག་རྣམས་ཀྱིས་ཁོང་གི་གསུང་རྣམས་སྡུད་སྒྲུབ་(Composed)ལས་བརྩམས་གནང་བའི་བསྟན་བཅོས་མ་གཏོགས་ཁོང་རང་ཉིད་ཀྱིས་བརྩམས་གནང་བའི་བསྟན་བཅོས་(Text)གཅིག་ཀྱང་མེད་པ་བཤད། ཁོང་གིས་གནད་དོན་གཙོ་བོ་གླེང་སློང་བྱ་ཡུལ་དེ་ནི་འགྲོ་བ་མྱི་རྣམས་རང་ཉིད་ཀྱིས་རྣམ་དཔྱོད་དམ་ཤེས་རབ་(Wisdom)དེ་བཀོལ་སྤྱོད་ནས་བགྲོ་གླེང་(Discussion)དང་དྲི་ལན་(Question and Answer Q- A)བརྒྱུད་ཆོས་དང་བྱུང་བ་དངོས་པོའི་གནད་དོན་ཀུན་ལ་དོགས་སློང་ལས་དེ་དག་གི་བདེན་དོན་རང་ལུགས་ངོ་མ་དེ་རྙེད་འཇུག་རྒྱུ་(Let to discover the True Nature of all the Matters)དེ་ཡིན་པ་རེད།
ཁོང་གིས་དགེ་བའམ་མཛངས་སྤྱོད་(Virtue)དེ་ནི་སྤྱིར་བཏང་དྲང་བདེན་(Justice)དང་སྙིང་སྟོབས་(Courage)ཆོས་སྤྱོད་(Piety)མཛེས་སྡུག་(Beauty)ནུས་ཤུགས་(Strength)དེ་བཞིན་འགྲོ་བ་མྱི་རྣམས་ཀྱི་འཕྲོད་བསྟེན་ཁེ་དབང་(Health benefit human beings)སོགས་ཡིན་པ་གསུངས་གནང་ཡོད་མོད། གཙོ་བོ་འགྲོ་བ་མྱིའི་ཤེས་རབ་(Wisdom)ལ་གོ་དགོས་པའི་རྣམ་གཞག་གཏན་ལ་ཕབ་པ་དང་ཤེས་རབ་དེ་ནི་མྱིའི་སྒྱུ་རྩལ་དང་ཤེས་ཡོན་གཉིས་(Skill and Knowledge)ཡིན་པ་གསུངས་ཡོད། དེའང་མྱིའི་སྒྱུ་རྩལ་དང་ཤེས་ཡོན་གཉིས་དེ་བཟང་ཕྱོགས་སུ་བེད་སྤྱོད་གནང་དགོས་པ་སྐུལ་མ་ནན་པོ་གནང་ཡོད་པ་དང་གཙོ་ཆེ་ཤོས་ནི་དྲང་བདེན་(Truth)དང་དགེ་བའམ་མཛངས་སྤྱོད་(Virtue)གཉིས་དེ་མཐའ་སྐྱེལ་ལམ་རྩོལ་གཞི་(Pursuit of Virtue and Truth)གནང་རྒྱུ་དེ་ཡིན་པ་རེད། །
ད་རུང་ཁོང་གིས་དམངས་གཙོ་(Demokratia-Democracy)དང་སྲིད་དོན་(Politics)གཉིས་ཀྱི་གནད་དོན་ཐད་ལ་གསུངས་ཡོད་པ་རེད། ཁོང་ནི་སྲིད་དོན་གྱི་རིགས་ལ་དམིགས་བསལ་ཡིད་རྟོན་(No particular belief on politics)གང་ཡང་མེད་པ་དང་དམངས་གཙོའི་ལུགས་ཀ་ལའང་དགག་བཞག་(Object to Democracy)གནང་མཁན་ཞིག་ཡིན་ནི་རེད།
