Wednesday, December 10, 2025
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཤ་ཁྲག་ལས་གྲུབ་པའི་བསྟན་སྲུང་།།

རྩོམ་པ་པོ། དར་ལྕེ་ཟད་པོ།

October 16, 2021
in སྙན་ངག
0

འབྲོང་གཡག་དར་མའི་དཔྲལ་བ་འདྲ་ཞིང་རབ་ཏུ་ཡངས་པས་ཀླད་རྒྱ་ཆེ།། 

སྐྲ་ལོ་རོག་པོ་གྱེན་དུ་ཤད་པས་གཏུགས་ན་ཕྱིར་ནུད་མེད་པར་མཚོན།། 

ཤངས་ཀྱི་དཀྱུས་ནི་ཅུང་ཟད་ལེབ་ཅིང་གདང་ལྷ་རི་བོའི་རྒྱུད་དང་འདྲ།། 

གཡག་ཀོ་རློན་པ་གྲི་ཡིས་བཅད་ལྟར་མཆུ་ཏོས་ཅི་ཡང་བཤད་པར་ཕོད།། 

 

ཁྱོད་དང་ང་གཉིས་རིཊ་རྒྱུད་གཅིག་ལས་ཤ་ཁྲག་འདྲེས་པའི་གཉེན་ཉེ་མིན།། 

ཁབ་སྐུད་ཙམ་གྱིས་འབྲེལ་བ་མེད་ཀྱང་དར་ན་དགའ་ཞིང་རྒུད་ན་སྡུག།། 

ཁྱོད་ཀྱི་གཏམ་བཤད་ཞིབ་ཏུ་ཉན་པས་གནས་ལུཊ་རྡར་བའི་བློ་ཁོག་མཐོང་།། 

སྐབས་རེར་བྱིས་པའི་རོལ་རྩེད་དགའ་བས་གྲོགས་ཀྱི་དྭངས་མ་སྒྲིག་སྙིང་འདོད།།

 

ནང་བསྟན་གཙབ་ཧྲལ་དགུ་ལ་གཏོར་ཡང་ཐུབ་ཕུན་ཟླ་ཕོགས་དམའ་རྒྱུ་མེད།། 

བོད་པ་ལྐུགས་པ་ལུག་ལྟར་གྱུར་ཡང་ཐུབ་ཕུན་མཁས་པར་གྱུར་ཚར་ཡོད།། 

བོད་སྐད་འཇིག་རྟེན་འདི་ནས་ཤི་ཡང་ཐུབ་ཕུན་རྒྱ་སྐད་ཁྲག་ཁྲག་རེད།། 

སྤྲུལ་སྐུས་མནའ་མ་སྟོང་ཕྲག་བླངས་ཀྱང་ཐུབ་ཕུན་རྒན་མོ་ཤོར་དོགས་མེད།། 

 

ཤ་ཚའི་ཁ་ལ་གཏམ་སྙན་མེད་པའི་དཔེ་འདིའི་དོན་དག་མ་རྟོགས་པ།། 

པཎ་ཆེན་བླ་མ་ཤ་ཚ་ཆེ་བས་ཚོང་དཔོན་རྒྱགས་པའི་གྲལ་དུ་ལྷུངས།། 

དགེ་ཆོས་མཁས་པ་སྤྱི་ཇུས་བསམ་ཏེ་གཏམ་སྙན་མེད་པས་སྨྱོན་པར་བརྩིས།།

ས་པཎ་ལུང་ཤར་ལྷག་བསམ་ཅན་ཚོགས་ཐམས་ཅད་ཐུབ་ཕུན་ཤ་ཉེ་ཡིན།། 

 

རལ་གྲི་ལ་སོགས་མཚོན་ཆ་སྣ་ཚོགས་བསྟན་དགྲ་འཇོམས་བྱེད་ལག་ན་མེད།། 

ཞེ་སྡང་དྲག་པོས་བསྟན་པ་སྲུང་བའི་ཁྲོས་པའི་ཁ་གདང་མིག་མ་བགྲད།། 

འཕྱར་བ་ཙམ་གྱིས་ཐལ་རྡུལ་རློག་པའི་འུད་གཏམ་སྙན་མོ་མེད་ན་ཡང་།།  

མི་མངོན་དབྱིངས་ལ་བཞུགས་པ་མ་ཡིན་ཤ་ཁྲག་གྲུབ་པའི་བསྟན་སྲུང་ཞིག།།

 

མ་ཐུབ་དགྲ་ལ་ཐུག་པའི་ཚེ་ལ་འགའ་རེའི་མཐུ་རྩལ་དུས་མ་བབས།། 

ཕྱི་དགྲ་ནང་དགྲ་ནམ་ཞིག་བྱུང་རུང་ཁྱོད་ནི་དུས་ལ་བབ་བབ་རེད།། 

ལག་ན་རལ་གྲི་སྙིང་ཁྲག་མི་དགོས་ཁ་པར་ཞིག་དང་སྨྱུ་གུས་འཐུས།། 

མཐོ་དང་དམན་གྱི་ས་མཚམས་མི་གདའ་སུ་ཡིས་ནོར་ན་དེ་ལ་རྒོལ།། 

 

