Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

མིའི་ཡོན་ཏན་གོང་སྤེལ་གྱི་ཐུགས་བསྐྱེད་སྐོར་ལ་གླེང་བ། 

April 2, 2022
in སྒྲུང་རྩོམ།
0

སྙིགས་དུས་ཀྱི་སྟོན་པ་༧སྤྱི་ནོར་༧གོང་ས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དགོངས་གཞིའམ་ཐུགས་བསྐྱེད་དམ་བཅའ་གཙོ་བོ་གསུམ་གྱི་ནང་ནས་དང་པོ་འགྲོ་བ་མིའི་ཡོན་ཏན་གོང་སྤེལ་གྱི་ཐུགས་བསྐྱེད་སྐོར་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལས། “ངོས་རང་མི་ཞིག་ཡིན་པའི་ཆ་ནས་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེ་བ་དང་། ནང་སེམས་ཀྱི་བདེ་སྐྱིད་དེ་ཡང་ཆོས་དད་ཡོད་ཀྱང་རུང་མེད་ཀྱང་རུང་། གང་ལྟར། ང་རང་ཚོ་ཆུང་བའི་སྐབས་ནས་ཕ་མས་ཇི་ཙམ་གྱིས་བརྩེ་བས་བསྐྱངས་པའི་ཚོད་ཀྱིས་སེམས་པ་དགའ་སྣང་དང་། སྐྱིད་སྣང་ཡོང་གིན་ཡོད་པར་བརྟེན། བྱམས་བརྩེ་ནི་རང་ཆས་སུ་ཡོད་པ་ཞིག་ཡིན་ལ། བར་སྐབས་ཞིག་ནས་ཚན་རིག་པ་ཚོས་ཀྱང་ཚན་རིག་གིས་ཞིབ་འཇུག་གམ་བརྟག་དཔྱད་བྱེད་དུས་བྱམས་བརྩེ་ཞེས་པ་དེ་ལུས་བདེ་བ་དང་། ཁྱིམ་ཚང་སྐྱིད་པ། སྤྱི་ཚོགས་ལ་ཕན་ཐོགས་ཡོང་བ་ཞིག་ཏུ་ཤོད་ཀྱི་འདུག དེར་བརྟེན། མི་ཞིག་ཡིན་ཕྱིན་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་ངོས་ཀྱིས་རིམ་པ་དང་པོ་དེར་རྩི་གིན་ཡོད།” ཅེས་གསུངས་ཡོད། དེ་བཞིན་དུ་༧གོང་ས་རྒྱལ་དབང་མཆོག་གིས་མཛད་པའི་<<ཕྱི་ཡུལ་དུ་རང་དབང་>>ལས། “དོན་དམ་པའི་བདེ་སྐྱིད་ནི་སེམས་རྒྱུད་ཀྱི་ཞི་བ་དང་། འདོད་ཆུང་ཆོག་ཤེས་ནས་འཐོབ་ཀྱི་ཡོད་པའི་ཐོག དེ་རྣམས་ནི་གཞན་ཕན་ལྷག་བསམ་དང་། བྱམས་པ། བརྩེ་བ་སྒོམ་པ་དང་། ཁོང་ཁྲོ་དང་། རང་གཅེས་འཛིན། འདོད་རྔམས་སོགས་སྤངས་པ་ལ་བརྟེན་ནས་ཐོབ་པ་རེད།” ཅེས་གསུངས་ཡོད།

Share198Tweet124

Related Posts

༄༅།། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

མང་གཙོའི་རྨང་གཞི་བཏིང་བའི་དུས་རིམ། 

April 2, 2022
0

ངས་འདི་ནས་༧གོང་ས་མཆོག་སྤྱན་རས་གཟིགས་དང་།  ཡང་ན་བྱང་ཆུབ་སེམས་པ་ཡིན་ཚུལ་གང་ཡང་གླེང་རྒྱུ་མིན་ལ་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ནང་དུ་དེ་ལྟ་བུའི་བརྗོད་ཚུལ་དེ་སྐྱོན་ཆ་ཅན་ཞིག་ཡིན་པར་ངོས་འཛིན་ཡོད།  འདི་ནས་གླེང་བར་བྱ་བ་ནི་

སྐྱོ།

མང་གཙོར་བསྒྱུར་བའི་རྒྱབ་རྒྱང་ལ་ལྟ་བ། 

April 2, 2022
0

བོད་ལུང་པ་ལྟ་བུའི་ཕྱི་རྒྱལ་ཁབ་ཁག་དང་འབྲེལ་བ་མེད་ལ།  དེང་རབས་ཀྱི་དཔལ་ཡོན་ལ་ཁ་ཕྱོགས་མེད་པའི་སྤྱི་ཚོགས་དེའི་ནང་༧གོང་ས་མཆོག་ལ་ཅིའི་ཕྱིར་མང་གཙོའི་ཐུགས་དགོངས་འཁྲུངས་བ་ཡིན་ནམ།  ༧གོང་ས་མཆོག་སྐུ་གཞོན་ནུའི་དུས་ནས་གསར་གཏོད་དང་།

༈ ལོ་དེ།

མཇུག་གཏམ། 

April 2, 2022
0

རྒྱལ་བའི་དགོངས་གཞིའམ་ཐུགས་བསྐྱེད་དམ་བཅའ་གཙོ་བོ་མིའི་ཡོན་ཏན་གོང་སྤེལ་གྱི་ཐུགས་བསྐྱེད་དང་། ཆོས་ལུགས་མཐུན་སྒྲིལ་གྱི་ཐུགས་བསྐྱེད། བོད་དོན་བདེན་མཐའི་ཐུགས་བསྐྱེད་བཅས་མཛད་ཆེན་རྣམ་པ་གསུམ་པོ་འདི་ཉིད་ནི། ཆོས་རྗེ་ས་སྐྱ་པཎྜི་ཏས།

སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་བྱུང་བ་རགས་ཙམ་གླེང་བ།

བོད་དོན་བདེན་མཐའི་ཐུགས་བསྐྱེད་སྐོར་ལ་གླེང་བ། 

April 2, 2022
0

སྤྱི་པའི་དོན་དག་ཛ་དྲག་ཆེན་པོ་ཞིག་ལ་སླེབས་ཡོད་པ་ཡིན་དུས་ཚང་མས་ནུས་པ་བཏོན་པ་དང་། ཚང་མས་སེམས་ཤུགས་མ་ཉམས་པ་ཞིག་བྱེད་དགོས་ཀྱི་འདུག སེམས་ཤུགས་མ་ཉམས་པར་འབད་བརྩོན་བྱས་ན་དེ་རྩིས་ཀྱིས་རིམ་པས་རིམ་པས་གྲུབ་འབྲས་ཐོན་ཐུབ་ཀྱི་རེད།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།