སྐབས་དེ་དུས་Athensབཙན་དབང་སྲིད་གཞུང་(Tyrannical Athens Government)ནས་ཁོང་ཉིད་ཀྱིས་Athensན་གཞོན་རྣམས་ལ་རུལ་སུངས་བགྱིད་ཀྱི་ཡོད་པ་(Corrupting the youth of Athens)དང་ཁོ་ཚོའི་ཡུལ་ལུང་ན་ཡ་མ་ཟུང་གི་ལྷ་གསར་སྲོལ་གཏོད་(Introduced strange gods)གནང་གི་ཡོད་ལུགས་ཀྱི་གཞི་མེད་སྐྱོན་འཛུགས་བགྱིས་ཏེ་བཙོན་ཁང་ནང་བཅུག་ནས་མཐར་སྤྱི་ལོ་སྔོན་གྱི་ལོ་(༣༩༩BC)ནང་ལ་བཙོན་ཁང་ནས་དུག་ཤིང་གི་སྡོང་བུའི་དུག་ཆུ་(Poisonous plant hemlock)བླུད་དེ་སྐུ་བཀྲོངས་པ་རེད།
འཛམ་གླིང་ནང་གི་མྱི་ཕལ་ཆེ་བས་ཁོང་ལ་ཆེ་མཐོང་དང་ཡི་རངས་གུས་བཀུར་གཙིགས་ཆེན་སོགས་ཆེས་བླ་ན་མེད་པ་འདི་ལྟ་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཆེས་ངོ་མཚར་བའི་སྐྱེས་མཆོག་ཁོང་གི་མྱི་གཞི་གསེར་(Gold)འདྲ་བ་དེ་དང་ཀུན་སྤྱོད་དངུལ་(Silver)འདྲ་བ་དེ་དེ་བཞིན་བསམ་བློ་ཟངས་(Copper)འདྲ་བ་རྣམས་ཁོང་ཉིད་ཀྱི་གཤིས་རྒྱུད་ལ་བདོག་ཡོད་པར་བརྟེན་ནས་རེད། དེའང་ཁོང་ཉིད་འཆི་ཁའི་སྲོག་ལ་ཐུག་ཡོད་པ་མཁྱེན་ཏེ་དེ་ལས་གཡོ་ཆེད་གཞན་ཡུལ་དུ་གྲོས་བྱོལ་(To flee in exile)གནང་ན་གནང་ཐུབ་པའི་གནས་སྟངས་བྱུང་ཡོད་པ་མ་ཟད་ཁོང་དང་ཆེས་བློ་ཐག་ཉེ་བའི་མྱི་ཚོས་གྲོས་བྱོལ་གནང་ན་ལེགས་ཚུལ་གྱི་ཁ་ཏ་བསླབ་བྱ་བགྱིས་ཡོད་ནའང་དེ་ལྟར་མ་གནང་པ་སྲིད་གཞུང་བཙོག་པའི་ཇུས་ངན་ལས་དུག་ཆུ་འཐུངས་ཏེ་ངོ་མཚར་བའི་འཇིག་རྟེན་འདི་ནས་སྐུ་སྲོག་བསྒྲལ་བཅུག་སོང་ནི་རེད།
རྒྱུ་མཚན་ནི།
ཁོང་རང་ཉིད་ཀྱི་ཆེས་རིན་ཐང་བྲལ་བའི་ཚེ་སྲོག་དེ་ཡིན་ནའང་དྲང་བདེན་སྲུང་སྐྱོབ་དང་གོང་བཀུར་སླད་དུ་(For the sake of Truth with honour and protection)བློས་གཏོང་ཕོད་པའི་སྙིང་སྟོབས་གསོན་པོ་དེ་མཚོན་དོན་དུ་ཡིན་པ་དང་དེས་འཛམ་གླིང་ཡོངས་ལ་སྒུལ་ཤུགས་གསར་པ་ཞིག་བརྟས་ཡོད་པ་མ་ཟད་འབྱུང་འགྱུར་འཛམ་གླིང་གི་ཁ་ཕྱོགས་ལའང་ཞི་བདེའི་འོད་སྣང་ཅིག་གིས་སྤུད་གནང་མཛད་ཡོད།
༢༽ Plato
རླབས་ཆེན་གྱི་སྐྱེས་བུ་དམ་པ་ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་(༤༢༧ BC)ལོར་Athensརུ་མི་དྲག་གི་ཁྱིམ་ཚང་(Aristocratic Family)ཞིག་ནང་ཡབ་Aristonདང་ཡུམ་Perictioneགཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་རེད། ཁོང་ནི་འཛམ་གླིང་སྟེང་གཙུག་ལག་སློབ་གཉེར་ཁང་གི་ལྟེ་གནས་ཐོག་མ་དེ་གསར་འཛུགས་གནང་མཁན་(Founder