Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

༈ འཇམ་དབྱངས་ལ་བསྟོད་ཚིག་མུ་ཏིག་འཕྲེང་རྒྱན།

གངས་རིན་ཆེན་གྱིས།

October 14, 2021
in སྙན་ངག
0

དམར་སེར་ལི་ཁྲི་མདངས་ཀྱིས་འཁྱུད་པའི་དབུས།།

          བཅུ་དྲུག་ན་ཚོད་སྒེག་ཆོས་དཔལ་དུ་འབར།།

          བལྟ་བས་མི་ངོམ་སེར་མདོག་འོད་ཀྱིས་མཛེས།།

          འཇམ་དཔལ་གཞོན་ནུ་སྐུ༵་ཡི་མཛད་མཐའ་བྲལ།།

        སྐལ་ལྡན་ས་འཛིན་སྟོང་གི་ཞིང་ས་རུ།།

        ཇི་ལྟར་མོས་པའི་ཟབ་རྒྱས་ཆོས་ཀྱི་ཆར།།

        འགག་མེད་གསུང༵་དབྱངས་སྙན་ལ་རབ་འཇོལ་བས།།

       དྲུག་ཅུ་དབྱངས་ཀྱི་སྙན་པ་ས་གསུམ་ཁྱབ།།

ཇི་བཞིན་འཇལ་བ་ཐོགས་པ་མི་མངའ་ཞིང་།།

ཐུག༵ས་རྗེ་སྐྱོན་གྱིས་མ་སྒྲིབ་ལྷ་ལམ་ངོས།།

འགྲོ་ཀུན་ཕན་བདེའི་ཆུ་འཛིན་དལ་གྱིས་ལྡིང་།།

མ་ལུས་མཁྱེན་པའི་བློ་གྲོས་གཏེར་གྱི་མཛོད།།

མི་མཐུན་རྩུབ་རེག་ཀུན་དང་བྲལ་བའི་འཇ༵མ།།

ས་གསུམ་ཡོན་ཏན་ཐུགས་རྒྱུད་ལྕི་བའི་དཔ༵ལ།།

འགག་མེད་དྲུག་ཅུའི་གསུང་བཟང་ལྡན་པའི་དབྱང༵ས།།

ཤེས་རབ་གཏེར་ཁྱེད་སྙིང་གི་ཐིག་ལེ་འདུད།།

འདོད་ཡོན་རྒོད་པ་བདུད་ཀྱི་སྦག་མོ་གཡོ།།

སྙིགས་དུས་འགྲོ་རྣམས་མ་རིག་ལས་ཀྱིས་དེད།།

བསླབ་གསུམ་དྲན་ཤེས་ཙམ་ཡང་རྙེད་དཀའ་བས།།

འཇམ་དཔལ་ངག་གི་དབང་པོས་ཤེས་རབ་སྩོལ།།

སྲིད་པའི་ཡུལ་འདིར་རིང་ནས་གོམས་ཤིང་འདྲིས།།

དུག་གསུམ་རྟག་ཏུ་ཁོག་ལ་ཆེས་འབར་བས།།

ཐུབ་བསྟན་མེ་རོ་བཞིན་ལ་དུས་ཀྱི་མཐར།།

ཤེས་རབ་སྣང་བས་དངོས་གྲུབ་མྱུར་བསྩལ་ཤོགས།།

ལེགས་ཉེས་རྣམ་འབྱེད་ཤེས་རབ་མ་ལྡན་ན།།

ངེས་འབྱུང་བྱང་སེམས་ཡིད་ལ་གོམས་གྱུར་ཀྱང་།།

འཁོར་བའི་སྲིད་མཐའ་གཅོད་པ་མི་ནུས་པས།།

ཤེས་རབ་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ།།

མཁས་པའི་གོ་ས་འཛིན་པའི་ལོག་སྨྲ་དང་།།

གཡོ་སྒྱུ་ཁོག་ཏུ་སྦས་པའི་བྱང་སེམས་ཚུལ།།

ནང་བསྟན་དངུལ་ལོག་བརྗེས་པའི་ཤན་པ་ལ།།

ཤེས་རབ་རལ་གྲི་འཕེན་པའི་དུས་ལ་བབས།།

མགོན་ཁྱེད་གསང་གསུམ་བརྗིད་པའི་མཚན་བཟང་ལ།།

ཇི་བཞིན་བློ་ཡིས་བརྗོད་པ་མི་ནུས་ཀྱང་།།

འདི་འབད་རྣམ་དཀར་ཚོགས་ཀྱི་བྱིན་མཐུ་ལས།།

མི་བྲལ་ཚེ་རབས་ཀུན་ཏུ་རྗེས་བཟུང་ཤོག།

Share197Tweet123

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།