Month: October 2021

དྲིན་ཆེན་གྱི་ཨ་མ།

སྔ་ལུས་ཟད་པོ་ཞིག་གིས་ཕྱི་མཐའ་རུ་བསྐྱུར་ཞིང་།། ཕྱི་ལུས་དར་མ་རྣམས་ཀྱིས་ངོས་ལེན་ནི་མ་བྱས།། གཟུགས་མེད་བར་དོར་འཕྱན་པའི་ཁེར་འགྲོ་ཡི་རྣམ་ཤེས།། མངལ་སྒོར་གནས་ཚང་བསུ་བའི་དྲིན་ཆེན་གྱི་ཨ་མ།།   ཉིན་ཞག་ཉིས་བརྒྱ་བརྒྱད་ཅུ་མངལ་ཁྱིམ་དུ་བསྙལ་ཏེ།། ཡིད་འོང་གཅེས་སྙིང་འདོད་པའི་ལུས་ཆུང་ཞིག་བྱིན་ཏེ།། འཇིག་རྟེན་དཀར་ངོགས་སྣང་བའི་མིག་ཟུང་ཡང་ཕྱེས་ཏེ།། དུས་གསུམ་ནུ་ཆུས་གསོ་བའི་དྲིན་ཆེན་གྱི་ཨ་མ།།   གོག་ནས་ནུར་དུས་མདུན་གྱི་ཐོད་ལྩིབས་སུ་བྱས་ཤིང་།། ལངས་ནས་འགྲོ་དུས་ལག་ཆུང་ཁེན་ས་རུ་འགྲེངས་ཤིང་།། རྒྱུན་དུ་རང་གི་བྲང་ངོས་སྲུང་མདུད་བཞིན་བཏགས་ཤིང་།། གཅེས་གཅེས་བྱམས་བྱམས་གནང་བའི་དྲིན་ཆེན་གྱི་ཨ་མ།།   སྐྱག་གཅིན་ཚོད་མེད་ཉལ་ཆས་ཡང་ཡང་དུ་བརྫད་པ །། དྲི་མ་ངར་པོས་སྣ་ཁུང་སྲིན་བུ་ཡང་བསྒུལ་པ།། སྐད་ཅོར་ཚ་བོས་རྣ་བའི་བ་སྤུ་ཡང་བསླངས་པ །། ཐམས་ཅད་དང་ལེན་ནུས་པའི་དྲིན་ཆེན་གྱི་ཨ་མ།།   གོམ་གསུམ་སྤོས་ན་རྐང་ཆུང་རྡོ་ཐོགས་ཀྱི་དོགས་ཟོན།། ཟས་གསུམ་བཟས་ན་མིད་པ་འགག་ཉེན་གྱི་སྔངས་སྐྲག། ཐུན་གསུམ་ཉལ་ན་ཚ་གྲང་འཐབ་མདོག་གི་སེམས་ཁྲལ།། ཟ་ཉལ་འགྲོ་འདུག་སྲུང་བའི་དྲིན་ཆེན་གྱི་ཨ་མ།།   སྐེ་རགས་དོམ་ན་གཡོག་གི་རེ་བ་ཡང་མེད་ལ།། གོ་ས་རག་ན་ལྟག་སྒོའི་རེ་བ་ཡང་མེད་པ།། མིང་གྲགས་རྙེད་ན་དྲིན་གཟོའི་རེ་བ་ཡང་མེད་ལ།། ...

༈ འཇིག་རྟེན་མིག་གཅིག་བསྟན་འཛིན་རྒྱ་མཚོར་བསྟོད་པ་ གསེར་ལྡན་ཆུ་བོ་འབབ་པའི་སྒྲ་དབྱངས།

