Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དུས་རབས་ཉེར་གཅིག་པའི་ཆོས་པ་སུ་ཡིན་ནམ།

རྫ་ཚེ་རིང་བཀྲ་ཤིས།

April 2, 2022
in དཔྱད་རྩོམ།
0

ངས་རྟག་ཏུ་༸གོང་ས་མཆོག་གིས་ང་ཚོར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་པའི་བཀའ་མོལ་དེ་དྲན་གྱི་ཡོད།

དེ་དང་ཆབས་ཅིག ཅི་ཞིག་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་ཀྱི་ཡོད་པའི་སྐོར་ལ་ཡང་བསམ་བློ་རང་བཞིན་གྱིས་འཁོར་ཡོང་། སྐབས་འདིར་ངས་ལྷོ་བརྒྱུད་ནང་བསྟན་གྱི་མཁས་པ་ཞིག་གིས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ། ཆོས་བརྒྱུད་དང་ཆོས་བརྒྱུད་དག་གི་བར་ལ་གུ་ཡངས་ཀྱི་ཤོང་རྒྱ་ཡོད་པའི་ནང་པ་ཞིག་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཟེར་ཞེས་བརྗོད་པ་དྲན། ཁོང་གི་བསམ་ཚུལ་ནི། ཆོས་བརྒྱུད་ཕན་ཚུན་བར་རིག་གནས་དང་ལོ་རྒྱུས་ཀྱི་ཁྱབ་ཁོངས་མི་འདྲ་བའི་འཕེལ་རིམ་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་འོག་ནས་མི་འདྲ་ས་ངེས་ཅན་ཡོད་པ་དག་ལ་འགལ་སྤོང་མཐུན་བསྒྲུབས་ཀྱིས་འོས་ཤིང་འཚམས་པའི་ལྟ་ཚུལ་འཛིན་ཐུབ་པ་ཞིག་ལ་ཟེར་གྱི་ཡོད་པ་འདྲ། ལྟོས་བཅས་ཀྱི་ཆ་ནས་ད་ལྟའི་ཆོས་པ་དག་གི་དཀྱེལ་ཡངས་དང་བསམ་ཤེས་ཀྱི་བསམ་བློ་དེ་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པ་ནི་སྲིད་པ་ཞིག་རེད། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། མིའི་བསམ་བློ་དེ་ཕྱིའི་ཁོར་ཡུག་སོགས་ཀྱི་ངེས་ཅན་བཀག་རྒྱ་ལས་གྲོལ་བ་དང་ཆབས་ཅིག་ནང་གི་བསམ་བློའི་འདུ་ཤེས་ལ་རང་བཞིན་གྱིས་འགྱུར་བ་ཡོང་ངེས་ཡིན། 

མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་པར། ལྟ་སྤྱོད། གྲུབ་མཐའ། ཕོ་མོ། ཐོས་བསམ་ཉམས་ལེན། ཚེ་སྲོག རིག་གནས་སློབ་སྦྱོང་། སློབ་གསོ་བཅས་ཀྱི་ཐད་འདྲ་མཉམ་ཆེན་པོ་བདུན་གྱི་ལྟ་གྲུབ་དང་ལག་ལེན་གྱི་ཆ་རྐྱེན་ཡོད་དགོས་པའི་བཀའ་སློབ་ཞིབ་ཆ་ཞིག་ལོ་སྔ་མར་རྟའུ་ཉི་མཚོ་དགོན་པའི་འཇང་དགུན་ཆོས་ཆེན་མོའི་སྐབས་སུ་གནང་འདུག 

