སྤྱི་པའི་དོན་དག་ཛ་དྲག་ཆེན་པོ་ཞིག་ལ་སླེབས་ཡོད་པ་ཡིན་དུས་ཚང་མས་ནུས་པ་བཏོན་པ་དང་། ཚང་མས་སེམས་ཤུགས་མ་ཉམས་པ་ཞིག་བྱེད་དགོས་ཀྱི་འདུག སེམས་ཤུགས་མ་ཉམས་པར་འབད་བརྩོན་བྱས་ན་དེ་རྩིས་ཀྱིས་རིམ་པས་རིམ་པས་གྲུབ་འབྲས་ཐོན་ཐུབ་ཀྱི་རེད།” ཅེས་གསུངས་ཡོད། དེ་བཞིན་དུ་ཤེས་རབ་དར་རྒྱས་ཀྱི་བརྩམས་པའི་<<འཁྲུངས་རབས་དེར་ཐེར་ནོར་བུའི་ཕྲེང་བ་>>ལས། “མཛད་པ་གསུམ་པ་བོད་དོན་བདེན་མཐའ་གསལ་ཐབས་ནི། སྤྱི་ལོ་༢༠༡༤ ཟླ་བ་༣ ཚེས་༡༡ ཉིན་སྤྱི་འཐུས་ཚོགས་ཁང་གསར་པའི་སྒོ་འབྱེད་སྐབས་མགོན་པོ་མཆོག་ནས། “བོད་མི་ཞིག་ཡིན་པའི་ངོས་ནས། བོད་རང་གི་ཆོས་དང་རིག་གཞུང་དང་། བོད་པའི་མི་རིགས་དང་། བོད་པའི་མི་རིགས་དང་ངོ་བོའམ་རྣམ་པ་མི་བརླག་པར་བྱེད་པ་སོགས་ཤུགས་རྒྱག་གིན་ཡོད། དོན་གྱིས་ངོས་ནས། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་གྱི་ཡོད་པ་རེད།” ཅེས་ལོ་དུས་བཅས་གསལ་པོར་གསུངས་ཡོད། དེ་བཞིན་དུ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་བརྩམས་པའི་<<༧རྒྱལ་བའི་མཛད་པ་ལས་འཕྲོས་པ་>>ལས། “བོད་ཀྱི་ཁོར་ཡུག་དང་། བོད་མིའི་བྱམས་བརྩེའི་གོམས་གཤིས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་སྲུང་སྐྱོབ། བོད་མའི་མགྲིན་ཚབ་པའི་ངོ་བོའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བཅས་འབྱུང་འགྱུར་གྱི་རེ་བའི་འོད་སྣང་གསར་བསྐྲུན་མཛད།” ཅེས་གསུངས་ཡོད། མདོར་ན། བོད་མི་ཞིག་ཡིན་པའི་ངོས་ནས། བོད་རང་གི་ཆོས་དང་རིག་གཞུང་དང་། བོད་པའི་མི་རིགས་དང་། མི་རིགས་དེའི་ངོ་བོའམ་རྣམ་པ་མི་བརླག་པར་གནང་རྒྱུ། དེ་བཞིན་དུ་བོད་ཀྱི་ཁོར་ཡུག་དང་། བོད་མིའི་བྱམས་བརྩེའི་གོམས་གཤིས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་སྲུང་སྐྱོབ་གནང་རྒྱུ།
མང་གཙོའི་རྨང་གཞི་བཏིང་བའི་དུས་རིམ།
ངས་འདི་ནས་༧གོང་ས་མཆོག་སྤྱན་རས་གཟིགས་དང་། ཡང་ན་བྱང་ཆུབ་སེམས་པ་ཡིན་ཚུལ་གང་ཡང་གླེང་རྒྱུ་མིན་ལ་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ནང་དུ་དེ་ལྟ་བུའི་བརྗོད་ཚུལ་དེ་སྐྱོན་ཆ་ཅན་ཞིག་ཡིན་པར་ངོས་འཛིན་ཡོད། འདི་ནས་གླེང་བར་བྱ་བ་ནི་