Saturday, April 11, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

སྔོན་གླེང་།

April 1, 2022
in ཡུལ་ལུང་
0

དེ་ཡང་རང་རེ་གང་དུ་འཚོ་བཞིན་པའི་དུས་རབས་འདིར་གཏོགས་པའི་བོད་མི་ཞིག་ཡིན་པའི་ངོས་ནས་ཆེས་སྐལ་བ་བཟང་པོར་ཚོར་དུ་ཡོད་པ་ཞིག་ནི། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ལྟ་བུའི་ལུགས་གཉིས་ཀྱི་དབུ་ཁྲིད་དང་ལམ་སྟོན་གྱི་སྒྲོན་མེ་བཟང་པོ་ཞིག་ཡོད་པ་དེ་ཡིན། ཕྱོགས་གཅིག་ནས་ད་ལྟའི་དུས་ཀྱི་ཁ་བ་ཅན་གྱི་བོད་འབངས་དག་གི་ལས་དབང་ནི་སྐྱ་ཆད་སྔོ་སྡུག་དང་། ཧ་ཅང་ངེས་གཏན་མེད་པའི་གནས་བབ་ཅིག་གི་འོག་ཏུ་ཡོད་ན་ཡང་། བོད་གངས་ཅན་གྱི་ཆོས་དང་རིག་གཞུང་གི་མཚན་སྙན་དང་ལ་རྒྱ། མི་སྒེར་གྱི་ཆེ་མཐོང་དང་མདུན་ལམ་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་ཟུངས་ཁྲག་ལྟར་མེད་དུ་མི་རུང་བའི་སྟོབས་ཤུགས་སྩོལ་མཁན་ནི་༧གོང་ས་མཆོག་ཡིན།

དེ་ཡང་། ང་ཚོས་རང་ཉིད་༧གོང་ས་མཆོག་གི་འབངས་མི་དང་བུ་སློབ་ནང་མ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་ནི་རྒྱུ་མཚན་མེད་པ་ཞིག་མ་རེད། ཡིན་ན་ཡང་། ནམ་རྒྱུན་༧གོང་ས་མཆོག་གིས། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡང་དག་པ་ཞིག་བྱེད་པར་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་པ་ཡག་པོ་ཞིག་རྟོགས་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་པར་ནན་ཏན་གྱིས་གསུངས་པ་ལྟར། ང་ཚོས་ཀྱང་༧གོང་ས་མཆོག་གི་རྗེས་འཇུག་ཡང་དག་པ་ཞིག་དང་། ༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་གྱི་རྗེས་སུ་འབྲང་མཁན་ཞིག་བྱེད་དགོས་ན་ཆེས་ཐོག་མར་གལ་ཆེ་བ་ནི། ༧གོང་ས་མཆོག་གི་ཐུགས་བཞེད་དང་དགོངས་པ་བཞེས་ཕྱོགས་སོགས་མཚམས་དང་ཚིགས་མ་འཁྲུགས་པའི་ཐོག་ནས་ངོས་ཟིན་དགོས་པ་དེ་ཡིན། 

ང་ཚོས་ནམ་རྒྱུན་༧གོང་ས་མཆོག་ལ་ཟོལ་མེད་ཀྱི་དད་གུས་དང་ལྷག་བསམ་རྣམ་དག་གི་གུས་བཀུར་ཡོད་པར་སྙམ་གྱི་ཡོད་ན་ཡང་། གལ་ཏེ་ང་ཚོས་ཁོང་གི་དགོངས་བཞེད་དངོས་གང་ཡིན་མ་ཤེས་པ་ཡིན་ན། རང་ཉིད་ཀྱི་བསམ་བློ་དང་དགའ་ཕྱོགས་ཀྱི་གོ་བ་ལེན་སྟངས་ཕྱོགས་རེ་བ་ཁོ་ནས་༧གོང་ས་མཆོག་གི་དགོངས་པ་ལ་གོ་བ་ལེན་མཁན་ཞིག་ཆགས་སྲིད། དེ་ནི་ཕྱོགས་རེ་བ་ཙམ་རེད། 

Share198Tweet124

Related Posts

khampa writers

ཁམས་མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་གི་ཁྱད་ཆོས། 

April 22, 2022
0

སྔོན་བྱོན་མེས་པོ་དག་གིས་རྡོ་དང་དབྱུག་པ་ལག་ཆ་བྱས་ཤིང་རི་དྭགས་བརྔོན་ཏེ་འཚོ་ཐབས་བྱེད་པ་སོགས་ནས་བཟོ་རིག་ལག་ཤེས་དར་བའི་དབུ་བརྩམས་ཡོད་ལ། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་དངོས་པོ་མང་བོ་ཞིག་

སྤྱིར་བཤད་པ།

April 1, 2022
0

ཆོས་ལུགས་མཐུན་སྒྲིལ་ནི་༸གོང་ས་མཆོག་གི་ཐུགས་འགན་བཞིའི་གཉིས་པ་དེ་ཡིན། དེ་ཡང་༸གོང་ས་མཆོག་རང་ཉིད་ཆོས་པ་ཞིག་ཡིན་པའི་ངོས་ནས་རང་བཞིན་གྱིས་འཁྲི་བའི་ཐུགས་འགན་ཞིག་ཏུ་ཞལ་བཞེས་གནང་གི་ཡོད།

ཀྱཻ་ཀྱཻ་གསོན་དང་ཨ་ཇོ།

ཆེད་བརྗོད།

April 1, 2022
0

བཀའ་ཤག་སྐབས ༡༥ པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚུངས་ཟླ་མེད་པའི་ཐུགས་རྗེའི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ།  དགོངས་གཞི་དགོས་པ་རླབས་ཆེན་གྱིས་ཞེས་པའི་དུས་དྲན་སྲུང་བརྩི་ལོ་འཁོར་གཅིག་གི་རིང་དུ་ཞུ་རྒྱུའི་བཀའ་ཁྱབ་སྔོན་སོང་བཞིན།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།