of the first College the Academy in the world ༣༨༨ BC)ཡིན་པ་དང་དེ་ལ་མིང་བྱང་ནི་Platoཡི་གཙུག་ལག་སློབ་ཁང་ངམ་སློབ་རིག་ཁང་(Plato’s Academy or The Academy)ཞེས་བཏགས་གནང་ཡོད་པ་མ་ཟད་ཁོང་ནི་འཛམ་གླིང་ཐོག་གི་ཐབས་ཚུལ་ལམ་ལུགས་ཀྱི་སྲིད་དོན་གྱི་རྣམ་གཞག་སྨྲ་མཁན་(The first Systematic Political Theorist in the world)ཆེས་ཐོག་མ་ཞིག་ཀྱང་ཡིན་ནི་རེད། དེ་བཞིན་ཁོང་ནི་འཛམ་གླིང་ནང་ལ་ཆེས་སྐད་གྲགས་ཆེ་བའི་འཛམ་གླིང་ཡོངས་ཀྱི་མཚན་ཉིད་ཀྱི་རྒྱལ་པོ་(The Entire world Philosopher King)Socratesཡི་དགེ་ཕྲུག་རྩེ་ཕུད་ཀྱི་གྲས་ཤིག་ཡིན། ཁོང་གིས་སློབ་དཔོན་Socratesཡི་གསུང་རྣམས་སྡུད་སྒྲུབ་གནང་བའི་བསྟན་བཅོས་དང་ཁོང་རང་ཉིད་ཀྱིས་བརྩམས་གནང་བའི་མཚན་ཉིད་ཀྱི་བསྟན་བཅོས་(Philosophical Texts)མང་དག་ཡོད་པ་ལས་དཔེར་འགའ་ནི། མི་སེར་རྒྱལ་ཁབ་བམ་སྤྱི་མཐུན་རྒྱལ་ཁབ་(Republic)དང་བཟོད་གསོལ་(Apology) (Gorgias)དེ་བཞིན་ཆེད་དོན་བགྲོ་གླེང་(The Symposium)ལ་སོགས་པ་ཧ་ཅང་མང་།
སྐྱེས་ཆེན་དམ་པ་ཁོང་གིས་གནད་དོན་གཙོ་བོ་གླེང་སློང་གནང་ཡུལ་དེ་ནི་མྱིའི་རང་གཤིས་ཀྱི་ནུས་པ་དང་གནད་ལུགས་(Human Nature and its capacity and reason)སོགས་ལས་དཀའ་ཚེགས་དང་བར་ཆད་དག་ནས་རྣམ་པར་རྒྱལ་(Overcome)དགོས་ལུགས་ཀྱི་མན་ངག་(Advice or Instruction)དང་མང་ཚོགས་ལམ་ལུགས་(Communism)དེ་ནི་ཁྱིམ་རྒྱུད་(Family Lineage)དང་ཉེ་དགའ་ཕྱོགས་ལྷུང་(Nepotism)དེ་བཞིན་མཁར་དབང་ངམ་རྒྱུ་ནོར་(Property)སོགས་ཀྱིས་དབང་སྒྱུར་མ་ཡིན་པ་དེ་ནི་རིག་གནས་ཅན་དང་ཡོན་ཏན་པ་རྣམས་ཀྱིས་རང་ཁེ་དང་རང་ཕན་(Self interests)ཐོག་ནས་མིན་པ་ཐུན་མོང་གི་ཁེ་ཕན་རྣམས་གོང་སྤེལ་(Promotion of Common Good)དང་ལྟ་སྐྱོང་ལས་འགོ་ཁྲིད་གནང་དགོས་རྒྱུ་ནི་གལ་འགངས་ཆེ་བ་གསུངས་གནང་ཡོད། རྒྱལ་ཁབ་ཀྱི་སྲིད་གཞུང་ལུགས་(Form of Government)དེ་ནི་མི་དྲག་རིང་ལུགས་(Aristocracy)ཀྱིས་འཛིན་རྒྱུ་ནི་གལ་ཆེ་ཡིན་པ་དང་དེའང་མཚན་ཉིད་རིགས་པའི་རྒྱལ་པོའི་ལུགས་ཀ་(The system of Philosopher King)ལས་འཛིན་སྐྱོང་གནང་དགོས་ཚུལ་གསུངས་གནང་ཡོད།
