Wednesday, December 3, 2025
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

འབེ་དང་གཡང་གི་ར་བ་སྒོ་བཞི།

ནགས་ཕྲན་པ་བསོད་ནམས་ཚེ་རིང་།

April 2, 2022
in དཔྱད་རྩོམ།
0

ང་དང་གྲོགས་པོ་ཁག་ཅིག་གིས་ཉིན་འགའི་སྔོན་རང་རེ་བོད་མི་རིགས་ཀྱི་ཡུལ་སྲོལ་དང་གོམ་གཤིས་སྐོར་ལ་བགྲོ་གླེང་ཞིག་བྱས། རིམ་བཞིན་ང་ཚོའི་བགྲོ་གླེང་དེ་ལས་འཕྲོས་དེ་ང་ཚོ་ནགས་ཕྲན་སྡེ་བའི་ནང་ལོ་གསར་སྐབས་འབེ་ཟེར་བའི་སྒོ་ཕྱུགས་སེམས་ཅན་གྱི་འདྲ་གཟུགས་བཅའ་སྲོལ་ཡོད་པའི་སྐོར་ལ་གླེང་མོལ་བྱས་པ་ཡིན། ང་ཚོ་བགྲོ་གླེང་བྱེད་མཁན་དག་ནི་སློབ་གྲྭ་བ་དང་དགེ་རྒན། གྲྭ་ས་བ་བཅས་ཐེ་བའི་ཤེས་ཡོན་ལ་སྦྱང་མཁན་ཁག་ཅིག་ཡིན་ནའང་། གནའ་ནས་དམངས་ཁྲོད་དུ་དར་བའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་གི་རྒྱབ་ལྗོངས་དང་བྱུང་རབས་ཤེས་ཀྱི་མེད་པའམ་སྣང་ཆུང་དུ་བཏང་སྟེ། ཐ་ན་སོ་སོའི་མི་ཚེའི་ནང་ལོ་ལྟར་ལོ་གསར་རྟེན་འབྲེལ་གྱི་བྱེད་སྒོའི་སྐབས་གལ་ཆེན་ཞིག་ཏུ་བརྩིས་དེ་བཅའ་སྲོལ་ཡོད་པའི་འབེའི་སྐོར་ལ་ཡང་རྦད་དེ་རྨོངས་པར་གྱུར་ཡོད་པ་གཞི་ནས་ཚོར་བྱུང་། ངས་ཉིན་འགའི་རིང་ལ་ལས་ཞོར་དུ་སྲོལ་རྒྱུན་འདིའི་བྱུང་རབས་སྐོར་ལ་བསམ་བློ་ཏོག་ཙམ་གཏོང་རྒྱུ་བྱུང་བ་དང་། མི་རབས་རྒན་པ་ཁག་ཅིག་ལ་ཡང་དྲིས་པ་ཡིན་མོད། རྒན་རབས་པ་ཚོས་འདི་ནི་ལོ་གསར་སྐབས་བུ་ཕྲུག་ཚོར་གསོལ་རས་ལྟར་སྦྱིན་རྒྱུའི་ཡུལ་སྲོལ་ཙམ་ཡིན་པ་དང་། དེ་ལས་གཞན་རང་གི་སྒོ་ཕྱུགས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཙམ་ཡིན་པའི་བསམ་ཚུལ་ཙམ་བཤད་མཁན་བྱུང་ཡང་། སྲོལ་རྒྱུན་འདིའི་བྱུང་རབས་ངོ་མ་ཞིག་དང་། མཚོན་དོན་ངོ་མ་ཞིག་ནི་ཁ་ཚོན་བཅད་ནས་བཤད་མཁན་རྙེད་མ་སོང་། འོན་ཀྱང་། འབེ་ཟེར་བའི་མིང་ཚིག་གམ་ཐ་སྙད་འདི་ནི་འབག་ཅེས་པ་ཡུལ་སྐད་དུ་ཟུར་ཆགས་པ་ཞིག་ཡིན་པར་འདོད་དེ། འབེ་ཟེར་བའི་ཐ་སྙད་ཀྱི་བསྟན་བྱ་ནི་འབག་དང་ནང་དོན་གཅིག་པ་ཡིན་པས་སོ། ། བོད་ཀྱི་ཚིག་མཛོད་ཁག་གི་ནང་འབག་ཅེས་པ་ནི། འཇིམ་པས་བཟོས་པའི་མི་ཕྱུགས་ཀྱི་འདྲ་གཟུགས་ཀྱི་མིང་སྟེ།  