ཞྭ་མོ་མདོག་ལ་ཞེན་ཆགས་མི་གདའ་རྒྱལ་བསྟན་སྤྱི་ལ་འགན་འཁུར་འདུག།། 

ངོ་སོ་སྤྲེལ་བུའི་ཟློས་གར་མི་ཤེས་ཁམས་རྒོད་དྭངས་མའི་རང་གཤིས་མངོན།། 

ཆོལ་གསུམ་ཕྱོགས་ཞེན་དུག་ཆུ་མ་མིད་མི་རིགས་སྤྱི་ལ་ལྷག་བསམ་དཀར།། 

བདེན་པའི་དོན་ཞིག་བྱིས་པས་སྨྲས་ན་སྤམ་མདོག་མི་བཟུང་བདེན་ཁ་བྱིན།།

 

འདི་ལ་སུ་ཡིས་སྨད་པ་བྱས་ན་དེ་ནི་དྲང་བདེན་གནས་ལུགས་འགལ།། 

འདི་ལ་གང་གིས་བསྐུར་བ་བཏབ་ན་སངས་རྒྱས་མི་མཉེས་ཐག་གིས་ཆོད།། 

འདི་ལ་སུ་ཡིས་ལོག་པར་བསྒྲུབས་ན་ཡང་ན་ཤེས་ཚད་མེད་པའི་རྟགས།།

འདི་ཡིས་བཤད་པ་ཉམས་སུ་ལོན་ན་བོད་པར་ཅུང་ཟད་རེ་བ་འདུག།།

 

མཇལ་དུ་མེད་པའི་གཟུགས་མེད་མ་རེད་ང་ཚོས་ཕན་ཚུན་བགྲོས་ན་ཆོག། །

ཕར་ལ་བཅོལ་བ་ཁོ་ན་མ་ཡིན་ཚུར་ལ་སློབ་གསོ་སྤྲོད་བཞིན་འདུག། །

གཙང་ཁང་སྦུགས་ཀྱི་འབའ་ཞིག་མ་རེད་ལྕེ་ལེབ་སྒུལ་ནས་རྒྱུ་མཚན་བཤད།།  

འདུ་ཤེས་མེད་པའི་འཇེམ་སྐུ་མ་རེད་བླང་དོར་འབྱེད་ལ་མཁས་པ་རེད།།

 

བག་ཆགས་རྙིང་པའི་སྒེད་རས་ཕྱེས་དང་ཕྱི་ནས་བདེན་པའི་ཉི་མ་ཤར།།  

གཟུར་གནས་བློ་ཡིས་ཅུང་ཟད་དཔྱོད་དང་རྫུན་གྱི་གྲིབ་ནག་བསལ་བཞིན་འདུག། 

དགག་སྒྲུབ་རྣལ་མས་རྩོད་པ་གྱིས་དང་གུ་ཡངས་གནས་ལུཊ་བརྡར་ས་ཡོད།། 

ཁེངས་དྲེགས་ནག་པོས་འགྲན་ཁག་བྱས་ན་དོང་རིམ་དགུ་ལ་རྫོང་ས་རེད།། 

 

བླ་སྤྲུལ་མིང་ཆེན་ཆོས་དང་འགལ་ན་མིག་ཟུང་བཙུམས་ནས་མི་བཀུར་བ།། 

དབང་ཆེན་དཔོན་ལ་དྲང་པོ་མེད་ཀྱང་སྐྲག་ནས་རྒྱབ་ལ་མི་ལངས་ཤིང་།། 

ཕྱུག་པོ་གཡོ་སྒྱུས་རང་མཚང་འགེབ་པའི་ལྐོག་རྡོས་རྩིབ་མ་གཅོག་ས་མེད།། 

བཅུ་ཕྲག་རིག་པའི་གནས་ལ་མཁས་ཀྱང་གནས་ལུཊ་འགལ་ན་སུན་དུ་འབྱིན།། 

 

མཐོ་སྒང་ཡུལ་དུ་མུན་པས་ཁྱབ་ཚེ་འོད་ཞགས་དཀར་པོའི་ཐིག་ལེ་ཡིན།། 

གདོང་དམར་བོད་ཀྱི་ཕ་རུས་འཚོལ་བའི་དཔུང་གྲོགས་མེད་པའི་དཔའ་བོ་ཡིན།། 

མཁས་བླུན་སྟོང་གི་ཕྲག་དོག་མདའ་ལ་རྒོལ་ལན་བདེན་པའི་གོ་ཆ་བཙན།། 

གནས་ལུགས་གསལ་བའི་གད་རྒྱངས་རིང་མོ་ཧི་མ་ལ་ནས་བརྒལ་འོང་གྲག།།

 

སྤྱི་བྱུས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱག་གཅིག་མཆོངས་གཅིག་གིས་སུ་ལ་ཡང་རྒོལ་བ་ཕོད་པའི་རྒན་ཐུབ་བསྟན་ཕུན་ཚོགས་ནི་ཤ་ཁྲག་ལས་གྲུབ་པའི་བསྟན་སྲུང་ངོ་མ་ཞིག་དང་རང་དོན་ཡལ་བར་དོར་ནས་ཁ་ཡོད་ལག་ཡོད་ཀྱིས་བསྟན་དགྲ་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་མཐོང་བས་བསྟོད་པ་འདིས་ཁོང་མཉེས་པར་སྨོན།།

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

December 2025
M T W T F S S
1234567
891011121314
15161718192021
22232425262728
293031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།