རྒྱལ་བའི་དགོངས་གཞིའམ་ཐུགས་བསྐྱེད་དམ་བཅའ་གཙོ་བོ་གསུམ་ལས་ཆོས་ལུགས་མཐུན་སྒྲིལ་གྱི་ཐུགས་བསྐྱེད་སྐོར་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་<<བཙན་བྱོལ་ནང་གི་རང་དབང་>>ལས། “སྐབས་འདིར་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། ཉིན་རེའི་ཀུན་སྤྱོད་གང་ཅི་བྱས་རུང་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱ་རྒྱུ་དེ་ཁེ་ཕན་ཡོད་པ་ཞིག་ཡིན་པར་ངོས་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད། རང་གི་ཀུན་སློང་དང་། དེའི་ནུས་པ་ཕན་ཚུན་འབྲེལ་ཡོད་པ་དེ་ལ་ཡིད་ཆེས་བྱས་པ་ཡིན་ན། རང་གི་བྱ་བ་གང་ཞིག་བྱས་པ་དེའི་འབྲས་བུ་རང་གཞན་ལ་སྨིན་རྒྱུ་དེ་ལ་དྲན་ཤེས་བསྟེན་ཐུབ་ཀྱི་རེད།” ཅེས་གསུངས་ཡོད། དེ་བཞིན་དུ་༧གོང་ས་རྒྱལ་དབང་མཆོག་གིས་མཛད་པའི་<<ཕྱི་ཡུལ་དུ་རང་དབང་>>ལས། “ཆོས་ལུགས་ཚང་མས་མི་ཚང་མར་བཟང་པོ་དང་བདེ་སྐྱིད་འཐོབ་ཆེད་འཁུར་བརྩོན་བྱེད་ཀྱི་ཡོད་པར་ངས་ཡིད་ཆེས་བྱེད་བཞིན་པ་ཡིན། དེ་ཚོ་བྱེད་སྐབས་ཐབས་ཀྱི་རྣམ་པ་མི་འདྲ་བ་ཡོད་ན་ཡང་། གྲུབ་འབྲས་ནི་གཅིག་པ་རེད་འདུག” ཅེས་གསུངས་ཡོད། དེ་བཞིན་དུ་༧གོང་ས་མཆོག་གིས་“ལས་འགན་གཉིས་པ་ནི། ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན།” ཞེས་གསུངས་ཡོད། དེ་བཞིན་དུ་<<བཀའ་སློབ་སྙིང་གི་ནོར་བུ་>> ལས། “ཆོས་ལུགས་འདྲ་མིན་བར་ལྟ་བའི་རྣམ་གཞག་ཁྱད་པར་ཆེན་པོ་ཡོད་ཀྱང་། བྱམས་བརྩེ་དང་གཞན་ཕན། བཟོད་སྒོམ་བྱ་རྒྱུ་འདི་ཆོས་ལུགས་ཚང་མ་གཅིག་གྱུར་གྱིས་གསུངས་ཀྱི་ཡོད་སྟབས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཆོས་ལུགས་འདྲ་མིན་ཁག་གིས་འགྲོ་བ་མའི་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་ཞབས་འདེབས་ཆེན་པོ་བསྒྲུབས་ཡོད། མ་འོངས་པར་ཡང་ཆེ་ས་ནས་བཤད་ན་རང་ཉིད་གནས་སའི་སྤྱི་ཚོགས་ལ་ཞི་བདེ་ཡོད་པ་ཞིག་དང་། ཆུང་ས་ནས་བཤད་ན་གྲོང་པ་ཁྱིམ་མཚེས་བར་མཛའ་མཐུན་གྱི་འབྲེལ་བ་ཡག་པོ་ཡོང་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན།” ཞེས་གསུངས་ཡོད། དེ་བཞིན་དུ་ཤེས་རབ་དར་རྒྱས་ཀྱི་བརྩམས་པའི་<<འཁྲུངས་རབས་དེར་ཐེར་ནོར་བུའི་ཕྲེང་བ་>>ལས། “ཆོས་ལུགས་ཕན་ཚུན་གྱི་མི་མཐུན་པའི་ཆ་ལ་དགག་སྒྲུབ་དང་། འཐེན་འཁྱེར་དམའ་འབེབས་སོགས་སུ་སྤངས་ཏེ།
མང་གཙོའི་རྨང་གཞི་བཏིང་བའི་དུས་རིམ།
ངས་འདི་ནས་༧གོང་ས་མཆོག་སྤྱན་རས་གཟིགས་དང་། ཡང་ན་བྱང་ཆུབ་སེམས་པ་ཡིན་ཚུལ་གང་ཡང་གླེང་རྒྱུ་མིན་ལ་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ནང་དུ་དེ་ལྟ་བུའི་བརྗོད་ཚུལ་དེ་སྐྱོན་ཆ་ཅན་ཞིག་ཡིན་པར་ངོས་འཛིན་ཡོད། འདི་ནས་གླེང་བར་བྱ་བ་ནི་