Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཤེལ་སྒོའི་ནང་གི་མོག་མོག།

དར་ལྕེ་ཟད་པོ།།

October 14, 2021
in སྙན་ངག
0

ཤེས་རིག་ནོར་གྱིས་གྱེན་དུ་བཏེགས་པའི་ཅང་ཤེས་རྟ་ཡི་ཆོལ་ཁ་རུ།། 

  བྲག་སྲིན་ཨ་མའི་རིཊ་རུས་དྲི་མེད་མངལ་གྱི་ཉྭ་ལྕིབས་ཁོག་པ་ནས།

  ལས་སྨོན་བཟང་པོ་དྲོད་ཀྱིས་སྨིན་པའི་འོད་ཆཊ་མུ་ཏིག་དཀར་པོ་ཞིག། 

 མདོ་སྨད་ས་ཡི་ཡུལ་དུ་ལྷུང་བས་འཇིག་རྟེན་མིག་གི་བདུད་རྩིར་གྱུར།། 

  

དང་པོ་ཁྱེད་ཀྱི་རིགས་རུས་འཆུགས་མེད་རྒྱུས་ཡོད་ཀུན་ལ་ཞིབ་ཏུ་དྲིས།།

   བར་དུ་སྒྱུ་རྕལ་སློབ་མཐར་ཕྱིན་པའི་རིམ་པ་དེ་དག་རྒྱུས་སུ་བླངས།། 

   ཐ་མར་ཁྲ་ཆུང་མིག་གིས་བལྟས་ཏེ་སྐྱེས་ལོ་བཟང་ངན་སྲང་ལ་བཅལ།། 

   ད་གཟོད་ཕྱི་ནང་ཀུན་མཛེས་མཐོང་བས་བརྩེ་བའི་མེ་ཏོག་སྙིང་གར་གས།། 

 

   ཆུང་དུས་དེ་ཙམ་འཆོར་པོ་མེད་ཅིང་སྒེག་ཉམས་སྟོན་འདོད་མེད་སྐད་གོ། 

   ན་ཚོད་རིམ་གྱིས་སྨིན་རིམ་བཞིན་དུ་སྙིང་ལ་ཇེ་སྡུག་ཇེ་སྡུག་གྱུར།། 

   བོད་པས་གར་ཁྱབ་འཛམ་གླིང་ས་ན་ཁྱོད་ཀྱི་མིང་ཡང་དེ་བཞིན་ཏེ།།

   རྣ་བར་མཚན་སྙན་ལྡུད་མཁན་མང་བས་སྙིང་ཤར་ཟུག་པའི་ཚེར་མ་ཞིག། 

 

   རྒྱལ་ཡོངས་གླུ་གར་འགྲན་དུ་ཚོཊ་པའི་གར་སྟེཊ་ཤིག་ལ་རྒྱུ་བའི་དུས།།

   ལྟ་མཁན་འབུམ་གྱི་དགའ་བའི་མེ་ཏོག་བུ་མོ་ཁྱོད་ལ་གཏོར་བ་མཐོང་།། 

   རྒྱ་སྐད་ཧ་ཅང་བྱང་ཆ་ཆེ་བས་ཕ་སྐད་རྨོངས་པ་མིན་ནམ་བསམས།། 

   རྗེས་སོར་ཕ་སྐད་གཙང་མ་སྨྲ་དུས་སོམ་ཉི་ཡི་རངས་ཤིག་ཏུ་གྱུར།། 

 

  ལ་ལ་སྐད་ངག་དྲི་ཟ་འདྲ་ཡང་ལུས་ཀྱི་རེག་བྱེད་ཉམས་འགྱུར་བྲལ།། 

  ལ་ལ་མཛེས་པའི་གཟི་འོད་འཕྲོཊ་ཀྱང་ངག་རིག་མེད་པས་ཉན་འདོད་བྲལ།  

  འགའ་རེ་རྒྱ་གླུ་ལེན་ལ་གྲགས་ཀྱང་ཕ་སྐད་མ་ཤེས་རིན་ཐང་དབེན།།

  ཁྱོད་ནི་ཕྱི་ནང་གང་ལ་བལྟས་ཀྱང་ཅི་དགོས་འཛོམས་པའི་མཛངས་མ་ཞིག། 

 

 ཕྲ་ཞིང་ལྡེམ་པའི་སྐེད་སྐབས་བཀྲོལ་བས་གཟུགས་ཀྱི་ལྷ་མོ་ལྷ་ཡུལ་སྤྱུང་།།

 གྲེ་བའི་དབྱངས་རྟ་འགྱུར་ཁུག་རེ་ཡིས་སྒྲ་ཡི་ལྷ་མོར་ཕྲག་དོག་བསྐྱེད།། 

རང་བཞིན་གཤིས་ལ་འཛོམས་པའི་བཞིན་བཟང་རྒྱ་ཁྲོམ་དཀྱིལ་དུ་སྟོན་པ་ན།།

རང་མདོག་བྱུག་རྩིས་དཀར་པོར་སྒྱུར་བའི་མཆུ་དམར་ཚོཊ་ལ་མྱ་ངན་སྟེར།།

 

ཕྱི་གླིང་ཡུལ་སོགས་གླུ་རེ་བླངས་ན་དགའ་བའི་ཀི་ཤར་ལྷང་ལྷང་ཁྲོད།།

ལྟ་མཁན་འགའ་རེ་མཚར་རྒུས་བསྐྱེད་ནས་ཁྱོད་ཀྱི་མིང་ནི་ཡང་ཡང་ཟློ།།

ངོ་སོ་ཁྱེར་བའི་བོད་རིཊ་དག་མས་དར་དཀར་མཛོད་ཀྱིས་གཏུམས་པའི་དུས།།

བརྗོད་དུ་མེད་པའི་སེམས་ཚོར་བདེ་བའི་རྦ་རླབས་ཇི་ལྟར་འཕྱུར་ལཊ་སམ།།

 

