Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

རྟོགས་པའི་དཔེ་མཚོན།

April 2, 2022
in ཆོས་འབྱུང་།
0

དོན་དངོས་ཐོག་དེ་ནི་ཉེན་ཁ་ཞིག་ཡིན་པར་མ་ཟད། དེ་འདྲ་དེས་༧གོང་ས་མཆོག་ལ་ཞབས་ཏོག་ཞུ་ཐུབ་མཁན་དང་། ཐུགས་ཟིན་གྱི་སློབ་མ་ཞིག་ཡོང་རྒྱུ་ལས་ལྡོག་སྟེ། ༧གོང་ས་མཆོག་གི་དགོངས་གཞི་ལ་ལག་ལེན་གྱི་ཐོག་ནས་ལོག་འགྲེལ་དང་འགོག་རྐྱེན་བཟོ་མཁན་ཞིག་ཆགས་སྲིད་པ་ཡིན།

དེ་ཡང་དཔེ་མཚོན་གྱི་ཐོག་ནས་ཞུས་ན། ༧གོང་ས་མཆོག་གིས་ནམ་ཡིན་ཡང་། སངས་རྒྱས་ཀྱི་བསྟན་པ་ནི་ནང་གི་བཤད་སྒྲུབ་གཙོ་བོ་ཡིན་པ་ལས་རྟེན་བཞེངས་དང་འཛུགས་བསྐྲུན་སོགས་ཨང་དང་པོར་འཇོག་རྒྱུ་མེད་པའི་དགོངས་ཚུལ་ཤུགས་ཆེན་པོ་བཏོན་ན་ཡང་། དགོན་པ་གྲྭ་ཚང་མང་པོ་ཞིག་གིས་ད་དུང་ཡང་བླ་བྲང་དང་འདུ་ཁང་སོགས་ཕྱིའི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་ཚད་གཞི་དེ་དངོས་ཡོད་ཀྱི་དགོས་མཁོ་ལས་བརྒལ་བ་ཞིག་བྱེད་རྒྱུར་ནུས་པ་འདོན་བཞིན་ཡོད། 

ཡང་༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་རང་ཉིད་ནང་པ་ཡིན་བཞིན་དུ་བོད་པའི་སྤྱི་ཚོགས་དང་འབྲེལ་བ་མེད་པར་དངོས་སུ་གསུངས་ན་ཡང་། རང་རེའི་ཤེས་ཡོན་ཚོགས་སྡེ་འགའ་རེས་ཨུ་ཚུགས་བརྒྱབ་ནས་སློབ་གྲྭ་ཁག་གི་ནང་དུ་ཆོས་དང་མ་འབྲེལ་བའི་སློབ་གསོ་ཞེས་པའི་ལས་རིམ་ཨུ་ཚུགས་ཀྱིས་འཛུད་ཐབས་བྱེད་བཞིན་ཡོད། 

ཡང་སྤྱིར་བཏང་གི་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་པ་དེའང་། ༧གོང་ས་མཆོག་གི་ངོས་ནས་ཆོས་བརྒྱུད་བྱེ་བྲག་པ་དང་འབྲེལ་བ་ཞིག་གི་ཐོག་ནས་སློབ་དགོས་པ་ཞིག་དང་། ལམ་ལུགས་ཁྱད་པར་བ་ཞིག་དང་སྦྲེལ་ནས་འགྲོ་དགོས་པ་ཞིག་ཡིན་པར་གཏན་ནས་གཟིགས་ཀྱི་མེད་ན་ཡང་། ལྟ་གྲུབ་སློབ་དཔོན་དུ་བཏགས་པ་ཕལ་མོ་ཆེས་རང་ཉིད་ཀྱི་གྲྭ་ས་དང་ཆོས་བརྒྱུད་ཀྱི་ཟེར་སྒྲོས་བྱེ་བྲག་པ་དེ་ཚོ་དངོས་ཤུགས་བརྒྱུད་གསུམ་ནས་སློབ་ཕྲུག་གི་བསམ་བློར་སློབ་གསོའི་ངོ་བོར་སྤེལ་བཞིན་ཡོད། 

