ལུས་ཁམས་བདེ་ན་མི་ཚེ་སྐྱིད།།
ཁ་ལས་རླུང་རྟ་ཡར་ལ་འཕེལ།།
དཔལ་དང་འབྱོར་བ་ཀུན་ནས་འདུ།།
ལུས་ཁམས་བདེ་ལ་ཅི་ནས་འབད།།
ལུས་ཁམས་བདེ་ན་བྱ་བ་འགྲུབ།།
མི་ཚེ་བདེ་བས་མཐར་འཁྱོལ་བྱེད།།
སེམས་ཁམས་དྭངས་ཞིང་སྣང་བ་སྤྲོ།།
སེམས་སྐྱིད་བདེ་བ་མཆོག་ཏུ་བསྔགས།།
ལུས་ཁམས་བདེ་ན་དགེ་སྦྱོར་འཕེལ།།
འཆད་རྩོད་རྩོམ་ལ་རབ་འཇུག་ནས།།
ཐོས་བསམ་སྒོམ་པའི་རྩལ་ཁ་རྒྱས།།
མཁས་བཙུན་བཟང་པོའི་རང་ཚུགས་ཟིན།།
ལུས་ཁམས་བདེ་ན་རང་གཞན་སྐྱིད།།
རང་གི་འདི་ཕྱིའི་དོན་ཆེན་དང་།།
གཞན་ལ་ཕན་པའི་བྱ་བ་འགྲུབ།།
རང་གཞན་དགེ་བའི་དོན་ཆེན་འགྲུབ།།
ལུས་ཁམས་བདེ་ན་ལྷ་ཆོས་འགྲུབ།།
རྩ་ཐིག་རླུང་གསུམ་ལས་རུང་བྱེད།།
ཉམས་ལེན་བོག་འདོན་རྩལ་ཁ་རྒྱས།།
འདི་ཕྱི་བདེ་བའི་དོན་ཆེན་འབྱུང་།།
ལུས་ཁམས་བདེ་ན་རང་གཞན་སྐྱིད།།
རང་ཉིད་ཚེ་རིང་ནད་མེད་དང་།།
གཞན་དོན་སྒྲུབ་པའི་སྐབས་རྙེད་ཕྱིར།།
ལུས་ཁམས་བདེ་ལ་བརྩོན་པར་གྱིས།།
༢༠༢༠/༦/༢༣ ཉིན།