མཚན་དཔེའི་མེ་ཏོག་ཡོངས་སུ་བཀྲ་བའི་སྐུ་ཡི་བཀོད་པ་བོད་ལ་འཁྲུངས། ། བརྗིད་ཆགས་སྙན་པའི་གསུང་གི་འགྱུར་ཁུགས་གནམ་ས་གཉིས་ཀྱི་བར་ན་མཆེད། ། རླབས་ཆེན་ཐུགས་ཀྱི་འོད་སྣང་དཀར་པོ་སྲིད་པ་གསུམ་གྱི་ཁྱོན་ན་ཁྱབ། ། འཇིག་རྟེན་མིག་གཅིག་བསྟན་འཛིན་རྒྱལ་མཚོ་དགའ་བ་འབུམ་གྱིས་འདི་ནས་བསྟོད། །   བརྩེ་བ་ཆེན་པོའི་ཐུགས་རྗེས་གཟིགས་ནས་བྱང་གི་ཕྱོགས་ལ་དེད་དཔོན་མཛད། ། སྙིང་རྗེ་ཆེན་པོའི་སྟོབས་ཤུགས་ཕྱུངས་ནས་འཇིག་རྟེན་ཡོངས་ལ་ཞི་བདེ་འགྱེད། ། ཐབས་མཁས་ཆེན་པོའི་ཆོ་འཕྲུལ་ངོམ་ནས་ཆོས་ལུགས་ཀུན་ལ་འཆམ་མཐུན་སྐྲུན། ། ཐུགས་བཞེད་གསུམ་གྱི་རྣམ་ཐར་དགེ་བའི་ལྷ་མིའི་སྟོན་པ་ཕེབས་བསུ་ཞུ། །   འཛུམ་པའི་ཞལ་རས་སེམས་ལ་བསྒོམས་ནས་ཕྱག་དང་སྐོར་བ་བྱེད་པའི་དུས། ། སྙན་པའི་གསུང་དབྱངས་ཡིད་ལ་དྲན་ནས་གདུང་བའི་ཤུགས་ཀྱིས་འབོད་པའི་དུས། ། བརྩེ་བའི་ཐུགས་རྗེ་སྙིང་ནས་བསམས་ཏེ་གསོལ་བ་ལན་བརྒྱ་འདེབས་པའི་དུས། ། དངོས་གྲུབ་སྟོང་གི་སྦྲང་ཆར་ཕབ་ནས་ཡང་ཡང་གཟིགས་རོགས་སྤྱན་རས་གཟིགས། །   དཀར་པོ་སྤྲིན་གྱི་དར་དཔྱངས་ཁྲོད་ནས་ཉི་མ་བཞིན་དུ་འཛུམ་པ་དང་། ། སེར་པོ་ས་གཞིའི་འདབ་མའི་སྟེང་ན་ཚ་དྲོད་བཞིན་དུ་ཁྱབ་པ་ཡི། ...

༈ འཇམ་དབྱངས་ལ་བསྟོད་ཚིག་མུ་ཏིག་འཕྲེང་རྒྱན།

དམར་སེར་ལི་ཁྲི་མདངས་ཀྱིས་འཁྱུད་པའི་དབུས།།           བཅུ་དྲུག་ན་ཚོད་སྒེག་ཆོས་དཔལ་དུ་འབར།།           བལྟ་བས་མི་ངོམ་སེར་མདོག་འོད་ཀྱིས་མཛེས།།           འཇམ་དཔལ་གཞོན་ནུ་སྐུ༵་ཡི་མཛད་མཐའ་བྲལ།།         སྐལ་ལྡན་ས་འཛིན་སྟོང་གི་ཞིང་ས་རུ།།         ཇི་ལྟར་མོས་པའི་ཟབ་རྒྱས་ཆོས་ཀྱི་ཆར།།   ...

