Latest Post

བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་ལ་ཕྱིར་མིག

བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་ལ་ཕྱིར་མིག

བོད་རྒྱལ་ཁབ་ནི་ལོ་རྒྱུས་དང་སྐད་ཡིག  །ཆོས་དང་རིག་གཞུང་གང་གི་ཆ་ནས་དེའི་དུས་དང་དེའི་སྐབས་སུ་འཛམ་གླིང་གི་རྒྱལ་ཁབ་སྤྱི་མཚུངས་ལྟར་མཐུན་རྐྱེན་ཡོད་པ་མ་ཟད། རི་མཐོ་ས་གཙང་ཞེས་ཁོར་ཡུག་ཕུན་སུམ་ཚོགས་ལ་བཙན་པོ་རིམ་བྱོན་སྐབས་སྟོབས་ཆེན་རྒྱལ་ཁབ་ཀྱང་ཆགས་མྱོང་ཡོད་པ་ལོ་རྒྱུས་ཁག་ཏུ་གསལ་བ་བཞིན་རེད།

བོད་ཀྱི་ཁོར་ཡུག་གི་གལ་གནད་གླེང་བ།

བོད་ཀྱི་ཁོར་ཡུག་གི་གལ་གནད་གླེང་བ།

བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ངོ་སྤྲོད་བྱེད་པ་ལ་རྩ་བའི་ཁོར་ཡུག་གི་འགྲེལ་བཤད་ནས་འགོ་འཛུགས་དགོས་པ་སྨྲོས་ཅི་དགོས། ཁོར་ཡུག་ཅེས་པའི་མིང་ཚིག་འདིར། ཁོར་དང་ཡུག་ཅེས་སོ་སོར་འགྲེལ་ནས་གོ་བ་ལེན་ཚུལ་དང་། མཉམ་དུ་བསྡོམས་ནས་གོ་བ་ལེན་སྟངས་སོགས་ཅི་རིགས་མཆིས། སྔོན་དང་ད་ལྟའི་ཚིག་མཛོད་གསར་རྙིང་དག་ཏུ།

ཕྱི་རོལ་པའི་གྲུབ་མཐའི་སྐོར་ལ་མདོར་ཙམ་དཔྱད་གཏམ།

ཕྱི་རོལ་པའི་གྲུབ་མཐའི་སྐོར་ལ་མདོར་ཙམ་དཔྱད་གཏམ།

འཛམ་གླིང་འདིའི་ནང་ལྟ་གྲུབ་ཇི་སྙེད་ཅིག་ཡོད་རུང་ཚང་མ་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་མཁན་ཤ་སྟག་ཡིན་ལ།ལྟ་གྲུབ་སོ་སོའི་གཏན་ལ་ཕབ་ཟིན་པ་དེ་སོ་སོའི་གྲུབ་དོན་གྱི་ཐོག་ནས་གཞུང་ལུགས་འགྲེལ་བཤད་བྱེད་ཀྱི་ཡོད་པ་ནི་ཡོངས་གྲགས་ཡིན།དེ་བཞིན་དེང་སང་འཛམ་གླིང་འདིའི་ནང་ཤིན་ཏུ་

༄༅།།བཞུད་ཟིན་པའི་ཡབ་མེས་ཚོའི་ཚེ་སྲོག་སྣང་མེད་དུ་འཇོག་མི་རུང་།

༄༅།།བཞུད་ཟིན་པའི་ཡབ་མེས་ཚོའི་ཚེ་སྲོག་སྣང་མེད་དུ་འཇོག་མི་རུང་།

བོད་བཙན་པོའི་དུས་རབས་ནས་བཟུང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ནང་བར་ཆབ་སྲིད་དང་།   འཛིན་སྐྱོང་།   ཁྲིམས་ལུགས་དང་དམག་དོན་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་ནས་ཡོང་ཡོད་པ་ལས།   རྒྱལ་ཁབ་དང་ཡུལ་ལུང་གཞན་གྱི་བཙན་འོག་ཏུ་གཏན་ནས་བསྡད་མེད་ལ།

བོད་ཀྱི་ཆུ་ཆེན་རྣམས་ངོ་སྤྲོད་སྙིང་བསྡུས།

བོད་ཀྱི་ཆུ་ཆེན་རྣམས་ངོ་སྤྲོད་སྙིང་བསྡུས།

གཉིས་པ་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་བྲག་དམར་ནམ་མཁའ་ཁྱུང་རྫོང་དགོན་པའི་ཞབས་འོག་ཤིང་སྡོང་རྨ་བྱ་འདྲ་བ་ཡོད་པ་དེའི་ཁ་འབབ་སྟེ། སྔོན་བོད་རྗེ་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྐུ་དུས་སུ་དཀར་དུང་གི་མཁར་གོང་མ་དང་། འོག་མ། དེའི་འཁྲིས་སུ་མངའ་རིས་ཆོས་རྒྱལ་

Page 27 of 34 1 26 27 28 34

Recommended

གནས་ཚུལ་ཁྱབ་ཆེ་ཤོས།