ཚེ་ཡིས་རི་མོ་བྲིས་པའི་གཞིས་ཀ་ལ།།
ཡངས་པའི་ལྷ་ལམ་ངུས་སམ་དགོད་པ་ཡིན།།
མཆི་མའི་ཕྲེང་ཐག་ཆད་པའི་ཟླ་ངོ་འདིར། །
ཕུགས་ཀྱི་འདུན་མ་ཆུ་ལ་ཁུར་བར་ཉེ། །
ཡིད་སེམས་ཧ་ཅང་རློན་པའི་ལྷས་མཐའ་ནས།།
སྐྱོ་བའི་ཆར་སྒྲས་སྔས་མགོ་འབག་པར་བྱེད།།
རྟ་ཕོའི་གོམ་ལག་རྒོད་པའི་འདུ་འཛི་པར།།
བར་ཆད་ཅུང་ཙམ་ལྷོད་ན་གནམ་རྒན་མ།།
༢༠༡༨/༨/༡༧