དགའ་ལྡན་ཁྲི་རིན་པོ་ཆེའི་རྣམ་ཐར་རང་ངོར་གང་ཤར་འགའ་ཚིགས་སུ་བཅད་པ།

འཁྲུངས་དུས་འབྲུག་སྐད་གྲགས་རབས་མ་ཐོས་ཤིང་། ། གཤེགས་དུས་འཇའ་ཚོན་བཀྲ་བའང་མ་རིག་ཀྱང་། ། ཨ་མའི་བུ་ཡི་ཤེས་འཇོན་ངོམ་ས་ཡི། ། དགའ་ལྡན་ཁྲི་ཡི་སྟེང་དུ་བཞུགས་པར་མཇལ། ། ཆུང་དུས་མ་བསླབ་མཁྱེན་པར་མ་གོ་ཞིང་། ། རྒན་དུས་མཁས་དབང་ཡིན་རབས་མ་གྲགས་ཀྱང་། ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ལས། ། རྩེ་ཕུད་དང་པོ་ལེན་པའི་རྣམ་ཐར་ཐོས། ། ཡང་སྲིད་ཟེར་ནས་སྤྲུལ་མིང་མ་ཐོགས་ཤིང་། ། སྐུ་ངོ་ཟེར་ནས་རྐུབ་བཏེགས་༼རྐུབ་སྟེགས༽མ་རྩོད་པར། ། འདོད་ཆུང་ཆོག་ཤེས་བསྟེན་པའི་ཆོས་གོས་འོག ། བསྟན་པའི་རྒྱལ་མཚན་འཛིན་པའི་བུ་ཞིག་མཇལ། ། སྒེར་གྱི་མིང་ཐོག་ཆོས་ཚོགས་མ་བཙུགས་ཤིང་། ། མིང་གྲགས་ཆེད་དུ་གང་སར་མ་ཕེབས་ཀྱང་། ། མགོ་བསེ༼སེར་མགོ་ནག་སློབ་མ་བུང་བ་བཞིན། ། ...

དྲ་བའི་འཇིག་རྟེན།

བླ་ཆེན་མྱི་ཆེན་དྲ་བའི་སྒང་ལ་བྱོན།། རྐུབ་སྟེགས་དཔོན་པོ་དྲ་བའི་སྒང་ལ་ཕེབས།། མི་སེར་ཉམ་ཆུང་དྲ་བའི་སྒང་ལ་འདུ།། མདོར་ན་ཀུན་ཀྱང་དྲ་བའི་སྒང་ན་རུབ།། ཨེམ་བྷེ་བླུགས་ནས་དྲ་བའི་གྲོང་ལ་འགྲོ།། ཐིར་རྗིས་བླུགས་ནས་དྲ་བའི་གླིང་ལ་ཉུལ།། ཝ་ཧྥི་འཐེན་ནས་དྲ་བའི་རྒྱལ་སར་འཁྱམ།། ད་ནི་ཚང་མ་ཡང་མ་འཁྱམ་འགྲོ་འགི། རྗེ་ཡི་གཙོ་བོ་དྲ་བར་སྐྱབས་སུ་མཆི།། སྒོར་མོ་ཡོད་ཚད་སྟོབ་བོ་ཁ་རྃ་ཁ་ཧི།། ཡོད་ཚད་རྡུལ་དུ་རློགས་ཤིག་ཟློག་ཟློག་ཟློག། གང་བཅོལ་ལས་རྣམས་སྒྲུབས་ཤིག་བྷྱོ༔བྷྱོ༔བྷྱོ།། གུང་ཟས་སྣུམ་ལུགས་དགོང་ཟས་ཚོ་རབས་ཟེར།། གྲོད་ཁོག་རྒྱགས་རབས་ལྷག་འཕྲོ་ལུས་རབས་ཟེར།། དྲ་བའི་སྒང་ན་ཁ་སྒྲོབ་ཤོད་སྟངས་ལས།། མདོར་ན་ཁ་རྗེ་དབང་ཐང་འདྲ་འདྲ་རེད།། རྒྱང་ལ་སོང་ཚུལ་སྤྲོ་འཆམ་ཕྱིན་རབས་ཟེར།། ས་ཆ་སྐྱིད་རབས་ལྟད་མོ་མཐོང་རབས་ཟེར།། རྒྱང་རྒྱུའི་པར་རེ་བཀྲམས་དང་མ་བཀྲམས་ལས།། སྡུག་གི་ངོ་གདོང་ལུག་སྟངས་འདྲ་འདྲ་རེད།། ནང་སྦྱོང་ཡོད་པས་དྲ་འབྲེལ་མི་ཁོམ་ཟེར།། ཡིག་ཚད་ཐུག་པས་དྲ་སྒོ་གཏན་རྒྱུ་ཟེར།། སློབ་སྦྱོང་འདུན་པ་ཆེ་མདོག་སྟོན་སྟངས་ལས།། ལྐོག་ནས་དྲ་བར་འཐོམ་ལུགས་འདྲ་འདྲ་རེད།། འགའ་རེས་དྲ་བས་ཕན་རབས་བཟང་རབས་གླེང་།། ལ་ལས་དྲ་བས་གནོད་རབས་ཕུང་རབས་བཤད།། ཁ་ཁོག་མི་མཚུངས་ཤོད་ལུགས་སོ་སོ་ལས།། དྲ་བའི་འོག་ན་སྒུར་ལུགས་འདྲ་འདྲ་རེད།། ད་ལྟ་ས་ཡོམ་ཆུ་ལོག་བརྒྱབ་རབས་སྒྲོག། གནའ་དུས་འདི་འདྲ་རྩ་ནས་མེད་ཚུལ་བཤད།། ...

