Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དྲིན་ཆེན་གྱི་ཨ་མ།

ལམ་བཟང་པོ།

October 14, 2021
in སྙན་ངག
0

སྔ་ལུས་ཟད་པོ་ཞིག་གིས་ཕྱི་མཐའ་རུ་བསྐྱུར་ཞིང་།།

ཕྱི་ལུས་དར་མ་རྣམས་ཀྱིས་ངོས་ལེན་ནི་མ་བྱས།།

གཟུགས་མེད་བར་དོར་འཕྱན་པའི་ཁེར་འགྲོ་ཡི་རྣམ་ཤེས།།

མངལ་སྒོར་གནས་ཚང་བསུ་བའི་དྲིན་ཆེན་གྱི་ཨ་མ།།

 

ཉིན་ཞག་ཉིས་བརྒྱ་བརྒྱད་ཅུ་མངལ་ཁྱིམ་དུ་བསྙལ་ཏེ།།

ཡིད་འོང་གཅེས་སྙིང་འདོད་པའི་ལུས་ཆུང་ཞིག་བྱིན་ཏེ།།

འཇིག་རྟེན་དཀར་ངོགས་སྣང་བའི་མིག་ཟུང་ཡང་ཕྱེས་ཏེ།།

དུས་གསུམ་ནུ་ཆུས་གསོ་བའི་དྲིན་ཆེན་གྱི་ཨ་མ།།

 

གོག་ནས་ནུར་དུས་མདུན་གྱི་ཐོད་ལྩིབས་སུ་བྱས་ཤིང་།།

ལངས་ནས་འགྲོ་དུས་ལག་ཆུང་ཁེན་ས་རུ་འགྲེངས་ཤིང་།།

རྒྱུན་དུ་རང་གི་བྲང་ངོས་སྲུང་མདུད་བཞིན་བཏགས་ཤིང་།།

གཅེས་གཅེས་བྱམས་བྱམས་གནང་བའི་དྲིན་ཆེན་གྱི་ཨ་མ།།

 

སྐྱག་གཅིན་ཚོད་མེད་ཉལ་ཆས་ཡང་ཡང་དུ་བརྫད་པ །།

དྲི་མ་ངར་པོས་སྣ་ཁུང་སྲིན་བུ་ཡང་བསྒུལ་པ།།

སྐད་ཅོར་ཚ་བོས་རྣ་བའི་བ་སྤུ་ཡང་བསླངས་པ །།

ཐམས་ཅད་དང་ལེན་ནུས་པའི་དྲིན་ཆེན་གྱི་ཨ་མ།།

 

གོམ་གསུམ་སྤོས་ན་རྐང་ཆུང་རྡོ་ཐོགས་ཀྱི་དོགས་ཟོན།།

ཟས་གསུམ་བཟས་ན་མིད་པ་འགག་ཉེན་གྱི་སྔངས་སྐྲག།

ཐུན་གསུམ་ཉལ་ན་ཚ་གྲང་འཐབ་མདོག་གི་སེམས་ཁྲལ།།

ཟ་ཉལ་འགྲོ་འདུག་སྲུང་བའི་དྲིན་ཆེན་གྱི་ཨ་མ།།

 

སྐེ་རགས་དོམ་ན་གཡོག་གི་རེ་བ་ཡང་མེད་ལ།།

གོ་ས་རག་ན་ལྟག་སྒོའི་རེ་བ་ཡང་མེད་པ།།

མིང་གྲགས་རྙེད་ན་དྲིན་གཟོའི་རེ་བ་ཡང་མེད་ལ།།

རེ་བ་མེད་བཞིན་བརྩེ་བའི་དྲིན་ཆེན་གྱི་ཨ་མ།།

 

རིང་དུ་གྱེས་ན་རིང་བའི་སྲུང་མ་དེ་ཁྱེད་ཡིན།།

ཉེ་རུ་གནས་ན་ཉེ་བའི་མགོན་སྐྱོབ་དེ་ཁྱེད་ཡིན།།

ཉེ་རིང་མེད་པར་འབྲལ་མེད་དཔུང་གཉེན་དེ་ཁྱེད་ཡིན།།

དུང་བརྩེའི་སྤྱན་མི་ཟུམ་པའི་དྲིན་ཆེན་གྱི་ཨ་མ།།

 

ཞོགས་པའི་མཆོད་པ་གཤོམ་དུས་བུ་ཆུང་ལ་སྨོན་ཡོད།།

ཉིན་རྒྱབ་མཆོད་རྟེན་སྐོར་དུས་བུ་ཆུང་ལ་སྨོན་ཡོད།།

ཉལ་ཁར་སྐུམ་ཕྱག་འཚལ་དུས་བུ་ཆུང་ལ་སྨོན་ཡོད།།

སྨོན་པ་ཉིན་གཅིག་མ་ཆད་དྲིན་ཆེན་གྱི་ཨ་མ།།

 

ལས་དབང་རླུང་ལ་བུ་ཆུང་སྲིན་བལ་དང་འདྲ་ཞིང་།།

ད་ལྟ་ས་མཐར་ནམ་ཞིག་ལུང་ཁུག་ཏུ་བདས་འགྲོ།།

ཕྱོགས་མེད་འཁྱམ་པོས་དྲིན་བྱས་དྲིན་ལན་ཞིག་མ་སོས།།

འགྱོད་གདུང་ཁུར་གྱིས་ནོན་ཡོད་དྲིན་ཆེན་གྱི་ཨ་མ།།

 

ཨ་མའི་དབུ་ལོ་དཀར་ནག་ཁ་དོག་གིས་བསྲེས་ཡོད།།

ཨ་མའི་བཞིན་རས་རྒས་རིས་གཉེར་མ་ཡིས་བཀབ་ཡོད།།

ཨ་མའི་སྐུ་གཟུགས་དགྱེ་དགུ་དཀའ་བའི་ངང་གནས་ཡོད།།

 མ་བུ་མཇལ་འཛོམས་སྐལ་བ་ད་དུང་ཡང་མ་བྱུང་།།

 

ཚེ་ལྷ་རྣམ་གསུམ་འཆི་མེད་དངོས་གྲུབ་དེ་མ་ཆུང་།།

སྨན་བླ་མཆེད་བརྒྱད་བདེ་སྦྱིན་ཐུགས་རྗེ་དེ་མ་ཆུང་།།

དཀོན་མཆོག་གསུམ་པོས་མགོན་སྐྱོབ་གཟིགས་པ་དེ་མ་ཆུང་།།

བདག་གི་ཨ་མའི་སྐུ་ཚེ་ཡུན་རིང་དུ་སྲིང་རོགས།། 

 

Share201Tweet126

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།