Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་མཛད་པ། 

April 2, 2022
in བསྒྱུར་རྩོམ།
0

ངོས་གཞན་ཞིག་ནས་བསམ་ན། དེ་ནི་སངས་རྒྱས་ཐུགས་རྗེ་ཅན་གྱི་རྗེས་སུ་འཇུག་མཁན་ཞིག་གི་ངོས་ནས་རང་ཉིད་གང་གི་རྗེས་སུ་ཞུགས་པའི་སྟོན་པ་བཀའ་དྲིན་ཅན་གྱི་གསུང་གི་མཛོད་མཐར་ཐུག་པ་དེ་ཉིད་ལས་ཅན་གྱི་ཕན་བདེའི་དཔལ་དུ་ཡུན་གནས་ཡོང་བའི་ཆེད་དུ་གནང་བའི་འབད་བརྩོན་གནང་བ་ཞིག་ཡིན་ཀྱང་ཆོག་མོད། དེ་ཡང་ངེས་པར་དུ་ཆོས་ལུགས་བྱེ་བྲག་པ་ཞིག་གི་སྐྱབས་འོག་ཏུ་འགྲོ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་གྱི་འོག་ནས་སྤེལ་བ་དེ་འདྲའི་རིགས་མ་རེད། 

སྐབས་འགར་ང་ཚོས་སངས་རྒྱས་ཀྱི་གསུང་གི་བདུད་བརྩིས་སེམས་ཅན་གྱི་དོན་མཛད་པ་དེ་ཡང་། ལམ་རིམ་ཆེན་མོ་དང་དཔལ་སྤྲུལ་སྔོན་འགྲོ་ལྟ་བུའི་མགོ་སྐྱབས་འགྲོ་ནས་མཇུག་བསྔོ་བའི་བར་གྱི་མ་ལག་ཚང་བའི་སྲོལ་རྒྱུན་གྱི་སྒྲོམ་གཞི་ཉག་གཅིག་གི་འོག་ཏུ་འགྲོ་དགོས་ངེས་ཤིག་ནི་ཅིས་ཀྱང་མིན།

དེ་ཡང་སངས་རྒྱས་ཀྱིས་མདོ་སྡེ་ཟབ་མོ་དག་གི་ནང་དུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་ཚུལ་དུ་སྟོན་པ་ནས། ཕྱི་རོལ་པ་དང་སངས་རྒྱས་ཀྱི་བསྟན་པ་དངོས་སུ་མེད་པའི་ཡུལ་དུའང་དྲང་སྲོང་དང་བསམ་གཏན་གྲུབ་པ་སོགས་ཀྱི་ཚུལ་སྟོན་པའི་ཚུལ་མང་པོ་ཞིག་གསུངས་ཡོད་ཅིང་། སངས་རྒྱས་ཀྱི་བསྟན་པ་ནི་འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྐྲུན་པའི་ལས་ཅན་ཁོ་ན་ཞིག་ཡིན་པའི་ངོས་ནས་ཀྱང་ཐབས་སྣ་ཚོགས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འདི་གདུལ་བྱ་རྣམས་ཀྱི་མི་ཚེ་དང་འཚོ་བའི་གསོས་སྨན་དུ་ངོས་སྦྱོར་གནང་བ་འདི་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་དང་མཛད་པ་ཆེས་གལ་ཆེན་ཞིག་སྟེ། རྒྱུ་མཚན་དེས་ཀྱང་༧གོང་ས་མཆོག་གིས་རྒྱ་གར་མི་མང་ལ་ཆེད་དུ་དམིགས་ནས་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་དང་ཚད་མ་རིག་པ། སེམས་ཁམས་རིག་པ་དང་སྒོམ་སྒྲུབ། ཡ་རབས་བཟང་སྤྱོད་དང་ལེགས་བྱང་སོགས་དེང་རབས་ཀྱི་རིག་ཚན་བགར་སྟངས་ཀྱི་དབྱེ་སྒོ་དང་མཐུན་པའི་ཐོག་ནས་ངོ་སྤྲོད་གནང་བ་འདི་ཧ་ཅང་རླབས་ཆེན་གྱི་དགོངས་གཞི་ཞིག་རེད།