ཁོང་གིས་མཚན་ཉིད་རིགས་པའི་རྒྱལ་པོའི་ལུགས་ཀ་དེ་གང་འདྲ་ཞིག་ལ་ངོན་འཛིན་གནང་གི་ཡོད་དམ་ཟེར་ན། དེ་ནི་ཤེས་ཡོན་གྱི་གནད་ཚད་ཧ་ཅང་མཐོ་པོ་(Highly Educated)ཡོད་མཁན་དང་དྲང་བདེན་ལ་སེམས་ཚོར་(Passion for Truth)ཡོད་མཁན་དེ་བཞིན་བཟང་བའི་ཤེས་ཡོན་གྱི་རྣམ་དཔྱོད་ཆེས་ཁྱད་དུ་འཕགས་པ་(Greatest Wisdom of Knowledge of Good)ཡོད་མཁན་གྱི་གང་ཟག་ཅིག་ཡིན་དགོས་པའི་འདོད་ཚུལ་ངོ་མཚར་བ་དེ་ཡིན་པ་རེད། དེ་ཙམ་མིན་པ་ཁོང་གིས་ཡང་དག་པའི་མྱི་ཚེ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་མིན་དང་མིབོ་སྙམ་པའི་བསམ་བློའི་འདུ་ཤེས་(Cognitive)སྐྲུན་སྟངས་རྣམ་དཔྱོད་ཅན་གྱི་འགོ་ཁྲིད་ཀྱི་སྐོར་དེ་བཞིན་མིའི་རྣམ་ཤེས་ཀྱི་མ་ལག་གཙོ་བོ་གསུམ་སྟེ་(Three elements of Soul)དཔའ་བོ་ལ་སྙིང་སྟོབས་མངའ་རྒྱུ་(Courage for warriors)དང་རྒྱལ་པོའམ་འགོ་ཁྲིད་ལ་གནད་ལུགས་བདོག་དགོས་རྒྱུ་(Reason for rulers)དེ་བཞིན་མི་སེར་གྱི་ཡི་ག་(Appetite for people especially labor)སོགས་ཚང་དགོས་ལུགས་གསུངས་གནང་ཡོད།
དེ་མ་ཚད་ཁོང་གིས་བརྩམས་གནང་བའི་སྙན་གྲགས་ཆེ་ཤོས་ཀྱི་བསྟན་བཅོས་ནི་མི་སེར་རྒྱལ་ཁབ་བམ་སྤྱི་མཐུན་རྒྱལ་ཁབ་(Plato’s most famous Text)དེ་ཡིན་པ་དང་དེའི་ནང་གཙོ་བོ་གླེང་ས་ནི་མྱིའི་བློ་རིག་གམ་བསམ་བློ་(Idea)དང་རིན་ཐང་(Value)བཟང་སྤྱོད་(Ethics)དེ་བཞིན་ཁོང་གི་སློབ་དཔོན་ཆེན་པོ་Socratesཡིས་མཛད་གནང་བའི་བཀའ་སྡུར་རམ་བགྲོ་གླེང་སོགས་ཀྱི་སྐོར་ལ་གསུངས་གནང་ཡོད་པ་རེད།
མདོར་ན།
འབྱུང་འགྱུར་འཛམ་གླིང་ན་ཕུལ་བྱུང་གི་སྤྱི་ཚོགས་(Ideal Society)ཤིག་འོང་ཐབས་སུ་ཁོང་གིས་གནད་དོན་མི་འདྲ་བའི་ཁག་ནས་གླེང་སློང་ཤུགས་ཆེ་གནང་ཡོད་པའི་སློབ་གསོའི་རྣམ་གཞག་ཆེས་ལེགས་པ་ཞིག་ཡིན། ཁོང་གིས་བརྩམས་གནང་བའི་བསྟན་བཅོས་གཙོ་བོ་སྟེ་(Republic,Crito,Apology,Gorgias,Nomoi, Phaedo,Complete works,the Symposium, the trial death of Socrates etc)ལ་སོགས་པ་ཡིན་པ་དང་། ཁོང་གི་དགེ་ཕྲུག་གྲགས་ཅན་ཆེ་ཤོས་(Notable student)Aristotleལ་སོགས་པ་དགེ་ཕྲུག་ཧ་ཅང་མང་། མཐར་སྤྱི་ལོ་སྔོན་གྱི་ལོ་(༣༤༧ BC)ལོར་Athensརུ་སྐྱེས་མཆོག་ཁོང་ཉིད་ངོ་མཚར་བའི་འཇིག་རྟེན་འདི་ནས་སྐུ་བདེ་བ་གཤེགས་སོང་ནི་རེད།
