Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

༄།། ན་ཟུག་ཡ་གཅིག

འཆམ་ར་དྲི་མེད་རྒྱལ་མཚན། (ས་མཐའི་གཡུ་རལ།)

April 2, 2022
in སྙན་ངག
0

བརྩེ་བས་ལམ་སྣ་དྲངས་པའི་རྒྱང་བཞུད་ཀྱི་མགྲོན་པོ།།

དུང་བའི་མིག་གིས་འཐམས་ཏེ་རྒྱབ་ཕྱོགས་ནས་སྐྱེལ་ཡོད།།

འདི་ནས་རིང་དུ་ཁྲིད་པའི་གོམ་ཁ་དེ་ཆུང་ཡང་།།

གྱེས་པའི་གདུང་བ་དམར་པོའི་ན་ཟུག་རེ་ཡིན་སོང་།།

ཉལ་བའི་རྨི་ལམ་ཡུལ་གྱི་གོ་སྐབས་ཀྱང་བཙལ་ནས།།

སེམས་ཀྱི་རྒྱང་བལྟས་བྱེད་འདུག་བདེ་སྐྱིད་ཀྱིས་འཚོ་ཤོག།

འདི་ནས་ལས་ཀྱི་ལུས་པོ་ཕར་ཕར་དུ་ཕྱིན་ཀྱང་།།

ཕར་ནས་སྙིང་མོའི་སེམས་པ་ཚུར་ཚུར་དུ་འཁོར་བའི།།

སྨོན་ལམ་ཁ་གང་ཁུར་བའི་རྒྱང་བཞུད་ཀྱི་རོགས་ལོ།།

རེ་བ་སེམས་ཁང་ཁྱེར་བའི་སྐྱེ་བ་འདིའི་རྒྱབ་རི།།

མཚམས་རེ་ཟླ་བ་དཀར་མོ་ནམ་མཁའ་ན་འཆར་དུས།།

དྲན་པའི་སེམས་གཏམ་རེ་རེ་ཕར་ཚུར་ལ་འབྲི་ཡོང་།།

འདི་ནས་ནུབ་ལ་བཞུད་པའི་ཁ་དཀར་གྱི་སྤྲིན་ལ།།

རྒྱུན་དུ་སྨོན་ལམ་བཟང་པོའི་ཁ་བཏགས་རེ་སྐུར་ཡོད།།

འཚོ་བའི་དར་ལྕེ་རིང་མོ་སྒོ་ཁ་ནས་ལྡེབ་དུས།།

བཤད་པའི་སྙིང་གཏམ་ཚིག་གསུམ་བརྗེད་བཅུག་རང་མ་བཞག།

ད་རེས་སོ་སོར་གྱེས་པའི་ལས་སྐལ་ལས་མེད་ཀྱང་།།

སེམས་པ་རྒྱུས་ཡོད་འདི་ཡིས་ཉེ་ཉེ་རུ་འགྱུར་ཡོད།།

རང་རང་འཚོ་བ་གསར་པའི་མདུན་རྒྱབ་ཀྱི་བར་ནས།།

སེམས་པ་དབྱངས་ལ་བསྐུར་བའི་ཐབས་ཤེས་རེ་བྱེད་དུས།།

ཡུན་རིང་སེམས་ལ་གོམས་པའི་གསུང་སྐད་དེ་ཐོས་བྱུང་།།

དགའ་སྐྱོའི་ཀེམ་པས་བཙིར་བའི་སེམས་ཆུང་གི་ན་ཟུག།

རང་བྱུང་སྙན་ངག་དམར་པོའི་ནང་རོལ་ན་བཏབ་ཡོད།།

༢༠༡༨་༡༠་༣༠ ཉིན་ལས་ཀའི་བར་གསེང་ནས།

Share197Tweet123

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།