Share196Tweet123

Related Posts

khampa writers

ཤེས༌ཡོན༌སློབ༌གཉེར༌གྱི༌དགོས༌དམིགས།

April 18, 2022
0

ཁྱེད༌རང༌ཤེས༌ཡོན༌སློབ༌གཉེར༌ཟེར༌བ༌དེ༌ཡང༌སྙིང༌ཅི༌ཞིག༌ཡིན༌མིན༌ཐད༌འདྲི༌རྩད༌བགྱིད༌རྒྱུ༌ལ༌དང༌ཞེན༌དགའ༌མོས༌ཡོད༌དམ? འདྲི༌གཞི༌དེ༌འདྲའི༌ཐོག༌ཁྱེད༌ཀྱིས༌བསམ༌བློ༌བཏང༌ཨེ༌མྱོང༌?

དམིགས་བསལ་གྱི་ལམ་ཁ་གཏོད་པ།

April 2, 2022
0

འོན་ཀྱང་༧གོང་ས་མཆོག་གི་ངོས་ནས་དམིགས་བསལ་གྱི་ལམ་ཁ་ཞིག་གཏོད་གནང་ཞིང་འདིས་ནི་ཆོས་ལུགས་འདི་དགེ་ལས་དང་སྦྱིན་གཏོང་གི་སློབ་ཡོན་རོགས་སྐྱོར་དང་མུག་སྐྱོབ་སྤྲོད་མཁན་ཙམ་ཞིག་སྣང་བརྙན་གྱི་ཐོག་ནས་གནས་ཐུབ་བྱེད་པ་མ་ཡིན་པར།

དཀར་མཛེས་ཡུལ་གྱི་དགོན་སྡེ་ལྷ་ཁང་འགའ་ཞིག་གི་ ངོ་སྤྲོད་རིན་ཆེན་དང་པོའི་དོ་ཤལ།

ཆོས་ལུགས་གསར་གཏོད་ཀྱི་ཐོག་མའི་དམིགས་ཡུལ། 

April 2, 2022
0

སྤྱིར་གོང་དུ་བཤད་པའི་ཐབས་ལམ་དེ་དག་གི་ཐོག་ནས་ཆོས་ལུགས་དང་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་བར་གྱི་འབྲེལ་བ་མུ་མཐུད་རྒྱུན་འཛིན་བྱེད་པའང་ཐབས་ལམ་ཕྱོགས་གཅིག་སྟེ། འདི་ཡང་དང་ལེན་འོས་པ་མ་རེད་ཅེས་བརྗོད་ཀྱིན་མེད་མོད། སྟོན་

༄༅། །འབྲུག་སྤྲུལ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ་ མཆོག་གི་རྟོགས་བརྗོད་རིག་པའི་སྒྲ་དབྱངས།

ས་མཚམས་བརྒལ་བའི་ནང་སེམས་ཀྱི་རིག་གཞུང་། 

April 2, 2022
0

དེ་ཡང་གཞན་དག་ཚོས་ཆོས་ལུགས་ཀྱི་མཐར་ཐུག་གི་དགོངས་དོན་ཏེ། ཆེས་མཐོའི་ཕུགས་འདུན་བསྙེགས་པའི་སེམས་དོན་གྱི་ཉམས་ཉེན་དང་ལྟ་གྲུབ་སོགས་བཏང་སྙོམས་སུ་བཞག་སྟེ། སྤྱིར་བཏང་གི་དགེ་ལས་ཚོགས་པ་ཞིག་ལྟར་མི་མང་གི་འཕྲལ་སེལ་གྱི་དབུལ་སྐྱོབས་དང་།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།