ལངྐར་གཤེགས་པའི་སྙན་ངག

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།། སངས་རྒྱས་ཆོས་དང་ཧིན་དྷི་བླ་མའི་ཆོས།། གང་ཞིག་གང་ལས་བྱུང་བའི་ཚོགས་འདུར་ཞུགས།། སུ་ཞིག་བདེན་དང་སུ་ཞིག་རྫུན་ནོ་ཞེས།། དཔྱད་ནུས་མིན་ཡང་སངས་རྒྱས་ཆོས་ལ་ཞེན།། དགོན་སྡེ་དུ་མར་དད་པས་མཆོད་མཇལ་ཕྱིན།། སི་ཏཱའི་མཚོ་འགྲམ་སྐྱིད་པའི་སྤྲོ་འཁྱམས་བྱས།། ཉིན་བྱེད་འོད་ཀོར་གནམ་གྱི་དཀྱིལ་བསླེབས་ཀྱང་།། དུས་ཀྱི་འཁོར་ལོས་ཚ་གྲང་སྙོམས་པོར་བྱས།། དོན་ཚན་བཅུ་བདུན་བཞག་པའི་གནོན་ཤུགས་དང་།། པཎ་གྲུབ་བཅུ་བདུན་བསྟེན་པའི་བྱིན་རླབས་ཀྱིས།། ཡོ་རོབ་རྒྱལ་ཁམས་བཅུ་བདུན་འགྲིམས་མྱོང་ཡང་།། སྤྲོ་སྣང་འདི་འདྲ་ནམ་ཡང་མྱོང་མྱངས་མེད།། ནུབ་གླིང་ཡང་ཡང་འགྲིམ་པའི་བག་ཆགས་དེས།། ཤར་ཕྱོགས་རྒྱལ་ཁབ་མིག་ལ་བཞག་མྱོང་མེད།། ལངྐའི་འཇིག་རྟེན་འགྲིམ་པའི་ཉིན་མོ་ནས།། ཤར་གླིང་དག་པའི་ཞིང་གི་རིན་ཐང་ཤེས།།  མ་ཧི་དྷ་ཡིས་ལངྐའི་རང་དབང་བསླངས།། ཆོས་འཕེལ་འཆལ་པོས་རྒྱ་མཚོ་རྐྱལ་རྩལ་བསླབས།། བེ་སྨྱོན་ལྡོམ་པོ་དུས་ཚོད་མི་རིང་བས།། དྲན་ཐོ་སྙན་ཚིག་འགའ་ཞིག་འབྲི་ན་བསམས།། ཉིན་བྱེད་དམར་པོ་ནུབ་མཐར་ཁད་ཀྱིས་ལྷུང་།། སྐར་མ་ཐ་ཐོར་གནམ་གྱི་མཐའ་ན་གྲམས།། ཟླ་བ་ཁེར་འགྲོ་སྤྲིན་པའི་རུམ་དུ་འཚང་།། མཚོན་མོར་མཚོ་འགྲམ་བསྡད་ནས་སྙན་ངག་བྲིས།། སྨག་གི་ཁྲོད་དུ་རྒྱ་མཚོ་མི་མཐོང་ཡང་།། སྙན་པའི་རླབས་སྒྲ་རྣ་བའི་ལམ་དུ་འཇེབས།། ...

