Saturday, April 11, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཆེད་བརྗོད།

April 1, 2022
in ཡུལ་ལུང་
0

བཀའ་ཤག་སྐབས ༡༥ པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚུངས་ཟླ་མེད་པའི་ཐུགས་རྗེའི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ།  དགོངས་གཞི་དགོས་པ་རླབས་ཆེན་གྱིས་<<རྒྱལ་བའི་བཀའ་དྲིན་རྗེས་དྲན།>>ཞེས་པའི་དུས་དྲན་སྲུང་བརྩི་ལོ་འཁོར་གཅིག་གི་རིང་དུ་ཞུ་རྒྱུའི་བཀའ་ཁྱབ་སྔོན་སོང་བཞིན།  ངེད་ཁམས་པའི་སྨྱུག་ཚོགས་ཀྱིས་དད་འདུན་གཡོ་བ་མེད་པར་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་རྒྱལ་བའི་བཀའ་དྲིན་དྲན་ཕྱིར་དུ་<<འབྲི་ཆུ།>> ཞེས་པའི་མཚན་བྱང་འོག་ནས་<<རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དེབ་གཅིག་དམིགས་བཀར་ཐོག་ནས་བཏོན་བཞིན་ཡོད།>>  དེ་ཡང་། ངེད་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་ཡོངས་ནས་མགྲིན་པའི་དབྱངས་གཅིག་ཀྱི་སྨྱུག་ཁའི་གསེང་ནས་རྒྱལ་བ་སྐུ་ཕྲེང་ནར་རིང་གི་ཆོས་སྲིད་གཉིས་ཀྱི་བཀའ་དྲིན་དྲན་ཕྱིར་དང་། ཁྱད་པར་དུ་རྒྱལ་མཆོག་ཕྱག་ན་པདྨོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བོད་ཁམས་ཡོངས་དང་། སྒོས་སུ་ཁམས་པའི་མི་མང་ཡོངས་ལ་ཆོས་སྲིད་གཉིས་ཀྱི་བཀའ་དྲིན་རྗེས་ཁྱབ་རྣལ་མ་ཞིག་དྲན་འཐོར་བསྐྱར་སོས་ཕྱིར་དུ་འཆར་སྟབས་མྱུར་པོས་ཐོག་ནས་སྨྱུག་ཁ་འགུལ་ཁྱུག་ཁྱུག་གིས་རྗེན་གཅེར་བྱས་དང་བྱེད་མུས་མཆིས།   དེ་ཡང་། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མཆོག་གདུལ་ཞིང་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པ་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཤིང་ཕག་སྤྱི་ལོ་ ༡༩༣༥ ཟླ་ ༦ ཚེས་ ༧ ཉིན་མདོ་སྨད་སྐུ་འབུམ་ཉེ་འཁོར་སྟག་འཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བསོད་ནམས་མཚོ་མོའམ་བདེ་སྐྱིད་ཚེ་རིང༌ གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། སྤྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ་ཅིང༌། ལྕགས་འབྲུག་སྤྱི་ལོ་ ༡༩༤༠ བོད་ཟླ་ ༡ ཚེས་ ༡༤ ཉིན་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་མཛད། དགུང་གྲངས་བཅུ་དྲུག་ཐོག་བོད་ལྕགས་སྟག་ཟླ་ ༡༠ ཚེས་ ༨ སྤྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་གངས་ཅན་ལྷ་མིའི་གཉིས་ཀྱི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་ནས་བཟུང་ད་ལྟའི་བར་དུ། ཐུགས་བསྐྱོད་དམ་བཅའ་གསུམ་མམ་བཞི།  འཛམ་གླིང་ཞི་བདེ།  བྱམས་བརྩེ་དང་འཚེ་མེད་པ། དུས་རབས་ཉེར་གཅིག་པའི་ནང་པ།  བོད་གདོང་དམར་གྱི་མི་རིགས་རྩ་དོན་དང་། སྐད་དང་ཡི་གེ   ཆོས་དང་རིག་གཞུང་།   ཁོར་ཡུག   དེང་རབས་ཀྱི་ཤེས་ཡོན།  ནང་ཆོས་དང་ཚན་རིག  མང་གཙོ།  དབུ་མའི་ལམ་སོགས་ལ་ཐུགས་ཁུར་གཙོར་བཞེས་གནང་དང་གནང་མུས་འདི་དག་ལ་ང་ཚོས་ནམ་ཡང་དྲན་འཛིན་ཡུལ་ནས་བསྐུལ་མ་ཡང་ཡང་དགོས་གལ་མཐོང་། དེའི་ཕྱིར་ངེད་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་ཚོས་<< སྟོན་པའི་སློབ་བུར་གྱུར་པའི་སྐལ་བཟང་ཐོབ།། མཐའ་བྲལ་བྱམས་དང་ཤེས་རབ་བསྔགས་པའི་ཡུལ།། འཕགས་པའི་ཚོགས་རྣམས་བགྲོད་པའི་བཤུལ་ལམ་སྟེ།། ཡང་དག་ཐབས་འདིས་ཆོག་ཤེས་ས་ལ་བཀོད།།>> ཅེས་གསུངས་པ་བཞིན་དུ་ལྷ་ཕྱག་གྲངས་མེད་སྔོན་བཏང་ནས་རྣམ་ཀུན་དང་མི་འདྲ་བར་འདི་ན་རྒྱལ་བའི་མཛད་ཆེན་བཞི་གཙོས་མཛད་ཆེན་ཁག་ལ་བཀའ་དྲིན་རྗེས་དྲན་ཕྱིར་དུ་རང་བཞིན་མངོན་པར་མྱུར་སྟབས་ཀྱིས་ཐོན་ནས།  ང་ཚོས་ཆུ་ཚོད་རེ་རེ་དང་ཉི་མ་རེ་རེ་བཞིན་སོ་སོའི་ལུས་སེམས་གཉིས་ལ་དམིགས་བཀར་དྲན་ཤེས་ལ་བསྟེན་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། 