༣༽ Aristotle
ནུབ་Greeceཡི་སྐྱེས་ཆེན་དམ་པ་ཁོང་ནི་སྤྱི་ལོ་སྔོན་གྱི་ལོ་(༣༨༤BC)ལོར་Greeceཡི་ཡུལ་Stagiraཞེས་པ་ཁྱིམ་ཚང་འབྲིང་འབྲིང་ཞིག་གི་ནང་ལ་ཡབ་Nichomuchusམཆོག་ཡིན་ཞིང་ཁོང་ནི་Macedonཡི་རྒྱལ་པོ་Amyntasཞེས་པ་དེའི་སྐུའི་བླ་སྨན་པ་(Personal Physician)ཡིན་པ་དང་ཡུམ་ནི་Paestisཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་རེད།
ཁོང་ནི་འཛམ་གླིང་ནང་གི་རླབས་ཆེན་གྱི་མཚན་ཉིད་སྨྲ་བ་(The Great Philosopher)ཞིག་ཡིན་པ་མ་ཟད་འཛམ་གླིང་ནང་གི་ཆེས་ཐོག་མའི་ཆབ་སྲིད་ཚན་རིག་གི་ཡབ་ཆེན་(The first Father of Political Science in the world)དུའང་ངོས་འཛིན་གནང་གི་ཡོད་པ་རེད། སྤྱི་ལོ་སྔོན་གྱི་ལོ་(༣༣༥BC)ནང་ལ་ཁོང་གིས་(The Lyceum school)ཞེས་པའི་མཚན་ཉིད་ཀྱི་རིག་སློབ་ཁང་དེ་གསར་འཛུགས་གནང་བ་རེད། མཚན་ཉིད་ཀྱི་རིག་སློབ་ཁང་དེ་ནི་ཆེས་གལ་འགངས་ཆེ་བའི་སློབ་རིག་གི་ལྟེ་གནས་ཁང་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། སྐྱེས་མཆོག་ཁོང་གིས་གླེང་སློང་གནང་སའི་གནད་དོན་གཙོ་བོ་ནི། ཁོང་གིས་གསུངས་དོན་ལྟར་འགྱུར་ལྡོག་ནི་བྱུང་བ་དགོས་གྲུབ་ཀྱི་ཆོས་ཉིད་(Change is Teleological Nature)ཡིན་པ་འདོད་པ་དང་ཆེས་མཐའ་ཐུག་གི་མིའི་བྱ་སྤྱོད་ཀྱི་དགོས་དམིགས་དེ་ནི་བདེ་སྐྱིད་འཚོལ་ཆེད་(The end of man’s action was Happiness)དུ་ཡིན་པ་དེ་བཞིན་འགྲོ་བ་མྱི་རྣམས་ནི་ཆེས་བྲལ་ཐབས་དབེན་པའི་ཆབ་སྲིད་ཀྱི་སྤྱི་ཚོགས་སེམས་ཅན་ཞིག་ཏུ་རང་བྱུང་ལས་གྲུབ་པ་(Man was by nature a political animal)ཡིན་ཚུལ་སོགས་གསུངས་གནང་ཡོད།
