Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དགའ་ལྡན་ཁྲི་རིན་པོ་ཆེའི་རྣམ་ཐར་རང་ངོར་གང་ཤར་འགའ་ཚིགས་སུ་བཅད་པ།

ཨ་སྤེན།

October 14, 2021
in སྙན་ངག
0

འཁྲུངས་དུས་འབྲུག་སྐད་གྲགས་རབས་མ་ཐོས་ཤིང་། །

གཤེགས་དུས་འཇའ་ཚོན་བཀྲ་བའང་མ་རིག་ཀྱང་། །

ཨ་མའི་བུ་ཡི་ཤེས་འཇོན་ངོམ་ས་ཡི། །

དགའ་ལྡན་ཁྲི་ཡི་སྟེང་དུ་བཞུགས་པར་མཇལ། །

ཆུང་དུས་མ་བསླབ་མཁྱེན་པར་མ་གོ་ཞིང་། །

རྒན་དུས་མཁས་དབང་ཡིན་རབས་མ་གྲགས་ཀྱང་། །

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ལས། །

རྩེ་ཕུད་དང་པོ་ལེན་པའི་རྣམ་ཐར་ཐོས། །

ཡང་སྲིད་ཟེར་ནས་སྤྲུལ་མིང་མ་ཐོགས་ཤིང་། །

སྐུ་ངོ་ཟེར་ནས་རྐུབ་བཏེགས་༼རྐུབ་སྟེགས༽མ་རྩོད་པར། །

འདོད་ཆུང་ཆོག་ཤེས་བསྟེན་པའི་ཆོས་གོས་འོག །

བསྟན་པའི་རྒྱལ་མཚན་འཛིན་པའི་བུ་ཞིག་མཇལ། །

སྒེར་གྱི་མིང་ཐོག་ཆོས་ཚོགས་མ་བཙུགས་ཤིང་། །

མིང་གྲགས་ཆེད་དུ་གང་སར་མ་ཕེབས་ཀྱང་། །

མགོ་བསེ༼སེར་མགོ་ནག་སློབ་མ་བུང་བ་བཞིན། །

དྲི་བཟང་ཕྱོགས་སུ་འཁོར་བར་ཁོ་བོས་རིག །

དཀའ་ཚེགས་ཆེ་དུས་ཕྱི་ཡུལ་མ་བྲོས་ཤིང་། །

འབྱོར་བ་རྒྱས་དུས་ཁྲི་འཕང་མ་རྩོད་ཀྱང་། །

གདིང་བ་གདིང་བས་དེད་པའི་བྱིན་རླབས་ལས། །

སྐྱེས་ཆེན་ཞིག་གི་བཞུད་ལམ་འདི་ནས་མཇལ། །

གསར་གཏོད་ཟེར་ནས་ལས་རྒྱུ་མ་མང་ཞིང་། །

དེང་སང་ཟེར་ནས་བཟོ་བཅོས་མ་བྱས་པར། །

འདུལ་ཁྲིམས་ཚུལ་བཞིན་སྡོམ་པས་ཞལ་ངོའི་སྐབས། །

བླ་མ་མཉེས་པའི་མཆོད་སྤྲིན་ཕུལ་བར་ཐོས། །

མཐོན་པོ་མི་ལ་ལྕེ་༼ནརསྣར་མ་ཤེས་ཤིང་། །

དམའ་རབས་བསམ་ནས་ཁྱད་གསོད་མ་བྱས་པར། །

ཁ་རི་ཁ་ཐུག་ཁམས་པའི་རང་གཤིས་དེས། །

བླ་མ་མཉེས་པར་དམ་པའི་ཞལ་ནས་ཐོས། །

མདོར་ན་འདུལ་བའི་བཅས་ཁྲིམས་མིག་བཞིན་བསྲུངས། །

བཤེས་གཉེན་བསྟེན་ཚུལ་སྲོག་ལས་གཅེས་པར་འཛིན། །

ཟས་གོས་ངན་ངོན་ཙམ་གྱིས་འཚོ་བའི་ཁྲོད། །

རྗེ་ཡི་ཁྲི་ལ་ཕེབས་པའི་རྣམ་ཐར་རོ། །

བཞུགས་དུས་མདུན་དུ་བཅར་བ་མ་མང་ཞིང་། །

གཤེགས་དུས་མིག་ཆུ་ཕྱི་ལ་མ་བསྐྱིལ་ཡང་། །

དད་དམ་རྨུ་ཐག་སེམས་ནས་མ་ཡལ་བའི། །

སློབ་བུའི་གྲལ་གྱི་མཐར་ནས་ཤར་མར་བྲིས། །

དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པས་གང་གི་སློབ་བུའི་གྲལ་མཐར་འཁོད་པ་ཨ་སྤེན་གྱིས་༢༠༡༧–༠༤–༢༦ ཉིན། 

སྒྲོ་འདོགས་དང་བཅོས་སྒྲུང་སྤངས་ཏེ་དོན་དམ་བླ་མའི་རྣམ་ཐར་རང་ངོར་ཤར་བ་ཙམ་དུ་བགྱིས་སོ།།

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།