དྲུང་པ་ཆོས་རྒྱམ་རིན་པོ་ཆེའི་སྙན་ངག།

ཁ་ཏྭ་ཏུང་སྒྲ་སྒྲོགས་བཞིན་ཐང་ཤིང་ཡལ་གའི་སྐྱ་གར་གཏམ་གླེང་བག་ཡངས་བྱེད།།      བྲག་དམར་རྒོད་ཚང་ཅན་གྱི་དབུ་རྩེར་ལྷ་ཐོའི་དར་ཆ་རླུང་གིས་བསྐྱོད་ལ་ལྟ།།      འབྲོག་པའི་ཕྱུགས་ལྷས་ནག་པོར་སྦྲ་ཁྱིམ་རྩེ་ནས་དུད་པ་སྔོན་པོ་དལ་བུས་ལང་།།      བླ་མཆོད་མགྲོན་དུ་ཕེབས་པའི་རྔ་དང་དུང་གི་རོལ་མོས་གྲགས་ཆ་རྒྱང་ནས་སྒྲོགས།།      ས་མཐོ་བོད་ཀྱི་གངས་ཅན་ཡུལ་ལྗོངས་མཇལ་བས་དགའ་སྐྱོའི་བློ་སྣ་ལྡོག་ཏུ་མེད།།      ལ་མོ་སྟོང་ཕྲག་བརྒལ་ཀྱང་ས་མཐའ་མ་མཐོང་རླུང་གི་བཤུད་གླུར་ཉན་བཞིན་བསྐྱོད།།      ཆུ་བོ་སྟོང་ཕྲག་བརྒལ་ཀྱང་གནམ་མཐའ་མ་རྙེད་ཆུ་སྒྲའི་གཏམ་འཆལ་ཉན་པས་སུན།།      ཐག་རིང་འབྲོག་པའི་སྦྲ་ནག་མཐོང་བར་འདུན་པ་གཏད་ནས་བསྐྱོད་ཀྱང་སླེབ་རྒྱུ་མེད།།      རྟ་དྲེལ་ངལ་དུབ་ཆེ་བས་རྩྭ་ཆུ་མེ་ཤིང་འཛོམས་སར་སྡོད་གུར་བརྒྱབ་ན་བསམ།།      སྤུ་གྲི་སོ་ཡི་སྦྲང་རྩི་བལྡགས།།       ...

༈ རི་མོ།

 སྟོང་བའི་མཁའ་ལ་བྱེ་མའི་རི་བོ་འབྲི།།               རི་བོའི་དབུས་སུ་འཇའ་དང་སྤྲིན་པ་རྨོ།།               སྤྲིན་པ་གྱ་གྱུར་ཟིམ་པའི་བུ་མོ་ཕབ།།               ཡིད་འོང་ལན་བུ་ཡིད་ཀྱི་རྫིང་བུར་ཞུགས།།           ...