ཡང་༧གོང་ས་མཆོག་གིས་གནའ་ནས་ད་བར་ཆོས་བརྒྱུད་ཕན་ཚུན་བར་ལ་དོན་དམ་པའི་རིས་མེད་གནང་དགོས་པ་དང་། ཆོས་བརྒྱུད་ཕན་ཚུན་བར་ཡང་གཅིག་གིས་གཅིག་ལ་སློབ་སྦྱོང་དགོས་པར་ནན་བསྐུལ་གནང་ན་ཡང་། ༧གོང་ས་མཆོག་ལ་བློ་དཀར་སེམས་དཀར་ཡིན་པར་ཁས་འཆེ་མཁན་ཕལ་མོ་ཆེས་ཀྱང་གཞན་ཕྱོགས་ཀྱི་བླ་མ་དང་ཆོས་བརྒྱུད་དེ་ཚོས་ཀྱང་གཞན་ཕ་རོལ་པོའི་ཉམས་ལེན་དང་ཀུན་སྤྱོད་སོགས་ཀྱི་འགྲོས་དེ་རང་ཉིད་ཀྱི་བག་ཆགས་ཀྱིས་ངོས་ལེན་ཡོད་པའི་ལྟ་གྲུབ་དང་ལག་ལེན་གྱི་འགྲོས་དང་ཕྱོགས་མཐུན་མིན་ཁོ་ན་ལ་ལྟ་བ་ལས། རང་ལ་ཆ་རྒྱུས་ཡོད་པའི་བཤད་སྒྲུབ་ཉམས་ལེན་གྱི་རིག་གཞུང་དང་མི་མཐུན་པའི་ཆོས་བྱེད་མཁན་དག་ལ་གུས་ཞབས་དང་རྩི་བཀུར་དང་ངོས་ལེན་བཅས་བྱེད་པ་སྟེ། གཞན་གྱི་མི་མཐུན་པའི་ཆ་ལ་སེམས་ཀྱི་གཏིང་ནས་རྩི་བཀུར་དང་དང་ལེན་ཞུ་བ་ཁོ་ན་དོན་དམ་པའི་རིས་མེད་ཀྱི་གཞི་རྩ་ཡིན་པར་ཁ་ཡ་གཏན་ནས་བྱེད་ཀྱི་མེད།

Share197Tweet123

Related Posts

Tibetan Literature

༧གོང་ས་མཆོག་གི་འབྲེལ་བ།

April 2, 2022
0

ཡིན་ནའང་། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་ངོས་ནས་ནང་ཆོས་འདི་ཉིད་སྲོལ་རྒྱུན་རིག་གནས་དང་ལྟ་གྲུབ་ཀྱི་ངོས་ནས་རྒྱ་གར་མི་མང་ལ་མཚམས་

Tibetan Art

རིག་གཞུང་ཞིག

April 2, 2022
0

དེ་ཡང་༧གོང་ས་མཆོག་གིས་ཡང་ནས་ཡང་དུ་རྒྱ་གར་ནི་གནའ་བོའི་ནང་སེམས་ཀྱི་བྱམས་སྙིང་རྗེ་དང་འབྲེལ་བའི་རིག་གཞུང་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་དང་།

༄༅།། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

དགོངས་གཞི་རྟོགས་དགོས།

April 2, 2022
0

དེ་ཡང་། ང་ཚོས་རང་ཉིད་༧གོང་ས་མཆོག་གི་འབངས་མི་དང་བུ་སློབ་ནང་མ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་ནི་རྒྱུ་མཚན་མེད་པ་ཞིག་མ་རེད།

དཀར་མཛེས་ཡུལ་གྱི་དགོན་སྡེ་ལྷ་ཁང་འགའ་ཞིག་གི་ ངོ་སྤྲོད་རིན་ཆེན་དང་པོའི་དོ་ཤལ།

སྒྲོན་མེ་བཟང་པོ།

April 2, 2022
0

དེ་ཡང་རང་རེ་གང་དུ་འཚོ་བཞིན་པའི་དུས་རབས་འདིར་གཏོགས་པའི་བོད་མི་ཞིག་ཡིན་པའི་ངོས་ནས་ཆེས་སྐལ་བ་བཟང་པོར་ཚོར་དུ་ཡོད་པ་ཞིག་ནི། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།