Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དྲ་བའི་འཇིག་རྟེན།

ཀ་དག

October 14, 2021
in སྙན་ངག
0

བླ་ཆེན་མྱི་ཆེན་དྲ་བའི་སྒང་ལ་བྱོན།།

རྐུབ་སྟེགས་དཔོན་པོ་དྲ་བའི་སྒང་ལ་ཕེབས།།

མི་སེར་ཉམ་ཆུང་དྲ་བའི་སྒང་ལ་འདུ།།

མདོར་ན་ཀུན་ཀྱང་དྲ་བའི་སྒང་ན་རུབ།།

ཨེམ་བྷེ་བླུགས་ནས་དྲ་བའི་གྲོང་ལ་འགྲོ།།

ཐིར་རྗིས་བླུགས་ནས་དྲ་བའི་གླིང་ལ་ཉུལ།།

ཝ་ཧྥི་འཐེན་ནས་དྲ་བའི་རྒྱལ་སར་འཁྱམ།།

ད་ནི་ཚང་མ་ཡང་མ་འཁྱམ་འགྲོ་འགི།

རྗེ་ཡི་གཙོ་བོ་དྲ་བར་སྐྱབས་སུ་མཆི།།

སྒོར་མོ་ཡོད་ཚད་སྟོབ་བོ་ཁ་རྃ་ཁ་ཧི།།

ཡོད་ཚད་རྡུལ་དུ་རློགས་ཤིག་ཟློག་ཟློག་ཟློག།

གང་བཅོལ་ལས་རྣམས་སྒྲུབས་ཤིག་བྷྱོ༔བྷྱོ༔བྷྱོ།།

གུང་ཟས་སྣུམ་ལུགས་དགོང་ཟས་ཚོ་རབས་ཟེར།།

གྲོད་ཁོག་རྒྱགས་རབས་ལྷག་འཕྲོ་ལུས་རབས་ཟེར།།

དྲ་བའི་སྒང་ན་ཁ་སྒྲོབ་ཤོད་སྟངས་ལས།།

མདོར་ན་ཁ་རྗེ་དབང་ཐང་འདྲ་འདྲ་རེད།།

རྒྱང་ལ་སོང་ཚུལ་སྤྲོ་འཆམ་ཕྱིན་རབས་ཟེར།།

ས་ཆ་སྐྱིད་རབས་ལྟད་མོ་མཐོང་རབས་ཟེར།།

རྒྱང་རྒྱུའི་པར་རེ་བཀྲམས་དང་མ་བཀྲམས་ལས།།

སྡུག་གི་ངོ་གདོང་ལུག་སྟངས་འདྲ་འདྲ་རེད།།

ནང་སྦྱོང་ཡོད་པས་དྲ་འབྲེལ་མི་ཁོམ་ཟེར།།

ཡིག་ཚད་ཐུག་པས་དྲ་སྒོ་གཏན་རྒྱུ་ཟེར།།

སློབ་སྦྱོང་འདུན་པ་ཆེ་མདོག་སྟོན་སྟངས་ལས།།

ལྐོག་ནས་དྲ་བར་འཐོམ་ལུགས་འདྲ་འདྲ་རེད།།

འགའ་རེས་དྲ་བས་ཕན་རབས་བཟང་རབས་གླེང་།།

ལ་ལས་དྲ་བས་གནོད་རབས་ཕུང་རབས་བཤད།།

ཁ་ཁོག་མི་མཚུངས་ཤོད་ལུགས་སོ་སོ་ལས།།

དྲ་བའི་འོག་ན་སྒུར་ལུགས་འདྲ་འདྲ་རེད།།

ད་ལྟ་ས་ཡོམ་ཆུ་ལོག་བརྒྱབ་རབས་སྒྲོག།

གནའ་དུས་འདི་འདྲ་རྩ་ནས་མེད་ཚུལ་བཤད།།

གནས་ཚུལ་གསར་པ་མྱུར་དུ་ཤེས་མིན་ལས།།

འབྱུང་བཞིའི་གོད་ཆག་ཕོག་ལུགས་འདྲ་འདྲ་རེད།།

དཔེ་ཆ་ཉོས་ནས་སྒོར་མོ་རྫོགས་རབས་གླེང་།།

དཔེ་ཀློག་བྱས་ནས་ཉིན་མཚན་སྐྱེལ་ཚུལ་བཤད།།

ཞེད་པོ་བྱེད་ཀྱི་ཡོད་མདོག་སྟོན་ལུགས་ལས།།

ཚང་མ་བསམ་བློའི་གནས་ཚད་འདྲ་འདྲ།།

ཚིག་དུམ་བྲིས་ཏེ་སྙན་ངག་ཡག་ཚུལ་བཤད།།

ཚིག་ནར་བྲིས་ཏེ་ལོ་རྒྱུས་ཤེས་མདོག་སྟོན།།

རང་གིས་རང་ལ་མཁས་མིང་གསོལ་ལུགས་ལས།།

ཀུན་ཀྱང་རིག་གནས་ཆུ་ཚད་འདྲ་འདྲ་རེད།།

ཡིག་ཚད་བཏང་སྟེ་བྱ་དགའ་བླངས་རབས་གླེང་།།

རྩོམ་ཡིག་འགྲན་ཏེ་ཕུལ་བྱུང་ཁུར་རབས་བཤད།།

ཕྱི་ལ་སྒྲོག་དང་ནང་དུ་སྦེད་ལུགས་ལས།།

ཀུན་ཀྱང་ཨང་ཐོབ་བརྒྱ་ཆ་འདྲ་འདྲ་རེད།།

དབྱིན་ཡིག་ཤེས་ཟེར་ཚིག་གྲུབ་ཁ་ཤས་བྲིས།།

བོད་ཡིག་མཁས་ཟེར་ཚིག་ཆག་འགའ་ཞིག་འདྲུད།།

ཚིག་གི་མགོ་མཇུག་ཆག་ལུགས་སོ་སོ་ལས།།

མདོར་ན་ཡིག་ནོར་སྤུང་ལུགས་འདྲ་འདྲ་རེད།།

དྲ་གྲོགས་མང་བས་ཁྱུ་འཕུད་བཏང་ཡིན་ཟེར།།

དྲ་གྲོགས་མཁོ་བས་དྲ་འབྲེལ་གནང་རོགས་ཞུ།།

ཆེ་ཉམས་རྫིག་ཉམས་སྟོན་ལུགས་སོ་སོ་ལས།།

ཀུན་ལ་གྲོགས་པོ་མཁོ་ལུགས་འདྲ་འདྲ་རེད།།

མཛའ་མོའི་རྒྱབ་ནས་མཛའ་བོས་ལོ་ཝི་གཏོང་།།

མཛའ་བོའི་ཟུར་ནས་མཛའ་མོས་མིས་སི་སྐུར།།

གཉིས་ཀ་འཕྲད་དུས་དུང་མདོག་སྟོན་ཙམ་ལས།།

ལྐོག་ནས་ཉེས་པ་གསོག་ལུགས་འདྲ་འདྲ་རེད།།

གྲྭ་པ་ཨ་ནེས་དགའ་རོགས་ཁ་བྱང་ཉར།།

ཁྱོ་ཤུག་སོ་སོས་ཟུར་རྟེན་གསང་ཨང་སྐུང་།།

ཆོས་དང་འཇིག་རྟེན་ལམ་ལུགས་ཁ་ཁ་ལས།།

རང་རང་ཐུགས་དམ་སྐོང་ལུགས་འདྲ་འདྲ་རེད།།

Share197Tweet123

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།