རིས་འགྲེལ་མིང་མཛོད་མཇུག་བྱང་།

ཕྲ་ཞིབ་རིགས་པའི་ལམ་ནས་ལན་མང་དུ།། དཔྱད་ཅིང་ལེགས་པར་སྦྱར་བའི་མིང་མཛོད་འདི།། དུས་ཀྱི་རྦ་ཀློང་འཁྲུགས་པའི་ཁུགས་སོ་ནས།། ཆོལ་གསུམ་གཅིག་ཏུ་འཛོམས་པའི་རང་སྒྲ་ཡིན།། གནང་དེང་རིག་པའི་ཕྱོགས་ལྷུང་དོག་པོའི་འཕྲང་།། སྐྱ་སེར་རྩོད་པའི་རླུང་གིས་དཀྲུགས་པའི་སེམས།། ཕན་མེད་ཐོ་ཅོ་སྒྲོག་པའི་བརྟུལ་ཞུགས་དག། ཡོངས་སུ་སྤངས་ཏེ་གཟུ་བོའི་བློ་ཡིས་བརྟགས།། བརྡ་ཡི་སྒྲུབ་ལུགས་བསྟན་བཅོས་ཚད་མར་གཏུགས།། མིང་གི་འགྲོ་སྟངས་སྐད་ཀྱི་གཤིས་དང་བསྟུན།། མནོག་ཆུང་ཉི་ཚེའི་ཚིག་གི་འཐེན་འཁྱེར་རྣམས།། རིང་དུ་དོར་ནས་སྤྱི་ཕན་སེམས་ཀྱིས་བསྐྲུན།། འདི་ན་ངོ་སོ་སྲུང་བའི་རེ་དོགས་མེད།། འདི་ན་ཁེ་ཕན་སྒྲུབ་པའི་སྒེར་དོན་མེད།། རང་རང་ཕྲག་ཏུ་བབས་པའི་འོས་འགན་ཙམ།། སོ་སོས་འབད་པས་བསྒྲུབས་ཏེ་ཕུལ་བ་ཙམ།། བརྡ་དང་ཐ་སྣད་སྐད་དང་དང་ཡི་གེ་ནི།། རིག་པའི་གཞུང་ཀུན་བགྲོད་པའིི་ཐེམ་སྐས་ཏེ།། གདགས་སྦྱངས་གོམས་པའི་འཇུག་ངོགས་ལ་བརྟེན་ནས།། མདུན་སྐྱོད་ཡར་རྒྱས་ལེགས་པའི་ཕྱོགས་སུ་གཞོལ།། ཟབ་ཡངས་ཤེས་བྱའི་གོ་རར་འཇུག་པའི་ཚེ།། ལུགས་གཉིས་གཞན་གྱི་དྲིང་དུ་མི་འཇོག་པའི།། མེས་པོའི་སྲོལ་བཟང་འཀོར་ལོ་འབར་བའི་རྩིབས།། སྐད་དང་ཡི་གེའི་སྲོག་ཤིང་བརྟན་ལ་རག། དེ་སླད་ཀུན་ལ་ཕན་པའི་དབྱིག་མཆོག་དང་།། ལྷག་བསམ་ཀློང་ནས་རྡོལ་བའི་འབོད་སྐུལ་འདི།། ཕྱི་ནང་གཙུག་ལག་རྒྱ་མཚོའི་ཁྱོན་ཡངས་ལས།། ཉེར་བཏུས་ལེགས་བསྒྱུར་རིགས་པའི་གསོས་སུ་སྤེལ།། སྒྲ་རིག་ཁ་བའི་ཀློང་ལས་མངོན་སྐྱེས་པའི།། བརྡ་དག་འོད་དཀར་ཚིག་གི་མཛོད་འདི་ཡང་།། ...

༄༅། །འཇམ་དཔལ་དབྱངས་བསྟན་པ་རབ་རྒྱས་ལ་བསྟོད་པའི་ཚིག་ལེའུར་བྱས་པ་དྲི་བྲལ་པད་མ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བ་ཞུགས་སོ།།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་དཔྱིད།  ། མཐོང་བའི་མི་ངོམས་གངས་རིའི་མདངས་ལྡན་སྐུ།  ། ཡབ་ཅིག་འཇམ་དཔལ་སྨྲ་བའི་ཉི་མ་དེས།   བདག་བློ་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད།  ། འོ་མའི་ཆུ་གཏེར་འཕྱུར་བའི་རླབས་ཕྲེང་རྩེར།  ། དྲི་མེད་ཤེལ་དཀར་མེ་ཏོག་བཞད་འདྲ་བ།  ། ངོ་མཚར་ཚངས་པའི་བུ་མོ་ཡིད་འཕྲོག་མ།  ། ལོངས་སྤྱོད་འཁོར་ལོ་མགྲིན་པའི་ཁབ་ཏུ་རོལ།  ། ཨེ་མ་བསོད་ནམས་ཤར་གྱི་རི་བོ་ནས།  ། ཡོན་ཏན་བླ་ན་མེད་པའི་དཀྱིལ་འཁོར་ལ།  ། གསང་གསུམ་མཛད་པའི་འོད་ཟེར་སྟོང་འབར་བའི།  ། མཁས་པའི་ཉིན་བྱེད་མཆོག་གཅིག་འདི་ན་ཤར།  ། མ་རིག་དུམ་བུར་གཏུབ་པའི་མཚོན་གདེངས་ཤིང་།  ། མ་བཅོས་རང་བཞིན་མདའ་ལྟར་དྲང་བའི་ཐུགས།  ། མ་ལུས་མཁས་པའི་ཡིད་འཕྲོག་མཁས་པ་ཁྱོད། ། ...

Page 6 of 7 1 5 6 7

ལོ་ཐོ།

October 2021
M T W T F S S
 123
45678910
11121314151617
18192021222324
25262728293031