     མཐའ་དོན་ངེད་རྒྱུན་ལས་དང་རྩོམ་སྒྲིག་པ་ཚོས་རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲན་རྗེས་དྲན་ལས་རང་དོན་དོན་གཉེར་གྱིས་ཀུན་སློང་རྒྱང་རིང་དུ་བསྲིངས་ཏེ།  བརྩོན་འགྲུས་དགེ་ལ་སྤྲོ་བ་ལྟར་དགའ་དད་སྤྲོ་གསུམ་གྱིས་འབད་པ་ཆེན་པོས་ངལ་བ་དང་། ཁམས་རིགས་སྨྱུག་འཛིན་པ་ཡོངས་ཀྱིས་རྩོམ་རིག་ཞལ་འདེབས་གངྒཱ་ཆུ་བོ་བཞིན་དུ་འབྱོར་བས་རྒྱ་ཆེ་བའི་དད་གཉེར་ཅན་གྱི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་དང་འཐུས་སྒོ་ཚང་བའི་ཆེད་དེབ་གཅིག་བྱུང་བས་ཁོ་བོས་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་བཀའ་དྲིན་བླ་མེད་དུ་མཁྱེན་ཞུ་ན་འདོད།  

           ཆེད་དེབ་ཀྱི་ཐོག་མ་དགེ་བ་དང་བར་དུ་དགེ་བ་དང་། མཐའ་མའི་དགེ་བ་བཅས་དགེ་བའི་རྩ་བ་འདིས་མཐུ་ལ་བརྟེན་ནས་ཀུན་མཁྱེན་ཕྱག་ན་པདྨོ་༧ གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་མི་འགྱུར་རྡོ་རྗེ་རང་ཁམས་སུ་བརྟན་པ་དང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས།

Share197Tweet123

Related Posts

khampa writers

ཁམས་མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་གི་ཁྱད་ཆོས། 

April 22, 2022
0

སྔོན་བྱོན་མེས་པོ་དག་གིས་རྡོ་དང་དབྱུག་པ་ལག་ཆ་བྱས་ཤིང་རི་དྭགས་བརྔོན་ཏེ་འཚོ་ཐབས་བྱེད་པ་སོགས་ནས་བཟོ་རིག་ལག་ཤེས་དར་བའི་དབུ་བརྩམས་ཡོད་ལ། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་དངོས་པོ་མང་བོ་ཞིག་

Tibetan attire

སྔོན་གླེང་།

April 1, 2022
0

དེ་ཡང་རང་རེ་གང་དུ་འཚོ་བཞིན་པའི་དུས་རབས་འདིར་གཏོགས་པའི་བོད་མི་ཞིག་ཡིན་པའི་ངོས་ནས་ཆེས་སྐལ་བ་བཟང་པོར་ཚོར་དུ་ཡོད་པ་ཞིག་ནི། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་

སྤྱིར་བཤད་པ།

April 1, 2022
0

ཆོས་ལུགས་མཐུན་སྒྲིལ་ནི་༸གོང་ས་མཆོག་གི་ཐུགས་འགན་བཞིའི་གཉིས་པ་དེ་ཡིན། དེ་ཡང་༸གོང་ས་མཆོག་རང་ཉིད་ཆོས་པ་ཞིག་ཡིན་པའི་ངོས་ནས་རང་བཞིན་གྱིས་འཁྲི་བའི་ཐུགས་འགན་ཞིག་ཏུ་ཞལ་བཞེས་གནང་གི་ཡོད།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།