དཔེར་ན། འབག་སྐུ། འབག་བཟོ། མགོ་ལ་འབག་གྱོན། གདོང་འབག་ཅེས་པ་ལྟ་བུ་ཞེས་འཁོད། ད་འོ་ན། ང་ཚོའི་ཚོ་བའི་ཡུལ་སྲོལ་དུ་ལོ་གསར་རྟེན་འབྲེལ་གྱི་བྱེད་སྒོའི་སྐབས་ཀྱི་འབེ་ཟེར་བ་དེ་ག་འདྲ་ཞིག་རེད་ཟེར་ན། འདི་ནི་ལོ་གསར་རྟེན་འབྲེལ་ལ་གྲ་སྒྲིག་སྐབས་གྲོ་ཕྱེ་བརྫིས་ཏེ་ཁྱིམ་ཚང་གི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་སོགས་ཀྱི་འདྲ་གཟུགས་རེ་བཅའ་སྲོལ་ཡོད་པ་དང་། དེ་ཡང་གཙོ་བོ་རང་གི་མཆོད་བཤམས་ནང་བཤམ་རྒྱུར་དམིགས་ནས་ལྷ་གཡག་དང་། ལྷ་ལུག །ཀླུའི་མཛོ་མོ། ལྷ་རྟ་ཟེར་བ་བཅའ་སྲོལ་ཡོད་ལ། དེ་མིན་ཁྱི་དང་སེང་གེའི་འདྲ་གཟུགས་ཀྱང་བཅའ་སྲོལ་ཡོད། གཞན་ཡང་གཉེན་ཉེ་དང་སྤུན་མཆེད་ཀྱི་བྱིས་པ་རྣམས་ལ་རྟེན་འབྲེལ་མཚོན་ཆེད་འབེ་སྐལ་རེ་བཅས་ཏེ། ལོ་གསར་མགྲོན་འབོད་སྐབས་བྱིས་པ་བུ་རྣམས་ལ་འབེ་ཕོ་གཟུགས་རེ་དང་། བུ་མོ་རྣམས་ལ་འབེ་མོ་གཟུགས་རེ་སྟེར་སྲོལ་ཡོད་པས། བྱིས་པ་རྣམས་ཀྱིས་འབེ་ནི་ཧ་ཅང་རྩ་ཆེན་ཞིག་ཏུ་འཛིན། དེ་ཡང་འབེ་བཅའ་སྐབས་ཕྱེ་རྗེན་ཆུ་འཁྱག་གིས་བརྫིས་དེ་གར་སླ་རན་ཙམ་བྱུང་རྗེས། སྒོ་ཕྱུགས་ཀྱི་འདྲ་གཟུགས་བཅའ་བ་དང་། ཐབ་ལ་རྡོ་བ་ལེབ་མོ་ཞིག་ངར་དུ་བཅུག་པའི་ཐོག་དང་། གོ་ཐལ་ཚ་བོ་བཅས་སུ་རིམ་བཞིན་བསྲེགས་ཏེ་ཚོས་པར་བྱེད། འབེ་སྲེག་སྐབས་སྒོ་ཕྱུགས་གང་ཞིག་གི་འདྲ་གཟུགས་གསོན་ཉམས་ལྡན་པ་བྱུང་བ་དང་། ཙིར་སྒྲ་གྲགས་ཏེ་སྐད་བྱུང་བ་ཡིན་ན། ལོ་དེར་སྒོ་ཕྱུགས་དེའི་འཕེལ་ཁ་རྒྱས་པ་དང་ལམ་འགྲོ་ཡོང་བའི་རྟེན་འབྲེལ་བརྩི་སྲོལ་ཡོད། སྲོལ་རྒྱུན་འདི་ནི་ང་ཚོ་ནགས་ཕྲན་སྡེ་བའི་ནང་གལ་ཆེན་པོར་བརྩི་བ་ལས། གཞན་གཡས་གཡོན་གྱི་སྡེ་བ་གཞན་པ་ཚོར་སྲོལ་རྒྱུན་འདི་ཡོད་པ་མཐོང་མ་མྱོང་། འོན་ཀྱང་། ང་ཚོས་ད་ལྟའི་བར་སྲོལ་རྒྱུན་འདིའི་བྱུང་རབས་དང་། རྒྱབ་ལྗོངས། མཚོན་དོན་བཅས་ལ་དེ་ཙམ་གྱིས་རྒྱུས་ལོན་བྱེད་མྱོང་མེད་པར་བརྟེན། དེང་སྐབས་ཀྱི་ང་ཚོའི་ཚོ་བའི་ནང་གི་གཞོན་སྐྱེས་སུ་གཅིག་གིས་ཀྱང་འདི་ལ་འགྲེལ་བཤད་འདོད་བློ་ཁེངས་པ་ཞིག་རྒྱག་ཐུབ་ཀྱི་མེད་པས་མ་ཚད། མི་རབས་རྒན་པ་ཚོ་ལ་ཡང་བསམ་ཚུལ་ཙམ་ལས་བཤད་རྒྱུ་མེད་པར་གྱུར་འདུག ཡིན་ནའང་། སྲོལ་རྒྱུན་འདིའི་རྣམ་པར་དཔྱད་པ་ཅུང་ཙམ་བྱས་ན། འདི་ནི་གླིང་གེ་སར་གྱི་སྒྲུང་གཏམ་ལ་དགའ་དད་ཅན་གྱི་དམངས་ཁྲོད་དུ་གྲགས་པའི་གཡང་གི་ར་བ་སྒོ་བཞི་ཟེར་བ་ལས་བྱུང་བར་ཡིད་ཆེས་བྱེད་ཆོག་པར་འདོད།  གཡང་གི་ར་བ་སྒོ་བཞི་ནི་འཁྲུངས་གླིང་མེ་ཏོག་ར་བ་དང་། བོད་མིའི་ངག་རྒྱུན་ནས་བཤད་པ་ལྟར་ན། སྤྱི་ལོའི་དུས་རབས་༡༡ པའི་ནང་ལྷ་སྲས་ཇོ་རུའི་སྐྱེད་ཡུམ་མ་འགོག་མོ་སེང་བློན་གྱི་ནང་ནས་ལོགས་སུ་ཐོན་སྐབས་རྒྱ་བཟས་མ་འགོག་མོ་ལ་རྒོད་མ་གཅིག་དང་། མ་མོ་གཅིག །འབྲི་མོ་གཅིག །ར་མ་གཅིག་བཅས་སྒོ་ཕྱུགས་བཞི་ནོར་སྐལ་དུ་བྱིན་པས། མ་འགོག་མོས་གཞིས་ཁྱིམ་ཟིན་པའི་རྟེན་འབྲེལ་དུ་བསྒྲིགས་ཤིང་། དམངས་ཁྲོད་དུ་གཡང་གི་སྒོ་ཟོག་བཞིའམ། གཡང་གི་ར་བ་སྒོ་བཞི་ཞེས་པའི་གཏམ་དཔེ་ཞིག་བྱུང་བ་དང་། དེ་ནས་བཟུང་གླིང་སྒྲུང་ལ་དད་པའི་བོད་མིའི་དམངས་ཁྲོད་དང་། ལྷག་པར་མདོ་སྨད་ཁུལ་དུ་ལོ་གསར་སྐབས་རྟེན་འབྲེལ་མཚོན་པའི་གཡང་གི་སྒོ་ཟོག་བཞིའམ། གཅིག་བཅས་གང་རུང་གྲོ་ཞིབ་ཀྱིས་བཅས། མར་ཁུས་བཙོས་ཏེ་མཆོད་ཁྲིའི་ཐོག་གམ་ཁྱིམ་གྱི་ས་གཙང་ས་ཞིག་ཏུ་འཇོག་སྲོལ་བྱུང་བར་གྲགས། འོན་ཀྱང་། དབུས་གཙང་ཁུལ་དུ་ལོ་གསར་སྐབས་ལུག་མགོ་ཞིག་བཅའ་སྲོལ་ཡོད་པ་ནི་གཡང་གི་ར་བ་སྒོ་བཞི་དང་འབྲེལ་བ་མེད་པར་མཐོང་། ངག་རྒྱུན་འགའ་རེ་དང་གླིང་སྒྲུང་དང་འབྲེལ་བའི་དཔྱད་རྩོམ་ཚོའི་ནང་དུ་གཡང་གི་ར་བ་སྒོ་བཞི་ངོས་འཛིན་བྱེད་ཕྱོགས་ཅུང་ཟད་མི་མཐུན་པ་ཡོད་པར་སྣང་ཡང་། གང་ལྟར་ངས་ང་ཚོའི་ཚོ་བའི་ནང་གི་འབེ་ཟེར་བའི་སྲོལ་རྒྱུན་འདི་དང་གཡང་གི་ར་བ་སྒོ་བཞིའི་བར་འབྲེལ་བ་དམ་པོ་ཡོད་པར་རྒྱུ་མཚན་གསུམ་མཐོང་། གཅིག་ནི་ང་ཚོའི་ཚོ་བའི་མི་རྣམས་ནི་གླིང་གེ་སར་ལ་ཧ་ཅང་དད་པ་དང་། གཉིས། གཡང་གི་ར་བ་སྒོ་བཞི་ནི་གླིང་སྒྲུང་ལས་བྱུང་བའི་གཏམ་རྒྱུད་ཞིག་ཡིན་པ་དང་། གསུམ། གཡང་གི་ར་བ་སྒོ་བཞིར་གྲགས་པའི་གྲོ་ཞིབ་ཀྱིས་གཟུགས་བརྙན་བཅའ་སྲོལ་ཡོད་པ་དང་ཧ་ཅང་མཐུན། འོན་ཀྱང་། ང་ལ་སྲོལ་རྒྱུན་འདིའི་སྐོར་ལ་དཔྱད་གཞིའི་ཡིག་ཆ་དང་། གནའ་རབས་སྲོལ་རྒྱུན་གྱི་ངག་རྒྱུན་བཤད་མཁན་གྱི་མི་རབས་རྒན་པ། མཁས་པ་བཅས་ཀྱི་བཅར་འདྲི་བྱ་ས་ཚད་ལྡན་གང་ཡང་མ་རྙེད་པས་མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་བཤད་པར་དཀའ་བས་དཔྱད་གཞི་ཙམ་དུ་གླེང་བ་ཡིན་ནོ། ། དེ་མིན་གནའ་རབས་བོན་ཆོས་ཀྱི་གཏོ་བཅོས་དང་བསང་མཆོད་སོགས་ཀྱི་ནང་སྲོག་ཆགས་ཀྱི་འདྲ་གཟུགས་བཅས་ཏེ་མཆོད་སྦྱིན་བྱ་བའི་སྲོལ་རྒྱུན་ཏེ། མདོས་དང་གླུད་ཀྱི་ཆོ་ག་དག་དང་འབྲེལ་བ་ཡོད་མེད་ཀྱང་དཔྱད་གཞི་ཞིག་ཏུ་གྱུར་ཡོད་པར་སྣང་ངོ་། ། 

མཆན། མི་ཉག་ནགས་ཕྲན་སྡེ་བ་ནི།་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་ཁོངས་སུ་ཡུལ་ཚོ་ཉི་ཤུ་ཡོད་པའི་ཡ་གྱལ་ལུང་བསྟན་ཡུལ་ཚོའི་ཁོངས་སུ་ཡོད་པའི་འབྲོག་སྡེ་ཞིག་ཡིན་པ་དང་། ཚོ་བ་འདིའི་ཆོས་བརྒྱུད་ནི་སྔ་འགྱུར་རྙིང་མ་རྫོགས་ཆེན་ཆོས་བརྒྱུད་པ་དང་། དགོན་པའི་མིང་ལ་རབ་སྒང་སྔ་འགྱུར་ཆོས་འཁོར་གླིང་ཟེར།   རྩོམ་པ་པོ།  ནགས་ཕྲན་པ་བསོད་ནམས་ཚེ་རིང་།  

Share202Tweet126

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

December 2025
M T W T F S S
1234567
891011121314
15161718192021
22232425262728
293031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།