ཁོང་གིས་སྤྱི་གཞུང་(State)གི་སྐོར་ལ་གསུངས་དོན། སྤྱི་གཞུང་དང་མི་སེར་གཉིས་ནི་ཆེས་བྲལ་ཐབས་མེད་པའི་སྦྲེལ་མཐུད་(People and State were linked together inseparable)གནང་ཡོད་པས་སྤྱི་གཞུང་དེ་ཉིད་རང་ཁ་རང་གསོ་འགྲིག་ངེས་ཤིག་(Self-sufficiency of State)སྐྲུན་རྒྱུ་ནི་ཧ་ཅང་གནད་འགག་ཅིག་ཏུ་ཡིན་པ་འདོད་ཡོད་ནི་རེད། རྒྱུ་མཚན་གང་ལ་ཞེས་ན། སྤྱི་གཞུང་བཙུགས་དགོས་པའི་དམིགས་དོན་གཙོ་བོ་དེ་ནི་རང་ཁ་རང་གསོ་ཐུབ་པ་(The end of State was self-sufficiency)གནང་སྟེ་རང་ཉིད་ཀྱི་མི་སེར་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་དང་རྒྱལ་ཁབ་རང་ཉིད་ཀྱི་ཆབ་དཔལ་རིག་དམག་བཞིའི་ཐད་ལ་སྔོན་ཐོན་དང་འཕེལ་རྒྱས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འཛུགས་སྐྲུན་བགྱིད་ཐུབ་དགོས་རྒྱུ་དེ་ཡིན་པ་རེད། གལ་ཏེ་སྤྱི་གཞུང་རང་ཉིད་སྲ་བརྟན་མེད་པར་(Unstable State)ཆགས་ཚེ་དེ་ལས་མི་སེར་རྣམ་ལ་བཟོད་སྲན་མི་ཐུབ་པའི་སྡུག་བསྔལ་དང་མནར་གདུང་འོང་རྒྱུ་ནི་ཐེམ་ཚོམ་མེད་པའི་གནད་དོན་ཞིག་ཏུ་མཐོང་བས་རེད།
ད་རུང་ཁོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྲ་བརྟན་(Constitutional Stability of the Nation)ཐད་ལ་དགོངས་བཞེད་གནང་ཚུལ་དེ་ནི། རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་ལེགས་པོ་ཞིག་འཆག་རྒྱུ་ལ་གནད་དོན་གཙོ་བོ་གསུམ་(A good Forms of Government)གསུངས་གནང་ཡོད། དེའང་སྤྱི་གཞུང་དེ་ཉིད་རྒྱལ་པོས་སྲིད་དབང་(Monarchy)འཛིན་གལ་ཆེ་ནའང་བཙན་དབང་སྲིད་གཞུང་(Not Tyranny)མ་ཡིན་པ་མི་དྲག་གིས་སྲིད་དབང་(Aristocracy)འཛིན་གལ་ཆེ་ནའང་དེ་ནི་བཙན་དབང་ལས་གྲངས་ཉུང་ཤོག་ཁག་གིས་འཛིན་པའི་སྲིད་གཞུང་(Not Oligarchy)མ་ཡིན་པ་དེ་བཞིན་དམངས་གཙོའི་གཞུང་སྲིད་ལམ་ལུགས་(Polity of Democracy)ཀྱིས་སྲིད་དབང་འཛིན་གལ་ཆེ་རུང་དེ་ནི་ཟིང་སློང་ཁྲིམས་བཤིག་མི་ཚོགས་(Not Mob)ཀྱིས་འཛིན་པའི་སྲིད་གཞུང་མ་ཡིན་པ་སོགས་དགོས་རྒྱུ་དེ་ནི་སྲིད་གཞུང་དེ་ཉིད་ཆེས་ལེགས་པའི་རྒྱུན་སྲིང་སྲ་བརྟན་ངང་གནས་ཐུབ་པ་ཞིག་ཡིན་པ་ནན་གྱིས་གསུངས་གནང་ཡོད། སྲིད་གཞུང་དེ་ལྟ་བུའི་བྱེད་ལས་ཀྱི་འགན་འཁྲི་གཙོ་བོ་(The Core Responsibility of Government Functions)ནི་བློ་གྲོས་ཀྱི་ནུས་མཐུ་ལྡན་པའི་དགེ་མཚན་(Intellectual Virtues)དང་བཟང་སྤྱོད་(Morals)ལ་སོགས་པ་བརྒྱུད་མི་སེར་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་འོང་ཆེད་དུ་རོགས་འདེགས་གནང་རྒྱུ་དེ་ཡིན་པ་བརྗོད་ཡོད།
མདོར་ན།
གོང་གི་སྲིད་དབང་ལམ་ལུགས་དེ་དག་ལས་སྲིད་གཞུང་དེ་ཉིད་སྲ་བརྟན་འོང་རྒྱུ་དང་མེ་སེར་རྣམས་ཀྱི་འཚོ་བ་དེ་བདེ་སྐྱིད་ལྡན་པ་ཞིག་ཏུ་ཡོང་དགོས་ན་གཙོ་བོ་སྲིད་གཞུང་དེ་ཉིད་ཟླ་འདྲེས་ཀྱི་སྲིད་གཞུང་(Polis-Politeia)(Mixed Government)དགོས་གལ་ཤིན་ཏུ་ཆེ་བ་ཡིན་ཟེར། དེའང་དབང་སྒྱུར་གནང་རྒྱུ་ནི་སྐོར་རེས་སམ་བརྗེ་ལེན་ལས་སྲིད་དབང་སྒྱུར་དགོས་པ་(Rule and are Ruled by Turn)དང་དེ་ནི་གྲལ་རིམ་དམིགས་བསལ་ཞིག་གིས་དབང་སྒྱུར་བ་མ་ཡིན་པ་(No particular class monopolised)མི་སེར་རྣམས་ཀྱིས་ཁེ་དབང་དང་ཐོབ་ཐང་ལས་སྲིད་གཞུང་བཟང་པོ་ཞིག་འཛུགས་སྐྲུན་གནང་ཐུབ་དགོས་རྒྱུ་(The rights of citizens to a form of Government)དེ་ནི་ཆེས་གལ་འགངས་ཆེ་ཤོས་སུ་ཡིན་པ་ནན་གྱིས་ངང་ནས་གསུངས་གནང་ཡོད་པ་རེད།
ཁོང་གིས་བརྩམས་གནང་བའི་བསྟན་བཅོས་གཙོ་བོ་འགའ་སྟེ། ཆེས་སྙན་གྲགས་ཆེ་ཤོས་ཀྱི་བསྟན་བཅོས་ཚད་མ་རིག་པའི་རྣམ་གཞག་(Metaphysics)དང་དངོས་ཁམས་རིག་པའི་རྣམ་གཞག་(Physics)ཀུན་སྤྱོད་ཀྱི་མཛད་པའི་རྣམ་གཞག་(Nicomachean Ethics,)སྲིད་དོན་གྱི་རྣམ་གཞག་Politics,སྙན་ངག་གི་གཞུང་དང་རྣམ་ཤེས་གཉིས་ཀྱི་སྐོར(On the Soul and Poetics,)སེམས་ཅན་གྱི་ལོ་རྒྱུས་རྣམ་གཞག་(History of Animals,)གནམ་གཤིས་རིག་པའི་རྣམ་གཞག་(Meteorology,)མི་རབས་དང་རུལ་སུངས་(Generation and Corruption etc)ཀྱི་རྣམ་གཞག་ལ་སོགས་པ་ཧ་ཅང་མང་། རླབས་ཆེན་གྱི་Alexander(Alexander the Great)ནི་ཁོང་གི་དགེ་ཕྲུག་ཀུན་ལས་ཆེས་སྐད་གྲགས་ཆེ་ཤོས་དེ་ཡིན་པ་བཤད། མཐར་སྤྱི་ལོ་སྔོན་གྱི་ལོ་(༣༢༢BC)ལོར་ནུབ་Greeceཡི་ཡུལ་Chalcisཞེས་པ་དེར་སྐྱེས་མཆོག་ཁོང་ཉིད་འཇུ་བྱེད་དབང་པོའི་ནད་གཞི་(Disease of Digestive Organ)ལས་ངོ་མཚར་བའི་འཇིག་རྟེན་འདི་ནས་སྐུ་བདེ་བ་གཤེགས་སོང་ནི་རེད་ཟེར།། །།