Friday, March 6, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

སྐྱོ།

ལི་ཐང་བློ་བསྟན།

April 2, 2022
in སྙན་ངག
0

གངས་དཀར་རི་བོའི་མགུལ་ལ་ཐག་པས་བཅིངས།།

རྫ་རི་སྨུག་པོའི་སྐེད་ལ་སྟ་རེས་བཙབས།།

སྤང་ལྗང་སྔོན་མོའི་མཐའ་སྐོར་ཁྱི་ཡིས་འབྲད།།

རྨས་སྐྱོན་ཚབས་ཆེན་ཕོག་པའི་ཡུལ་འདི་སྐྱོ།།

ཉི་མ་སེར་པོ་རྒྱ་མཚོའི་གླིང་དུ་འཚེར།།

ཟླ་བ་དཀར་པོ་མུན་པའི་ཀློང་དུ་བཀྱིགས།།

སྐར་ཚོགས་ཁྲ་མོ་མུ་མེད་དབྱིངས་སུ་གཡེང་།།

རེ་བའི་མིག་ཟུང་བཙུམས་པའི་རིགས་འདི་སྐྱོ།།།

གངས་སེང་དཀར་པོའི་གཡུ་རལ་མེ་ཡིས་ཚིག།

བྲེ་སེར་འབྲོང་གི་རྭ་ཅོ་བྲག་གིས་བཅག།

ཁ་དཀར་རྐྱང་གི་སུག་བཞི་རྡོ་ཡིས་བརྡུངས།།

སྲོག་ལ་རང་དབང་བྲལ་བའི་རིགས་འདི་སྐྱོ།།

ཐོ་ནག་བཅོ་བརྒྱད་མགོ་ལ་ངར་གྱིས་བརྒྱབས།།

ཞགས་ནག་བཅོ་བརྒྱད་སྐེ་ལ་ཤུགས་ཀྱིས་བསྐོན།།

དུག་མདའ་བཅོ་བརྒྱད་སྙིང་ལ་ཤེད་ཀྱིས་བཙུགས།།

བཙན་འོག་བཙན་གྱིས་བསྡམས་པའི་རིགས་འདི་སྐྱོ།།

སྡུག་གི་ངུ་འབོད་བར་དོའི་འཕྲང་ལ་བསྒྲགས།།

སྐྱོ་བའི་མིག་ཆུ་རྒྱ་མཚོའི་ཀློང་དང་འདྲེས།།

གཟེར་བའི་ན་ཟུག་དམྱལ་བའི་ཁམས་ལ་སིམ།།

ཀྱེ་མ་ཀྱེ་ཧུད་རིགས་འདི་མཐོང་དུས་སྐྱོ།།

ཆུ་སྤྲིན་རླུང་བུས་དེད་ནས་གང་སར་ཐོར།།

མེ་ཏོག་འདབ་མ་ཟག་ནས་སྡོང་པོ་འཁོགས།།

རྩ་ལོ་འདམ་ལ་འབྱར་ནས་རུལ་དྲི་བྲོ།།

སྔོ་ཟད་སྐྱ་ལ་ཐུག་པ་རིག་དུས་སྐྱོ།།

གཉིས་པ།

ཤ་རྒོད་དཔུང་པས་མ་ལྕོགས་འབུར་བའི་དུས།།

ངར་རྒོད་སྙིང་རྩས་མ་བཟོད་འགད་པའི་དུས།།

ཀི་སྒྲ་གནམ་སས་མ་བརྟན་རལ་བའི་དུས།།

ལོ་རྒྱུས་རིང་མོའི་རྒྱལ་ཁ་བསམ་དུས་སྐྱོ།།

རྟ་ཕོའི་རྨིག་སྒྲས་རྒྱལ་མཚམས་བརྒལ་བའི་སྐབས།།

རལ་གྲིའི་སོ་ཡིས་མཐའ་བཞི་བསྡུས་པའི་སྐབས།།

དཔའ་རྒོད་སྟོང་གིས་རིགས་འདི་སྐྱོང་བའི་སྐབས།།

ལོ་རྒྱུས་རི་མོ་མིག་གིས་མཐོང་སྐབས་སྐྱོ།།

