Saturday, April 11, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

སྤྱིར་བཤད་པ།

April 1, 2022
in ཡུལ་ལུང་
0

ཆོས་ལུགས་མཐུན་སྒྲིལ་ནི་༸གོང་ས་མཆོག་གི་ཐུགས་འགན་བཞིའི་གཉིས་པ་དེ་ཡིན། དེ་ཡང་༸གོང་ས་མཆོག་རང་ཉིད་ཆོས་པ་ཞིག་ཡིན་པའི་ངོས་ནས་རང་བཞིན་གྱིས་འཁྲི་བའི་ཐུགས་འགན་ཞིག་ཏུ་ཞལ་བཞེས་གནང་གི་ཡོད། ཆོས་པ་ཞིག་ཡིན་ན་ཆོས་ལུགས་མཐུན་སྒྲིལ་ནི་རང་བཞིན་གྱིས་ཕྲག་ཏུ་བབ་པའི་འགན་ཞིག་ཡིན་མོད། ༸གོང་ས་མཆོག་ནས་ཐུགས་འགན་དེ་བཞེས་ཀྱི་ཡོད་ཅེས་ཡང་ཡང་གསུངས་པ་ནི། ཆོས་ལུགས་རྣམས་མཐུན་པོ་བྱ་དགོས་པའི་སེམས་བཟང་གི་བསླབ་བྱ་ཙམ་ཞིག་མིན་པར་རིག་པའི་གཞུང་ལུགས་ཤིག་གི་མཚན་ཉིད་ཆ་ཚང་བའི་ལྟ་གྲུབ་ཅིག་གི་ངོ་བོར་སྒྱུར་ཡོད།

ཐུགས་འགན་གཉིས་པ་༼ཆོས་ལུགས་མཐུན་སྒྲིལ་༽དེ་ཆོས་ལུགས་པ་ཡོངས་ལ་ལམ་སྟོན་ཞིག་ཡིན་པར་མ་ཟད། ང་ཚོ་ལ་བརྡ་དམིགས་བསལ་ཞིག་ཀྱང་གཏོང་བཞིན་ཡོད་དེ། ཚང་མས་རང་གི་ཕྲག་ཏུ་རང་བཞིན་གྱིས་བབ་པའི་འགན་གང་དག་ཡོད་པ་དེ་དག་ཤེས་པར་བྱས་ནས་འགན་དེ་རྣམས་ཚུལ་བཞིན་དུ་འཁུར་ན་ད་གཟོད་སྤྱི་ཚོགས་འདི་སྔར་བས་ལེགས་པ་ཡོང་ཐུབ་བོ་ཞེས་བསྟན་གྱི་ཡོད།  

རིག་པའི་གཞུང་ལུགས་ཀྱི་མཚན་ཉིད་ཆ་ཚང་བ་ཞིག་ཏུ་སྒྱུར་ཚུལ་ནི། ཐུགས་འགན་གཉིས་པའི་ལམ་སྟོན་དུ། མཐུན་སྒྲིལ་བྱས་པའི་ཕན་ཡོན། མ་བྱས་པའི་ཉེས་དམིགས། ཆོས་ལུགས་ཀྱི་དམིགས་ཡུལ། ཆོས་ལུགས་སོ་སོའི་ངོ་བོ། ཆོས་ལུགས་མཐུན་སྒྲིལ་གྱི་དཀའ་ངལ་གཙོ་བོ། དེ་ལ་གདོང་ལེན་བྱ་ཚུལ། མཐུན་སྒྲིལ་བྱ་ཚུལ་གྱི་རྣམ་གཞག་བཅས་དེ་བས་ལྷག་གཏན་ལ་དབབ་ཐབས་མེད་པ་ཞིག་ཞིབ་མོར་གཏན་ལ་ཕབ་པས་རེད། རིག་པའི་གཞུང་ལུགས་དེ་ལྟ་བུ་ཞིག་གསར་གཏོད་གནང་བས་བླ་ན་མེད་པའི་མཛད་རྗེས་ཤིག་བཞག་ཡོད། 

སྡེ་ཚན་དེ་དག་སོ་སོའི་འགྲེལ་བཤད་རྣམས་ནི་༼དོན་དམ་པའི་ཆོས་ལུགས་མཐུན་སྒྲིལ་༽ཞེས་པ་དང་། ༼སྟོང་ལོ་གསར་པའི་སྤྱོད་བཟང་༽ ཞེས་པ་སོགས་ཕྱག་དེབ་དུ་མ་དང་། དེ་བཞིན་རྒྱུན་གྱི་ཆོས་ལུགས་མཐུན་སྒྲིལ་གྱི་བཀའ་སློབ་ཁག་ལས་གསལ་ལོ།། འདིར་མཚོན་ཙམ་རེ་སྨྲོས་ན།

Share197Tweet123

Related Posts

khampa writers

ཁམས་མི་ཉག་རྟའུ་ཡུལ་གྱི་སྡོད་ཁང་གི་ཁྱད་ཆོས། 

April 22, 2022
0

སྔོན་བྱོན་མེས་པོ་དག་གིས་རྡོ་དང་དབྱུག་པ་ལག་ཆ་བྱས་ཤིང་རི་དྭགས་བརྔོན་ཏེ་འཚོ་ཐབས་བྱེད་པ་སོགས་ནས་བཟོ་རིག་ལག་ཤེས་དར་བའི་དབུ་བརྩམས་ཡོད་ལ། མེས་པོ་རིམ་བྱོན་དེ་དག་གིས་རང་ཉིད་ཀྱི་འཚོ་བར་ཕན་དུ་གདགས་པའི་དངོས་པོ་མང་བོ་ཞིག་

Tibetan attire

སྔོན་གླེང་།

April 1, 2022
0

དེ་ཡང་རང་རེ་གང་དུ་འཚོ་བཞིན་པའི་དུས་རབས་འདིར་གཏོགས་པའི་བོད་མི་ཞིག་ཡིན་པའི་ངོས་ནས་ཆེས་སྐལ་བ་བཟང་པོར་ཚོར་དུ་ཡོད་པ་ཞིག་ནི། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་

ཀྱཻ་ཀྱཻ་གསོན་དང་ཨ་ཇོ།

ཆེད་བརྗོད།

April 1, 2022
0

བཀའ་ཤག་སྐབས ༡༥ པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚུངས་ཟླ་མེད་པའི་ཐུགས་རྗེའི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ།  དགོངས་གཞི་དགོས་པ་རླབས་ཆེན་གྱིས་ཞེས་པའི་དུས་དྲན་སྲུང་བརྩི་ལོ་འཁོར་གཅིག་གི་རིང་དུ་ཞུ་རྒྱུའི་བཀའ་ཁྱབ་སྔོན་སོང་བཞིན།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།