Tuesday, October 6, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

རིས་འགྲེལ་མིང་མཛོད་ཀྱི་མཇུག་བྱང་།. མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས།།

August 1, 2022
in གསལ་བསྒྲགས།
0
khampa writers


ཕྲ་ཞིབ་རིགས་པའི་ལམ་ནས་ལན་མང་དུ།།
དཔྱད་ཅིང་ལེགས་པར་སྦྱར་བའི་མིང་མཛོད་འདི།།
དུས་ཀྱི་རྦ་ཀློང་འཁྲུགས་པའི་ཁུགས་སོ་ནས།།
ཆོལ་གསུམ་གཅིག་ཏུ་འཛོམས་པའི་རང་སྒྲ་ཡིན།།


གནའ་དེང་རིག་པའི་ཕྱོགས་ལྷུང་དོག་པོའི་འཕྲང་།།
སྐྱ་སེར་རྩོད་པའི་རླུང་གིས་དཀྲུགས་པའི་སེམས།།
ཕན་མེད་ཐོ་ཅོ་སྒྲོག་པའི་བརྟུལ་ཞུགས་དག།
ཡོངས་སུ་སྤངས་ཏེ་གཟུ་བོའི་བློ་ཡིས་བརྟགས།།


བརྡ་ཡི་སྒྲུབ་ལུགས་བསྟན་བཅོས་ཚད་མར་གཏུགས།།
མིང་གི་འགྲོ་སྟངས་སྐད་ཀྱི་གཤིས་དང་བསྟུན།།
མནོག་ཆུང་ཉི་ཚེའི་ཚིག་གི་འཐེན་འཁྱེར་རྣམས།།
རིང་དུ་དོར་ནས་སྤྱི་ཕན་སེམས་ཀྱིས་བསྐྲུན།།


འདི་ན་ངོ་སོ་སྲུང་བའི་རེ་དོགས་མེད།།
འདི་ན་ཁེ་ཕན་སྒྲུབ་པའི་སྒེར་དོན་མེད།།
རང་རང་ཕྲག་ཏུ་བབས་པའི་འོས་འགན་ཙམ།།
སོ་སོས་འབད་པས་བསྒྲུབས་ཏེ་ཕུལ་བ་ཙམ།།


བརྡ་དང་ཐ་སྙད་སྐད་དང་ཡི་གེ་ནི།།
རིག་པའི་གཞུང་ཀུན་བགྲོད་པའིི་ཐེམ་སྐས་ཏེ།།
གདགས་སྦྱངས་གོམས་པའི་འཇུག་ངོགས་ལ་བརྟེན་ནས།།
མདུན་སྐྱོད་ཡར་རྒྱས་ལེགས་པའི་ཕྱོགས་སུ་གཞོལ།།


ཟབ་ཡངས་ཤེས་བྱའི་གོ་རར་འཇུག་པའི་ཚེ།།
ལུགས་གཉིས་གཞན་གྱི་དྲིང་དུ་མི་འཇོག་པའི།།
མེས་པོའི་སྲོལ་བཟང་འཁོར་ལོ་འབར་བའི་རྩིབས།།
སྐད་དང་ཡི་གེའི་སྲོག་ཤིང་བརྟན་ལ་རག།


དེ་སླད་ཀུན་ལ་ཕན་པའི་དབྱིག་མཆོག་དང་།།
ལྷག་བསམ་ཀློང་ནས་རྡོལ་བའི་འབོད་སྐུལ་འདི།།
ཕྱི་ནང་གཙུག་ལག་རྒྱ་མཚོའི་ཁྱོན་ཡངས་ལས།།
ཉེར་བཏུས་ལེགས་བསྒྱུར་རིགས་པའི་གསོས་སུ་སྤེལ།།


སྒྲ་རིག་ཁ་བའི་ཀློང་ལས་མངོན་སྐྱེས་པའི།།
བརྡ་དག་འོད་དཀར་ཚིག་གི་མཛོད་འདི་ཡང་།།
ལྔ་ཕྲག་རིག་པའི་འོད་སྣང་དང་འགྲོགས་ནས།།
ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་གྱུར་ཅིག།

Share202Tweet126

Related Posts

ཁམས་པའི་སྨྱུག་ཚོགས་ཀྱི་བགྲོ་གླེང་གསལ་བསྒྲགས།

ཁམས་པའི་སྨྱུག་ཚོགས་ཀྱི་བགྲོ་གླེང་གསལ་བསྒྲགས།

July 11, 2024
0

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

January 21, 2024
0

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

December 10, 2023
0

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

ཁམས་པའི་སྨྱུག་ཚོགས་ཀྱི་ཟླ་རེའི་བགྲོ་གླེང་གསལ་བསྒྲགས།

November 8, 2023
0

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

October 2026
M T W T F S S
 1234
567891011
12131415161718
19202122232425
262728293031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།