ཐག་རིང་ཐག་རིང་ཞིག་ནས་ཀི་ཞིག་བཏབ།།

ཐག་ཉེ་ཐག་ཉེ་ས་ནས་ལག་ཅིག་གཡུགས།།

རྡོ་ཐོག་རྡོ་དང་ཤིང་ཐོག་ཤིང་གི་ལན།།

དངོས་ཡོད་བདེན་འཚོལ་ལོ་རྒྱུས་རིག་དུས་སྐྱོ།།

མཐའ་མཚམས་སྤང་ལ་ཁྲག་གི་ལོ་རྒྱུས་བྲིས།།

དཔའ་བོའི་ངར་སྒྲ་རྒྱལ་ལ་མཆོད་པ་ཕུལ།།

སྲོག་དབུགས་རྟ་རྔ་ཙམ་དེ་དཔང་དུ་བཙུགས།།

ལྷད་མེད་ཀི་སྒྲས་ཕྱི་མར་དྲངས་བར་སྐྱོ།།

སུམ་གཉིས་ས་ཡི་སྒལ་པར་གཞུང་ཐིག་བརྒྱབས།།

གང་གཱ་ཆུ་མོའི་འགྲམ་ལ་དཔའ་རྟགས་བསླངས།།

མཆོད་རྟེན་ཆེན་མོའི་ཉིང་བཅུད་རྟ་ལས་དྲངས།།

དངོས་བྱུང་ལོ་རྒྱུས་མཇལ་དུས་སེམས་འདི་སྐྱོ།།

ཕྲ་མ་དུག་ཆུ་འཁོལ་མའི་བསླུ་བྲིད་ཆང་།།

རྒྱལ་འབངས་བར་དུ་སྤྲིན་ནག་ལ་བརྫངས་ཏེ།།

མཐུན་སྒྲིལ་ལྕགས་ཀྱི་གོང་བུའི་སྒྲོམ་གཏོར་བའི།།

ལོ་རྒྱུས་རི་མོ་འདི་དག་རིག་དུས་སྐྱོ།།

བློ་གྲོས་ངོམ་ནས་རྒྱ་མཚོ་འཐུང་པའི་དུས།།

གླེགས་བམ་བརྩེཌ་ནས་རྨོངས་གཉིད་དཀྲོཌ་པའི་དུས།།

ཕྱིར་གཏེར་དྲངས་ནས་རྒྱལ་ཁབ་ཕྱུག་པའི་དུས།།

གནའ་བོའི་ཤུལ་རྗེས་མཐོང་དུས་ཡིད་རེ་སྐྱོ།།

མ་བསམ་མ་བསམ་ས་ནས་མུན་པ་རུབ།།

སྣང་བ་དགུང་ལ་བཏེགས་ཀྱང་སྣང་བ་བྲལ།།

ས་གཞི་ལེབ་མོའི་ལྟོ་བའི་གྲུ་ཁ་ནས།།

མིག་ཆུ་ཐིགས་པ་གཅིག་གིས་རང་སེམས་སྐྱོ།།

གཞུང་ལུགས་ཁོག་རྒྱ་བློ་གྲོས་རྩེ་ཡིས་བྲུས།།

སྣང་སྟོང་སྣང་བ་མཐོན་པོའི་གཏེར་ཞིག་རྙེད།།

འཚོ་ཐབས་སྒྱུ་མའི་ལག་ཟུང་མདུན་དུ་བརྐྱངས།།

དར་རྒུད་སྣ་ཚོགས་མིག་མདུན་བཤམས་པ་སྐྱོ།།

ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་མིག་དང་རྣ་བའི་དབང་པོ་ཐུག་འཕྲད་དུ་ཕེབས་ཏེ། ཡིད་ཀྱི་དབང་པོར་བཙན་བསྐུལ་གྱིས་སྔར་དྲན་ཕྱིར་དྲན་མང་པོ་བྱས་སུ་བཅུག་ནས། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ ཉིན་རྫོགས་པར་བྱས།

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།