ཡང་། ངས་མཚན་གཞིའི་ཐོག་ནས་དེང་སང་གི་ནང་བསྟན་གྱི་དཀྱིལ་འཁོར་དུ་ཕར་ལྟ་སྐབས། ༸གོང་ས་རྒྱལ་བའི་དབང་པོས་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་གླེང་གཞི་དང་ཕྱི་ནང་ཚན་རིག་གི་ཕྲ་རགས་བརྗོད་གཞི་དག་ཅོག་ཙེ་སྒོར་མོ་གཅིག་ཏུ་བཞག་སྟེ། ཤར་ནུབ་རིག་གཞུང་མི་གཅིག་པའི་མཁས་པ་དག་དང་ལྷན་དུ་སེམས་དང་ཚེ་སྲོག་གི་གསང་སྣེ་འཚོལ་དུས་ཁོང་དུས་རབས་ཉེར་གཅིག་པའི་ཆོས་པ་ཞུ་བ་དེ་ཡིན་ནམ་སྙམ། 

ཟུར་མང་དྲུང་པ་རིན་པོ་ཆེས་སྙན་ངག་འཇིག་རྟེན་ལ་བསྟིམས་ཤིང་། འཇིག་རྟེན་སྙན་ངག་ལ་བསྟིམས་ནས་ཡེ་ཤེས་སྨྱོན་པའི་ཟློས་གར་གྱི་སྟངས་སྟབས་དང་སྦྲེལ་ཏེ། ཐུབ་པའི་བཀའ་ལུང་གི་ཤིང་རྟ་ནུབ་ཕྱོགས་སུ་དྲངས་པ་ཐོས་དུས་ཁོང་ཡང་དུས་རབས་ཉེར་གཅིག་པའི་ཆོས་པ་ཟེར་བ་དེ་ཡིན་ནམ་སྙམ།  ཁོ་བོའི་བླ་མ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྫོང་སར་མཁྱེན་བརྩེའི་མཚན་གནས་རྗེས་འབྲེལ་གྱི་བླ་ཆེན་གྱི་མཛད་པ་སྐྱོང་བའི་ཞོར་དུ། དེང་རབས་ཀྱི་གསར་བུ་གསར་མོ་དག་གི་ཡིད་ལ་འཇུག་པའི་གཏམ་བཤད་དང་འཁྲབ་ཁྲིད་ཀྱི་ལམ་ནས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མཐའ་མེད་དུ་སྐྲུན་པ་མཐོང་སྐབས་ཁོང་ལ་དུས་རབས་ཉེར་གཅིག་པའི་ཆོས་པ་བརྗོད་དགོས་སམ་སྙམ། 

༸རྒྱལ་དབང་འབྲུག་ཆེན་པས་ཤར་ནུབ་གླིང་ཆེན་ཁག་གི་དད་ལྡན་བརྒྱ་སྟོང་མང་པོ་མཉམ་དུ་ཁྲིད་ནས་རི་བོ་ཧི་མ་ལ་ཡི་གྲང་རླུང་གི་ཧྲག་བར་ནས་གད་སྙིགས་འཐུ་ཞིང་ལྗོན་ཤིང་འཛུགས་ཀྱིན། རྒྱལ་སྤྱིའི་སྡིངས་ཆ་ཆེན་པོ་དག་ཏུ་གཟི་བརྗིད་ཀྱི་རྟགས་མ་བརྩོན་ལེན་བྱེད་པའི་སྐབས་སུ་ཁོང་ལ་དུས་རབས་ཉེར་གཅིག་པའི་ཆོས་པ་ཞེས་ཟེར་དགོས་སམ་སྙམ།

མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་ཤར་ནུབ་རིག་པའི་དེ་ཉིད་ལ་ཞིབ་འཇུག་གི་སྡོམ་ཚིག་བཙལ་རྗེས་ཡབ་མེས་རིག་གཞུང་དང་། ཐུབ་བསྟན་གྱི་དེ་ཉིད་ལ་ངེས་ཤེས་ཀྱི་གོམས་ཚུགས་ལྷག་ཏུ་བརྟན་པའི་དབུ་འཁྲེགས་པོའི་ཐུགས་གཤིས་དེ་མཇལ་དུས། ཁོང་དག་ལ་དུས་རབས་ཉེར་གཅིག་པའི་ཆོས་པ་ཞེས་ཟེར་དགོས་སམ་སྙམ།  རྣམ་པ་མི་འདྲ་བ་དང་སྣང་ཚུལ་དེ་དང་དེ་དག་གིས་ང་ལ་ཡང་སྙིང་དུས་རབས་ཉི་ཤུ་བའི་ཆོས་པ་མི་མཐུད་དུ་འཚོལ་རྒྱུར་སྤྲོ་སྣང་བྱིན། 

འོན་ཀྱང་། ཐ་མ་དེར་སླར་ཡང་ངས་༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ཆོས་པ་ནི་དེང་རབས་རིག་པ་གསར་བའི་འགྲོས་ཀྱང་ཤེས་ལ། ནང་བསྟན་བསམ་བློའི་ཉམས་ལེན་གྱི་གནད་ཀྱང་མ་ཤོར་བར་ཟིན་པ་ཞིག་ལ་ཟེར་ཞེས་འགྲེལ་བཤད་གནང་བ་ནི་ངས་ཀྱང་རང་ཉིད་ཀྱི་འདིའི་བསམ་བློའི་གཞི་རྟེན་བཅོལ་སའམ་མཚན་ཉིད་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས། དེ་ཡང་འདིའི་གོ་དོན་ནི། དེང་རབས་རིག་པ་གསར་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་རིན་ཐང་གི་ལྟ་བ་སྤྱད་ནས་སངས་རྒྱས་ཀྱི་དགོངས་པ་མི་རྣམས་ཀྱི་སེམས་ཁམས་སུ་བརྒྱུད་སྤྲོད་བྱེད་པ་ཞིག་ཡིན་པ་འདྲ། 

ཡང་གཅིག་བཤད་ན། དུས་རབས་ཉི་ཤུ་པའི་ཆོས་པ་ཡིན་ནའང་འདྲ། དུས་རབས་ཉེར་གཅིག་པའི་ཆོས་པ་ཡིན་ནའང་འདྲ། སྐབས་དེ་དང་དེའི་ཁོར་ཡུག་དང་རིག་གནས་ཀྱི་སྤྱི་ཚོགས་དང་ཁ་མ་བྲལ་བ་ཞིག་དགོས་ཀྱི་ཡོད་པ་ཙམ་སྟོན་གྱི་ཡོད་པ་རེད་དྲན། རྒྱུ་མཚན་ནི། ཆོས་ལུགས་དང་རིག་གནས་གང་ཞིག་ཡིན་ནའང་འདྲ་སྟེ། འཚོ་བ་དང་སྤྱི་ཚོགས་ཀྱི་དངོས་དང་བསམ་པའི་དགོས་མཁོ་དང་མི་འཚམས་ཚེ་རང་བཞིན་གྱིས་དུས་ཀྱི་རེའུ་མིག་ལས་ལོགས་སུ་བཀར་རྒྱུ་རེད་ལ། དེའི་ཕྱིར། དུས་རབས་ཉེར་གཅིག་པའི་ཆོས་པ་ནི་མཐར་གཏུགས་ན་དུས་རབས་ཉེར་གཅིག་པ་ཡང་རྟོགས་ལ། སྤྱི་ལོའི་སྔོན་གྱི་དུས་རབས་ལྔའི་ཡར་སྔོན་གྱི་མི་བོ་ཆེ་ཞིག་གི་བསམ་བློ་ཡང་རྟོགས་ཐུབ་པར་མ་ཟད། དེ་གཉིས་དངོས་དང་བསམ་པའི་ལོངས་སྤྱོད་ཀྱི་ཆ་ཤས་སུ་ལམ་དུ་འཁྱེར་ཐུབ་པ་ཞིག་དགོས་རྒྱུ་དེ་ཡིན་པ་འདྲ། 

Share198Tweet124

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།