ལ་ལ་དགའ་བ་འབུམ་གྱིས་མྱོས་ཏེ་ཁྱོད་ཀྱི་བཞིན་ལ་ཧད་ཀྱིས་གཡེངས།།

ལ་ལ་ངོ་མཚར་འབུམ་གྱིས་བསྐྱེད་པས་མགོ་བོ་ཕྲེད་དུ་གཡུག་གཡུག་བྱེད།། 

ལ་ལ་གཟུགས་པོ་ཐུང་བས་མི་མཐོང་ཁྲོམ་གྱི་དཀྱིལ་ནས་གནམ་ལ་འཕགས།།

ལ་ལ་ཁྱོད་ལ་གཡེང་བའི་སྐབས་ནས་སྒོར་མོ་བརྐུས་པ་མ་ཚོར་གྲགས།།

 

མ་བཅོས་ཁྱོད་ཀྱི་འཛུམ་ལ་བལྟས་ན་སེམས་ན་བྱམས་བརྩེ་འཁྱིལ་བ་དཔོཊ། ལང་ཚོས་དྲེགས་པའི་ཟུར་མིག་རེ་ཡིས་ལྟ་མཁན་རེ་ལ་འཛུམ་རེ་བསྐྱིལ།། 

སྐྲ་དཀར་རྒན་པོས་མིག་ལྤཊ་འབུར་བཞིན་ཁྱོད་ཀྱི་ལང་ཚོར་ལྟ་བྱེད་ན།།

ཤ་རྒྱས་ཁྲག་གསར་བདག་ཚོ་འདྲ་ལ་ཁྱོད་ཀྱི་སྣང་བརྙན་ལོས་ཀྱང་འཆར།། 

ས་ཡ་དྲུག་པོས་ཁྱོད་མིང་འབོད་པས་ལྕེ་ལེབ་དམར་པོ་སྲབ་ཏུ་གྱུར།།

 

བྲང་ཁོག་སྙིང་ལ་སྒོམ་གྲངས་མང་བས་མདུན་ན་ཡོད་པའི་སྣང་བ་ཤར།།

གལ་ཏེ་སེམས་རྩ་དྲོན་མོ་མྱོང་བའི་ལས་སྐལ་སུ་ལ་ཡོད་གྱུར་ན།།

རུས་དཀར་ས་ལ་མ་འཐོར་བར་དུ་མཛའ་གཅུགས་རྡོ་རྗེ་ཞིག་མི་འགྱུར།། 

ཡིན་མདོག་སྒེག་ཉམས་སྟོན་མཁན་མང་བའི་དེང་གི་ས་མཐོ་ཕང་བ་ན།། 

 

ཁྱོད་ཀྱི་དྲུང་ན་གར་མཁན་བྲན་མོའི་མིང་བྱང་ཙམ་ཡང་ཐོབ་དཀའ་ཞིང་།། 

མི་འགྲུབ་སེམས་ཀྱི་རྨི་ལམ་དེ་དག་གལ་ཏེ་གཟུགས་སུ་གྲུབ་གྱུར་ན།། 

འབྲོང་ཁྱིམ་དུད་ཚང་ཟོག་ལྷས་རེ་ལ་གཡང་མཚོ་རེ་རེས་འབྲི་རེ་འཇོ།། 

གྲེ་འགྱུར་སྙན་མོ་རྣ་བར་ལྡུད་ཚེ་ཀུན་གྱི་གདོང་ལྤགས་ཚ་ཤེད་རྒྱུགས།།

 

བསོད་ཅན་སུ་ཡིས་ཁྱིམ་ལ་བསུ་ཡོང་རེ་བ་ཅན་ཚོ་རྔམས་ཤིང་འཇིགས།།

སོམ་ཉིའི་དྲ་བ་ད་དུང་མི་ཆོད་རེ་དོགས་ལྕགས་སྒྲོག་དམ་པོས་བསྡམས།། 

ནོམ་ཆེན་སུ་ཞིག་སྙིང་ལ་ཉར་ཡོད་ད་དུང་མི་ཤེས་དཀོན་མཆོག་མཁྱེན།།

དེ་རིང་མལ་ཁང་གྲུ་བཞིའི་ནང་དུ་དཔེ་ཀློག་མང་བས་ཉོབ་སྣང་ཤར།།

 

ཁང་རྩེར་ཕྱིན་པས་རྒྱང་ལྟ་བྱས་ཀྱང་རབ་རིག་གབ་པའི་དྲན་པ་ལྡིབ།།

ཚོར་འདུ་ཕྲ་མོས་དྲ་བའི་ལམ་ནས་ཁྱོད་ཀྱི་ངག་ལ་བསྐྱར་ཉན་བྱས།། 

ཉོབ་སྣང་སངས་པའི་རིན་པའི་དོད་དུ་སྙན་ཚིག་མེ་ཏོག་མགུལ་དུ་སྤུར།། 

དུང་ཚད་ཀུན་གྱི་མིག་གིས་ལོངས་སྤྱོད་ཙམ་ལས་ཐོབ་པའི་རེ་བ་བྲལ་ཞིང་། 

 

ཤེལ་སྒོའི་ནང་གི་མོག་མོག་མིག་གིས་ལོངས་སྤྱོད་པ་ཙམ་ལས་ཟས་སུ་ལོངས་སྤྱོད་རྒྱུ་མེད་པ་དང་མཚུངས་སོ།།

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།